ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་མི་ལེགས་པ་ལྔ་བཤད་པ།

[རྩོམ་པ་པོ:ཨ་འབུམ་  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2013/11/14 22:28:54  བཀླགས་ཐེངས:1280][ཡིག་གཟུགས:ཡིག་གཟུགས་མདོག]
 

དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་མི་ལེགས་པ་ལྔ་བཤད་པ།

          ཨ་འབུམ་བློ་བཟང་དམ་ཆོས་ཀྱིས་བསྒྱུར།

ད་རེས་འདིར་དགེ་རྒན་གྱི་སློབ་ཁྲིད་ལ་རམ་འདེགས་དང་རྣམ་པ་གསར་བའི་དགེ་རྒན་གྱི་དཔུང་སྡེར་སྨན་པར་བསམ་ནས་དགེ་རྒན་གྱི་སློབ་ཁྲིད་སློབ་གསོའི་སྐོར་གྱིའབེལ་གཏམ་འདི་བོད་རིགས་སྤུན་ཟླ་ལྷན་རྒྱས་ལ་འབུལ།  

     

         དང་པོ།   སློབ་ཁྲིད་བྱ་བར་ནན་ཏན་མིན་པ།

དགེ་རྒན་འདིའི་རིགས་ཀྱིས་སློབ་ཁང་སློབ་ཁྲིད་བྱེད་སྟངས་འདི་ལྟ་སྟེ།སློབ་ཁྲིད་ཇུས་འགོད་ཡག་པོ་མེད་པའམ་གཏན་ནས་མེད་པ་དང་།སྐབས་རེར་ད་དུང་སློབ་ཚན་གྱི་ནང་དོན་ཁྲིད་མི་ཐུབ་པ་དང་།  ཚིག་མཛོད་སོགས་ཀློག་པར་འགྲོ་བ་དང་།  སློབ་མར་འདྲི་དགོས་ཐུག་པ་ཡོད།ད་དུང་སློབ་ཁྲིད་ལ་གལ་ཆེན་དུ་མི་འཛིན་པར་རྗེས་ལུས་བྱེད་པ་དང་མ་གྲོལ་བར་ལོག་པ། སློབ་མའི་ཤེས་རྟོགས་ལ་ཁ་ཡ་མི་བྱེད་པ་དང་སློབ་མའི་དྲི་བར་ལན་ཡང་དག་པ་ཞིག་ཀྱང་མི་འདེབས་པ་སོགས་ཀྱི་བྱ་སྤྱོད་ཡོད།  དགེ་རྒན་འདིའི་རིགས་ཀྱི་འགའ་རེར་རིག་གནས་ཀྱི་ཡོན་ཚད་མཐོན་པོ་ཡོད་ཀྱང་སློབ་ཁྲིད་ལས་གཞན་པའི་ལས་བྲེལ་མང་ཞིང་སློབ་ཁྲིད་ལས་གཞན་པའི་དོན་ལ་གལ་ཆེན་དུ་བཟུང་བས་སློབ་ཁྲིད་ཀྱི་བྱ་བ་ནི་སྐབས་ཐོག་བྱ་བ་ལྟ་བུར་གྱུར་འདུག   སློབ་མ་ཞིག་ལ་མཚོན་ན་གང་ལྟར་སློབ་མ་ཡིན་ན་ཡང་གནས་ཚུལ་ལ་ཚོར་ཤེས་རྣོན་པོ་ཡོད་པ་དང་།  བརྟག་ཤེས་པ་རེད།  སློབ་མས་ཀྱང་དགེ་རྒན་གྱི་རྣམ་འགྱུར་ལ་བལྟས་ནས་སློབ་ཁྲིད་ལ་གལ་ཆེན་བྱེད་དང་མི་བྱེད་ཤེས་པ་དང་། དགེ་རྒན་གྱིས་སློབ་ཁྲིད་ལ་བཟུང་བའི་རྣམ་འགྱུར་ནན་ཏན་དང་དྲང་པོ་མིན་ཚེ་སློབ་མས་ཀྱང་དེ་བཞིན་སློབ་ཁྲིད་དང་སློབ་སྦྱོང་ལ་འགྲོ་ཐབས་བྱེད་པ་དང་།  འདི་ལྟ་བུའི་སློབ་སྦྱོང་ནི་དགེ་སློབ་གཉིས་ཀའི་དུས་ཚོད་ཆུད་ཟོས་སུ་བཏང་བ་ཁོ་ན་དང་།  མཉམ་དུ་སྦྱངས་འབྲས་སྡུག་པོ་ཐོན་པའི་རྐྱེན་དངོས་གནས་སཡ་གྱུར་ཡོད་པ་ཡིན།   གལ་ཏེ་སྤྱིར་བཏང་གི་སློབ་ཚན་སླ་མོ་ཞིག་ཡིན་ན་དེ་འདྲའི་ནན་ཏན་ངང་མ་ཁྲིད་ན་ཆོག་མོད། གལ་ཏེ་ཧ་ཅང་གལ་ཆེ་བའི་སློབ་ཚན་དང་ཤེས་བྱའི་སྐོར་ཅིག་ཡིན་ཚེ་སློབ་མ་དེ་དག་ལ་གནོད་ཆེན་པོ་བཟོས་པ་དང་།   གཅིག་བྱས་ན་རིམ་པ་གཅིག་གི་སློབ་མ་ཡོངས་ལ་གནོད་པ་ཐེབས་ངེས།    སྤྱིར་བཏང་སློབ་མ་མང་པོ་ཞིག་ལ་མཚོན་ན་དབང་མེད་དུ་བསླབ་ཚན་དེ་དང་དགེ་རྒན་དེའི་སློབ་མར་གྱུར་བ་ཡིན་པས་དགེ་རྒན་ཞིག་གིས་སློབ་ཁྲིད་ཡག་པོ་ཅིག་བྱེད་དང་མི་བྱེད་ཀྱིས་སློབ་མ་ཅིག་གི་སློབ་སྦྱོང་དང་མི་ཚེ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་ཡོད།

