བོད་ལྗོངས་ལྷ་སའི་དགེ་འདུན་ཆོས་འཕེལ་དྲན་རྟེན་ཁང་གི་སྒོ་ཕྱེས་པ།

བོད་ལྗོངས་ལྷ་སའི་དགེ་འདུན་ཆོས་འཕེལ་དྲན་རྟེན་ཁང་གི་སྒོ་ཕྱེས་པ།
ཟླ 11པའི་ཚེས 11ཉིན། ལྷ་སའི་གྲོང་ཁུལ་རྙིང་བའི་གཞིས་ར 56 ཞིག་གསོ་བྱེད་པའི་ལས་གྲྭའི་ཁྲོད་ཀྱི་དགེ་འདུན་ཆོས་འཕེལ་དྲན་རྟེན་ཁང་དེ་དངོས་སུ་སྒོ་ཕྱེས་པ་རེད།
དགེ་འདུན་ཆོས་འཕེལ་དྲན་རྟེན་ཁང་དེར་འགྲེམ་ཁུལ 4 ཡོད་པ་སྟེ། དགེ་འདུན་ཆོས་འཕེལ་ལགས་ཀྱིས་ལོ་ངོ 24རིང་ཨ་མདོར་རིག་པའི་གནས་ལ་འཇུག་པའི་སྒོ་མོ་ཐོག་མར་འབྱེད་པའི་ལོ་རྒྱུས་དང་། ལོ་ངོ7 རིང་ལྷ་སར་ནང་བའི་བསྟན་པའི་ཉིང་བཅུད་ཉམས་སུ་བླངས་པའི་ལོ་རྒྱུས། ལོ་ངོ12 རིང་ཨེ་ཤ་ཡ་ལྷོ་མར་རིག་པའི་གནས་མང་བོར་སྦྱངས་པ་བྱས་པའི་ལོ་རྒྱུས། ཡང་བསྐྱར་ལྷ་སར་ལོག་ནས་འཚོ་བ་རོལ་བའི་ཆེས་མཐའ་མཇུག་གི་ལོ་ཟླ་བཅས་སུ་བགོས་ཡོད་པ་རེད།