          ང་ཚོས་ཤེས་གསལ་ལྟར་སློབ་མ་མང་པོ་ཞིག་ལ་རང་གི་ལས་ཞུགས་ཀྱི་ཁྲོད་དུ་སློབ་ཁྲིད་གང་རུང་གིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། མི་འགའ་རེ་ནི་རྫས་འགྱུར་སློབ་པར་དགའ་བ་དང་། དེ་ནི་ཕལ་ཆེར་སློབ་སྐབས་དང་སློབ་དུས་གང་རུང་ཞིག་ལ་རྫས་འགྱུར་གྱི་དགེ་རྒན་ཡག་པོ་ཞིག་ལ་འཕྲད་པ་དང་།  ཏག་ཏག་རྐྱེན་དེ་ལ་བརྟེན་ནས་སློབ་མ་འདིས་བསླབ་ཚན་འདིའི་ཁྲོད་ཕུན་སུམ་ཚོགས་པའི་འབྲས་བུ་བླངས་པ་རེད།  དེ་བཞིན་བོད་ཡིག་དང་རྒྱ་ཡིག་སློབ་པར་དགའ་བའི་སློབ་མ་དག་ཀྱང་དེ་བཞིན་རེད།  དེ་བས་སློབ་ཁྲིད་བྱེད་སྐབས་རྣམ་འགྱུར་ནན་ཏན་དང་དྲང་པོ་བྱེད་དགོས་པ་ལས།  ཉིན་རེར་འགྲོ་ཐབས་ཙམ་གྱིས་སློབ་ཁྲིད་བྱས་ན་རྒྱུ་འབྲས་ལ་རུང་བ་མ་ཡིན་ནོ།།

       གཉིས་པ།  ཆེས་སྤྱིར་བཏང་དུ་གྱུར་བ།

   

      དགེ་རྒན་འདིའི་རིགས་ཀྱིས་སློབ་ཁྲིད་བྱེད་སྟངས་འདི་ལྟ་སྟེ།  ཆེས་སྤྱིར་བཏང་དང་སློབ་ཁྲིད་རྩ་འཛུགས་མི་ཤེས་པ་དང་།  ཁྲིད་རྩལ་དང་ཁྲིད་ཐབས་ཕུན་སུམ་ཚོགས་པ་ཞིག་མེད་པས་སློབ་ཁྲིད་ལ་སྤྲོ་སྣང་དང་ཡར་སྐུལ་འདྲེན་མི་ཐུབ།

       བསླབ་ཚན་མང་པོ་དང་ལྷག་པར་ཆེད་ལས་ཀྱི་རྨང་གཞིའི་བསླབ་ཚན་དག་ནི་དམིགས་གསལ་གྱི་བརྡ་ཆད་དང་ཁྲིད་ཐབས་ཡོད་པ་དང་ལན་རེར་ཧ་ཅང་གོ་བ་ལོན་དཀའ་བ་ཡང་ཡོད་པས་འདི་ལྟ་བུའི་སློབ་ཁྲིད་ནི་ཧ་ཅང་དཀའ་ལས་ཆེ་བའི་སློབ་ཁྲིད་ཅིག་ཡིན།  གལ་ཏེ་འདོན་པ་འདོན་པ་ལྟ་བུ་དང་སློབ་ཁྲིད་ཀྱི་འགོ་མཇུག་བར་གསུམ་དུ་རྣམ་འགྱུར་དང་བརྩེ་དུང་གཅིག་རྐྱང་དང་།  སྐད་གདངས་མཐོ་དམའ་གཅིག  འདུག་སྟངས་གཅིག་སོགས་ཀྱི་བྱེད་སྟངས་ལས་སློབ་མར་བསམ་བཞིན་གཉིད་སློང་བ་ལྟར་སློབ་མའི་སློབ་ཁྲིད་ཀྱི་སྤྲོ་བ་ཉམས་ནས་གཉིད་ལ་ཤོར་འགྲོ།  འདི་ལྟ་བུའི་སློབ་ཁྲིད་ཅིག་ལ་འཁེལ་ཞིང་ལྷག་པར་ཕྱི་དྲོའི་སློབ་ཐུན་ལྟ་བུར་འཁེལ་ཚེ་སློབ་མས་སློབ་བཤོལ་དང་གཉིད་པ།  འབྲེལ་མེད་ཀྱི་ལས་ལ་གཡེང་བ་ཧ་ཅང་ཚབས་ཆེ།  དགེ་རྒན་ཞིག་བཤད་སྟེགས་ཐོག་བུད་ནས་སློབ་ཁྲིད་བྱེད་དུས་རང་གི་བྱ་སྤྱོད་དང་།  གཏམ་སྤྱོད།  སྤུས་ཚད་ཀྱིས་སློབ་མར་ཤུགས་རྐྱེན་ངེས་ཅན་ཐེབས་བཞིན་པ་དང་།  སྤྲོ་སྣང་ཆེ་ཞིང་ལྷག་བསམ་དཀར་བའི་དགེ་རྒན་ཞིག་གིས་སློབ་མ་ལ་ཡང་དེ་མཚུངས་ཀྱི་སྤྲོ་སྣང་འཁྱེར་ཡོང་བ་དང་།  མ་གཞིར་གཉིད་ལ་དགའ་བའི་སློབ་མ་ཞིག་ཡིན་ན་ཡང་རང་བཞིན་གྱིས་སློབ་ཁྲིད་ཀྱི་ཁྲོད་དུ་འདྲེན་ནུས་པ་རེད།

      གསུམ་པ།   སློབ་དེབ་བརྒྱུད་སྒྲོག་བྱེད་པ་ལྟ་བུ།

         དགེ་རྒན་འདིའི་རིགས་ཀྱིས་སློབ་ཁྲིད་བྱེད་སྟངས་འདི་ལྟ་སྟེ།      ནན་ཏན་སྒོས་སློབ་དེབ་ཀྱི་ངོས་ཇི་མ་ཇི་བཞིན་དུ་བཤད་པ་ལས་ཤེས་བྱ་གཞན་རྩ་བ་ནས་འདྲེན་མི་སྲིད་པ་མ་ཟད།  སློབ་ཁང་གི་སློབ་ཐབས་དང་ཁྲིད་ཐབས།  གོ་རིམ་སོགས་ལོ་ངོ་མང་པོར་འགྱུར་བ་ཅི་ཡང་མེད་པར་གནས་ཡོད།  སྤྱིར་བཏང་སློབ་དེབ་དང་སློབ་ཚན་གང་ཞིག་ཡིན་ན་ཡང་དེ་ལ་ཟུར་བལྟའི་དཔྱད་ཡིག་ཡོད་པ་དང་དེ་ལ་མ་དཔེ་བལྟ་དགོས་པ་ནི་རྩ་བའི་འགྲོ་སྟངས་ཅིག་ཡིན་ན་འང་།   དེ་ནི་བསླབ་དེབ་དང་སློབ་ཚན་དེའི་ཆེས་རྨང་གཞིའི་རེ་བ་དང་ཚད་འཛིན་ས་ཞིག་ཡིན་པ་ལས་སློབ་དེབ་ཀྱི་ཤེས་བྱ་དང་ནུས་པ་སོགས་ཀྱི་མཇུག་མཐའི་ཚད་གཞིར་ག་ལ་རུང་།  དེ་བས་དགེ་རྒན་གྱིས་རང་གིས་ཞིབ་འཇུག་དང་ལག་ལེན།  ཉམས་མྱོང་།  ལྟ་བ།  འབྲེལ་ཡོད་ཤེས་བྱ་སོགས་ཀྱི་ཐད་ནས་གྲ་སྒྲིག་ཅི་ཡང་མེད་པར་ཟུར་བལྟའི་དཔྱད་ཡིག་གཅིག་པུར་བློ་གཏད་ཀྱིས་སློབ་ཁྲིད་བྱེད་པ་དེ་ལ་སློབ་མས་ཀྱང་དགའ་བསུ་ཡག་པོ་མི་བྱེད་པ་རེད།  ལྷག་པར་དེ་ལྟ་བུའི་སློབ་ཁྲིད་ཀྱིས་སློབ་མའི་གསར་གཏོད་དང་རང་འགུལ་རང་བཞིན།  བསམ་གཞིགས་ཀྱི་སྒོ་མོ་གསར་བ་འབྱེད་པའི་རེ་བ་བྲལ་ལོ།།   དྲན་ཚོད་ལྟར་ན་མཐོ་འབྲིང་སྐབས་ཀྱི་དགེ་རྒན་ཞིག་གི་སློབ་ཁྲིད་ནི་ཟུར་བལྟའི་དཔྱད་ཡིག་ཀློག་འདོན་བྱེད་པ་ལྟ་བུ་ཡིན་པ་དང་།  ཐ་ན་སློབ་ཁྲིད་ཀྱི་སྐབས་སུ་ནམ་རྒྱུན་སློབ་མར་དྲི་བ་འདོན་ན་ཡང་ངེས་པར་གོ་རིམ་དང་གཏན་འཁེལ་ནང་བཞིན་འདོན་པ་ལས་གང་བྱུང་དུ་དྲི་བ་འགོད་པ་འམ་ལན་འདེབས་མི་ཆོག་པ་དང་།   ལན་ལ་ཡང་གཏན་འཁེལ་བྱས་པའི་ལན་ལས་འདེབས་མི་ཆོག་པས་སློབ་མ་ཚང་མ་ཤིན་ཏུ་ཡ་མཚན་ཆེན་པོ་སྐྱེས།   དགེ་རྒན་གྱིས་སློབ་མས་བཏོན་པའི་དྲི་བ་ནི་བསམ་ཙམ་ཡང་མི་བྱེད་པ་དང་དབྱེ་ཞིབ་དེ་བས་ཀྱང་མེད་པར་ལན་འདེབས་པ་རེད།  ང་ཚོའི་ནང་པྲ་ཚགས་ཀྱི་སློབ་གྲོགས་ཞིག་ཡོད་པ་དེས་ལྐོག་ཏུ་དགེ་རྒན་གྱི་ཟིན་དེབ་ལ་བལྟས་པ་ན་དགེ་རྒན་གྱི་སློབ་ཁྲིད་འདིའི་མགོ་མཇུག་བར་གསུམ་གྱི་གོ་རིམ་ཐམས་ཅད་འཁྲབ་གཞུང་ནང་བཞིན་གཏན་འཁེལ་བྱས་ཚར་བ་དང་འཁྲབ་གཞུང་ནང་བཞིན་འཁྲབ་པ་ལས་སློབ་ཁྲིད་ལ་སྐབས་བསྟུན་ཁྱད་ཆོས་དང་།  བློ་འབྱེད་རང་བཞིན་གྱི་ཁྱད་ཆོས་ཅི་ཡང་མེད་པ་རེད།  སྤྱིར་ན་དགེ་རྒན་འདི་ཧ་ཅང་ནན་ཏན་གྱི་དགེ་རྒན་ཞིག་ཡིན་ན་ཡང་སློབ་ཚན་ཁྲིད་པ་ལ་གསར་གཏོད་རང་བཞིན་དང་དགའ་སྣང་།  སྤྲོོ་སྣང་ཅི་ཡང་འདྲེན་མི་ཐུབ་པས་སློབ་མས་དགའ་བསུ་མ་ཐོབ་པ་དང་།  མཐར་སློབ་མའི་བསམ་འཆར་དང་སློབ་བཤོལ་གྱི་གནས་ཚུལ་བསྟུད་མར་བྱུང་བས་དགེ་རྒན་འདི་ཡང་རང་བཞིན་གྱིས་ལས་གནས་ངལ་གསོ་བཏང་བ་རེད།

        སློབ་དེབ་ཞིག་ལ་མཚོན་ན་ཕུན་སུམ་ཚོགས་པའི་སློབ་དེབ་ཞིག་ཡིན་མི་སྲིད་པ་རེད།  སློབ་དེབ་ཀྱི་ནང་དོན་ཚང་མ་ནི་སློབ་དེབ་སྒྲིག་པ་པོའི་ལྟ་བ་དང་བསམ་བློར་བརྟེན་ནས་བསྒྲིག་པ་ཡིན་པས་བཟང་ཆ་ཡོད་ངེས་ལ་ཞན་ཆ་ཡང་མི་ཉུང་བ་ཞིག་ཡོད་པ་རེད།   གལ་ཏེ་དགེ་རྒན་གྱིས་སློབ་དེབ་ནང་བཞིན་ཇི་མ་ཇི་བཞིན་གྱིས་ལག་བསྟར་ནན་ཏན་བྱས་པ་ཡིན་ན་སློབ་དེབ་མང་པོ་ཞིག་ལ་མཚོན་ན་དགེ་རྒན་མི་དགོས་པར་སློབ་མས་ཀྱང་ཡི་གེ་ཀློག་ཤེས་པ་དང་།  རང་ཉིད་ལ་རྨང་གཞི་ཡང་ཅུང་ཙམ་ཡོད་པ་དང་།  དེང་སྐབས་བརྡ་འཕྲིན་ལག་རྩལ་དར་ཁྱབ་ཆེ་བས་བརྡ་འཕྲིན་མང་པོ་བརྒྱུད་དེ་རང་སྦྱོང་བྱས་ན་ཡང་འབྲས་བུ་མི་དམན་པ་ཐོབ་ཐུབ་པ་རེད།   མ་གཞིར་ང་ཚོ་ནི་དགེ་རྒན་ཞིག་ཡིན་པའི་རྐྱེན་གྱིས་སློབ་དེབ་ལ་དབྱེ་ཞིབ་དང་ནུས་པ་སྔོག་འདོན་བྱས་ཏེ་སློབ་དེབ་ཀྱི་མི་འདང་སའི་ཆ་ནས་ཁ་གསབ་དང་སློབ་མར་ཤེས་བྱ་གསར་བ་ཁྲིད་དགོས་པ་དང་།  སློབ་དེབ་ནང་མེད་པ་དང་སློབ་ཚན་དང་འབྲེལ་བ་ངེས་ཅན་ཡོད་པ།  དགེ་རྒན་རང་གི་ཞིབ་འཇུག་དང་ཉམས་མྱོང་སློབ་མར་བརྒྱུད་སྤྲོད་བྱེད་པ་དང་།  རང་སྦྱོང་སློབ་མས་ནམ་ཡང་རང་སྦྱོང་ཁྲོད་སྦྱོང་མི་ཐུབ་པའི་ཤེས་བྱ་དེའི་རིགས་སློབ་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བྱེད་དགོས།  འདི་ལྟར་བྱས་ན་ད་གཟོད་སློབ་མ་རྣམས་ཀྱིས་དགའ་བསུ་ཐོབ་པའི་བསླབ་ཚན་དང་།  སློབ་མ་རྣམས་ཀྱིས་ཆེས་དགའ་བསུ་ཐོབ་པའི་དགེ་རྒན་དུ་འགྱུར་ཐུབ་བོ།།

  བཞི་བ། རང་ཉིད་མཁས་རློམ་ཅན།

          དགེ་རྒན་འདིའི་རིགས་ཀྱིས་སློབ་ཁྲིད་བྱེད་སྟངས་འདི་ལྟ་སྟེ།   རྫོགས་མེད་ཀྱི་སྐད་ཆ་མང་པོ་ཞིག་བཤད་ནས།  རང་ཉིད་གཅིག་པུའི་བསམ་བློ་དང་སློབ་དེབ་ཀྱི་ནང་དོན་ལ་སེམས་རྣལ་དུ་གནས་པ་ལས།    སློབ་མ་གཉིད་ནས་བསྡད་ཡོད་རུང་ཚོར་གྱིན་མེད།   དགེ་རྒན་འདིའི་རིགས་ཀྱི་རིག་གནས་ཆུ་ཚད་མཐོ་བ་དང་།   ལས་གནས་ལ་དགའ་ཞེན་ཆེ་ནའང་།  ཉིན་་རྒྱུན་རང་ཉིད་ཀྱི་བསམ་བློའི་འཇིག་རྟེན་ནང་དུ་མགོ་འཁོར་ནས་འདུག་པ་མ་གཏོགས་སློབ་མའི་སྤྲོ་སེམས་དང་སློབ་ཁྲིད་བརྩོན་སེམས་འགུག་མི་ཐུབ།   ང་ཚོ་འདི་འདྲའི་དགེ་རྒན་མི་ཉུང་བ་ལ་ཕྲད་མྱོང་།  སྦྱངས་འབྲས་ལེགས་པ་དང་བརྩོན་སེམས་ཆེ་བའི་སློབ་མར་མཚོན་ན་སྐྱོན་མེད།   ཡིན་ནའང་སློབ་ཁང་ནང་གི་སློབ་མ་མང་ཆེ་བའི་སེམས་འགུག་ཐུབ་གྱི་མེད་པར་མ་ཟད།   སློབ་མས་དགེ་རྒན་འདིས་རང་ཉིད་ལ་སྣང་དོག་ཙམ་ཡང་མི་བྱེད་པས་རང་ཉིད་རྩིས་མེད་དུ་གཏོང་བའི་སྣང་བ་ཞིག་འཆར་སྲིད།   དགེ་རྒན་གྱིས་རང་གི་རིག་གནས་ཆུ་ཚད་མཐོན་པོ་ཞིག་ཡོད་པ་ངོམ་པ་དང་འདྲ་བས།སློབ་མས་སློབ་ཁྲིད་ཀྱི་ནང་དོན་ཧ་ཅང་དཀའ་ཆེས་པ་དང་ཡག་པོ་ཞིག་ཤེས་པའི་རྒྱང་ཐག་རིང་བར་འདོད།  འདི་ལྟར་བྱས་ན། སློབ་མའི་འབྲས་བུའང་ལེགས་པོ་ཞིག་འབྱུང་་མི་སྲིད།  ཡང་དགེ་རྒན་ལ་ལས་སློབ་མར་ལྟ་ཙམ་ཡང་མི་བྱེད་པར།   ནག་པང་དང་གནམ་ས་རྐྱང་བར་བལྟས་ནས།   ཁེར་ལབ་ཁེར་བཤད།  བློར་འཛིན་དང་ནམ་མཁའ་སྟོང་བར་གཏམ་བཤད་བྱེད་པ་དང་འདྲ།  འདིས་སློབ་མར་ཚོར་སྣང་ཡག་པོ་ཞིག་སྟེར་མི་ཐུབ་པ་མ་ཟད།  ལྷག་པར་དུ་ཞིབ་འཇུག་སློབ་མའི་རིམ་པར་ཐོན་ཚེ་དེ་བས་ཀྱང་ཉན་མི་སྤྲོ་བའི་སློབ་ཁྲིད་དུ་འགྱུར།   སྤྱིར་བཏང་སློབ་མ་ཚོ་སློབ་ཁྲིད་ལ་མང་པོ་ཉན་མྱོང་བས་ཁྲིད་སྟངས་མང་པོ་ལ་བྱང་ཆ་སོང་ཡོད་དང་།  ད་དུང་དགེ་རྒན་མང་པོར་ཕྲད་མྱོང་བ་དང་ཕུལ་བྱུང་དགེ་རྒན་གྱི་སློབ་ཁྲིད་ལ་ཡང་མང་པོར་ཉན་མྱོང་།   ཁོ་ཚོས་རང་ཤུགས་ཀྱིས་ཉན་བཞིན་པའི་སློབ་ཁྲིད་དང་ཉན་མྱོང་བའི་སློབ་ཁྲིད་ཟུང་འབྲེལ་དང་ཕན་ཚུན་བསྡུར་ནུས་བྱེད་པ་ལས།  བཟང་ངན་གྱི་དབྱེ་བ་ལས་སླ་མོར་འབྱེད་ཐུབ་པ་དང་།  ཡང་དག་པའི་ཁྲིད་ཐབས་དང་དྲི་བའི་ལན་འགྲིག་མིན་ཤེས་ཐུབ་པ་རེད།

       ལྔ་བ།    འགན་མི་འཁུར་བའི་བྱ་སྤྱོད། 

       དགེ་རྒན་འདིའི་རིགས་ཀྱིས་སློབ་ཁྲིད་བྱེད་སྟངས་འདི་ལྟ་སྟེ།  སློབ་ཁྲིད་ནང་དོན་ནི་ཁྲིད་བྱའི་སློབ་ཚན་དང་འབྲེལ་མེད་དོན་གཞན་ཡིན་པ་དང་།  དེ་ལས་ད་དུང་དགོད་གཏམ་དང་མཚར་གཏམ་སྣ་ཚོགས་ཀྱིས་སློབ་མའི་བློ་སྣ་བྲིད་པ་དང་ཁྲིད་བྱའི་སློབ་ཚན་གྱི་ནང་དོན་ལ་ནོར་འཁྲུལ་མང་པོ་ཤོར་དུ་འཇུག་པ་རེད།    ང་ཚོས་དགེ་རྒན་འགའ་རེའི་སློབ་ཁྲིད་ལ་ཉན་པ་ཡིན་ན་སློབ་ཁྲིད་ཁྲོད་རྩ་བའི་ནང་དོན་འབབ་ས་བོར་འགྲོ་མཁན་མང་པོ་འདུག  ད་དུང་བཤད་བཞིན་བཤད་བཞིན་མཚམས་གང་ནས་ཁྲིད་པ་ཡང་བོར་ནས་སློབ་མར་འདྲི་བ་རེད།   ད་དུང་དགེ་རྒན་འགའ་རེས་སློབ་ཁང་སློབ་ཁྲིད་ཁྲོད་སློབ་མས་དགའ་བསུ་དང་སྤྲོ་སྣང་འདྲེན་པ་གཅིག་པུར་བསམ་བློ་འཁོར་བ་ཐལ་ཆེས་ནས་དམངས་ཁྲོད་ཀྱི་ལས་སྟངས་དང་སྒྱུ་རྩལ་བ་འགའ་རེའི་ཉམས་འགྱུར།  ཐ་ན་འཆལ་གཏམ་སྣ་ཚོགས་ཀྱང་བཤད་ནས་དགེ་རྒན་གྱི་ཀུན་སྤྱོད་སློབ་གསོར་ཡང་འགལ་བའི་བྱ་སྤྱོད་འདུག    དགེ་རྒན་འགའ་རེ་ནི་རིག་གནས་ཆུ་ཚད་ཞན་པས་མ་ཡིན་པར་ཏག་ཏག་སློབ་མར་བརྡ་སྤྲོད་དུས་གསལ་པོ་ཞིག་བཤད་ཤེས་ཀྱི་མི་འདུག  བཤད་པ་ཐམས་ཅད་རིགས་པའི་འགྲོ་སྟངས་སམ་གོ་རིམ་འཆོལ་ནས་བཤད་པས་སློབ་མས་ལག་པ་བཀྱག་ནས་ཡོ་བསྲང་བྱེད་དགོས་པ་ཡོད་པས་འདི་ལྟ་བུའི་དགེ་རྒན་གྱི་སློབ་ཁྲིད་ལ་སློབ་མས་ནམ་ཡང་ཁས་ལེན་དང་དགའ་བསུ་མི་ཐོབ་བོ།།

      མཇུག་གཏམ

         སློབ་མ་ཞིག་ལ་མཚོན་ན་ཚང་མས་འཇིག་རྟེན་སྟེང་གི་ཆེས་བཟང་བའི་སློབ་ཁྲིད་ལ་ཉན་འདོད་པ་དང་།  ཚང་མས་རང་ཉིད་ལ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ནི་འཇིག་རྟེན་སྟེང་གི་ཆེས་ཕུལ་དུ་བྱུང་བའི་དགེ་རྒན་དེ་ཡིན་པར་འདོད་པ་རེད།  འོན་ཀྱང་དོན་དངོས་ཐོག་འདི་ནི་རྨི་ལམ་ལྟ་བུ་དང་ཕུགས་བསམ་ལྟ་བུ་ལས་མངོན་འགྱུར་བྱུང་མེད།   ང་ཚོས་མི་ཚེ་གཅིག་གི་རིང་སྣ་མང་ཕུན་སུམ་ཚོགས་པའི་བསླབ་ཚན་མང་པོའི་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་ནས་འཚར་ལོངས་བྱུང་བ་རེད།  དེས་ན་དགེ་རྒན་ཞིག་ལ་མཚོན་ན་རང་གི་ལས་གནས་ལ་དགའ་བ་དང་།  རྣམ་དཔྱོད་ལྡནདགོས་པ་མ་ཟད།  སློབ་ཚན་དང་སློབ་དེབ་ལ་བརྩོན་པས་ཞིབ་འཇུག་བྱེད་པ།   སློབ་མ་དང་འབྲེལ་འདྲིས་གཏིང་ཟབ་དུ་གཏོང་དགོས་པ་དང་།  སློབ་ཁྲིད་ནི་སློབ་མར་ཕུལ་དུ་ཕྱིན་པའི་འཆད་ཁྲིད་དང་རིག་པའི་སྒོ་འབྱེད།  རང་ལ་ཉམས་མྱོང་དང་སྦྱོང་བརྡར་གྱི་གོ་སྐབས་ཞིག་ཏུ་འཛིན་པ་དང་།   སློབ་མ་ཚོར་ཡང་དྲང་ཕྱོགས་ནས་བཟང་པོའི་བསླབ་བྱ་དང་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་བརྒྱུད་སྤྲོད་བྱེད་པའི་གསེར་ཟམ་དུ་འགྱུར་བར་བྱེད་པ་ལས་སློབ་མའི་གསེར་ལྟ་བུའི་སློབ་སྦྱོང་གི་དུས་ཚོད་ཆུད་ཟོས་སུ་གཏོང་མི་ཉན་ནོ།།

       འོན་ཀྱང་སློབ་མ་ཞིག་ལ་མཚོན་ནས་བཤད་ན་ལིང་ཧྲུའུ་མེ་ལགས་ཀྱི་༼ང་ཡི་རང་སྦྱོང་ལོ་རྒྱུས་༽ ཞེས་པའི་དཔེ་དེབ་ཀྱི་ལྟ་ཚུལ་ལྟར་ན།  ང་ཚོས་སློབ་ཁྲིད་ལ་ཉན་དགོས་པ་རེད།  ཡིན་ཡང་རང་སྦྱོང་ནི་ནམ་ཡིན་ཡང་སློབ་སྦྱོང་བྱེད་སྟངས་དངོས་མ་དེ་ཡིན།  དགེ་རྒན་གྱིས་སློབ་ཁྲིད་བྱས་པ་ཇི་ལྟར་བཟང་ན་ཡང་སློབ་མས་ཡོད་ཚད་དང་ལེན་དང་ཤེས་ཐུབ་པའི་ངེས་པ་མེད་པས་རང་སྦྱོང་ནི་སློབ་མས་མཐར་ཐུག་གི་འབད་བརྩོན་བསྟེན་དགོས་ས་དེ་ཡིན།  ང་ཚོ་སློབ་ཁྲིད་བྱེད་མཁས་པའི་དགེ་རྒན་ཞིག་ལ་འཕྲད་སྲིད་ཀྱང་། དེ་ནི་སྟབས་ལེགས་དང་སྟེས་དབང་རེད།  གལ་ཏེ་སློབ་ཁྲིད་བྱེད་ལ་མི་མཁས་པའི་དགེ་རྒན་ཞིག་གམ།  ཐ་ན་ཆེས་སྡུག་པའི་བསླབ་ཚན་ཞིག་ལ་ཐུག་ཚེ་ང་ཚོས་རང་སྦྱོང་བྱེད་པ་ལས་དགེ་རྒན་འདིའི་ཁྲིད་པ་མི་བཟང་བ་ལ་བརྟེན་ནས་རང་གི་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་དུ་འཇུག་མི་རུང་།   དགེ་རྒན་སྡུག་མོ་ཞིག་ལ་འཕྲད་ཚེ་ལྷག་པར་དུ་རང་གིས་རང་ལ་རང་སྦྱོང་ཡག་པོ་བྱེད་དགོས་པའི་གསལ་འདེབས་བྱེད་དགོས་ཤིང་།  དགེ་རྒན་བཟང་པོ་ཞིག་དང་ཐུག་མི་ཐུག་བལྟ་བ་ལས་རང་གི་ལས་དབང་རང་ཉིད་ཀྱིས་དམ་འཛིན་བྱེད་པ་ནི་ཡིད་བརྟན་འཕེར་བའི་རེ་བ་ཞིག་གོ།།

          བསྒྱུར་རྩོམ་འདི་ནི་ཉེ་ལམ་འཕྲིན་ཕྲན་ནང་དུ་ཧ་ཅང་རྒྱུགས་ཆེ་ཞིང་།  ལྷག་པར་རྒྱལ་ནང་དུ་ཧ་ཅང་གིས་མཐོང་ཆེན་བྱེད་པའི་རྩོམ་ཡིག་ཞིག་རེད།   རྩོམ་ཡིག་འདི་ནི་ཧྲན་ཞི་ཞིང་ཆེན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་སློབ་གསོ་ལྟེ་གནས་ཀྱིས་སྤེལ་བའི་དགེ་རྒན་བཟང་པོ་ཞེས་པའི་རྒྱ་ཡིག་གི་འཕྲིན་ཕྲན་དྲ་བ་ལས་འདིར་བོད་ཡིག་ཏུ་ཕབ་བསྒྱུར་ཞུས་པ་ཡིན་ལ།  ཕབ་བསྒྱུར་གྱི་གོ་རིམ་ཁྲོད་དུ་ཅི་ནུས་ཀྱིས་དོན་གྱི་གོ་བ་མ་ཉམས་པ་གཞིར་བཅས་བསྒྱུར་ཐབས་ལ་དོན་བསྒྱུར་གཙོ་བོར་བྱས་ཤིང་།  ལྷག་པར་གངས་ཅན་པའི་བརྡ་སྤྲོད་དང་རྩོམ་ཐབས་ལ་མ་འགལ་བར་བྱས་ཏེ་རང་གི་ནུས་ཚོད་ཙམ་དུ་བསྒྱུར་བ་དང་།   སྐབས་འགར་ཚིག་ཟིན་ལ་དངོས་སུ་མ་ཐོན་པ་དག་རང་ཉིད་ཀྱིས་རྩོམ་འབྲི་བྱས་ནས་བར་དུ་བཅུག    མདོར་ན་བོད་རིགས་དགེ་རྒན་གཞོན་ནུ་རྣམས་ལ་ཡང་ཅུང་ཟད་ཕན་ཐོགས་ན་སྙམ་པའི་ཀུན་སློང་གིས་ཨ་འབུམ་བློ་བཟང་དམ་ཆོས་སུ་འབོད་པས་བྱང་འབྲོག་རྫ་ཆུ་ཁར་སློབ་ཁྲིད་ཀྱི་བར་གསེང་དག་ཏུ་འབད་པ་ཆེན་པོས་རྩོམ་བསྒྱུར་ཞུས་པ་འདིས་གངས་ཅན་བོད་ཀྱི་སློབ་གསོ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག    

          20131113

·གསར་འགྱུར་གོང་མ:བོད་ལྗོངས་ལྷ་སའི་དགེ་འདུན་ཆོས་འཕེལ་དྲན་རྟེན་ཁང་གི་སྒོ་ཕྱེས་པ།
·གསར་འགྱུར་འོག་མ:མང་རྫོང་མི་རིགས་སློབ་འབྲིང་གིས་དྲིན་ལ་དྲིན་བཟོའི་སྙན་ངག་གྱེར་འདོན་
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·དྲང་བདེན་དང་གནས་ལུགས་སྐྱོང་བ་ནི་སློབ་གསོའི་སྲོག་རྩ་ཡིན། 2016/1/4 14:33:07
·འཛམ་གླིང་སློབ་ཆེན་ཨང་དང་པོའི་སློབ་མའི་སློབ་སྦྱོང་བྱེད་སྟངས། 2015/10/28 12:45:21
·མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ། 2015/5/17 21:03:50
·ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས། 2015/4/24 9:00:16
·བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག 2015/4/18 11:08:08
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 1:22:23 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:51:20 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:36:06 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 58 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།24.90MS