ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
གསར་འགྱུར་ཀློག་པ།

བདེ་ཐང་ལ་སྨན་པའི་ལས་ཀ་དང་ངལ་གསོའི་དུས་ཚོད་རེའུ་མིག 

[རྩོམ་པ་པོ:ལས་ཀླུ་མོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས:དྗོ་ཐོག  དུས་ཚོད:2013/10/28 21:32:59  བཀླགས་ཐེངས:1396][ཡིག་གཟུགས:ཡིག་གཟུགས་མདོག]

འཛམ་གླིང་གི་བདེ་ཐང་རང་བཞིན་ལྡན་པའི་ལས་ཀ་དང་ངལ་གསོའི་

དུས་ཚོད་རེའུ་མིག

ཀན་ལྷོའི་ཉིན་རེ་ཚགས་པར་ལས་ཀླུ་མོ་སྐྱིད་ཀྱིས་བསྒྱུར།

བྱ་བ་གང་ཡིན་ཡང་དུས་མ་ཡིན་པར་བསྒྲུབ་ཚེ་ལུས་ཁམས་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད། གཤམ་གྱི་ལས་བྱེད་དུས་དང་ངལ་གསོའི་རེའུ་མིག་ལྟར་བྱ་བ་བསྒྲུབ་ཚེ་ལུས་ཁམས་བདེ་ཐང་ཕྱོགས་ལ་ཕན་པ་ཡོད།
7
30 མལ་ལས་ལངས་པ། དབྱིན་ཇིའི་ལྦེ་སི་མེ་སི་སློབ་ཆེན་གྱི་ཞིབ་འཇུག་པ་ཞིག་གིས་ཞོགས་པའི་ཆུ་ ཚོད་5དང་སྐར་22ནས་ཆུ་ཚོད་7དང་སྐར་མ་21བར་མལ་ལས་ལངས་མཁན་གྱི་མི་དག་གི་ཁྲག་རྒྱུན་དུ་སྙིང་ནད་སློང་བའི་རྫས་ཤིག་ཡོད་པ་དེའི་འདུས་ཚད་ཅུང་མཐོ་བ་ཡོད་པ་རྟོགས། དེ་བས་ཆུ་ཚོད་7དང་སྐར་མ་21གི་རྗེས་སུ་མལ་ལས་ལངས་ན་ལུས་པོ་བདེ་ཐང་ལ་ཕན་པ་ཆེན་པོ་ཡོད། སད་མ་ཐག་གློག་སྒྲོན་སྤར་བ། ལཱ་ཧྥོའོ་པོའོ་སློབ་ཆེན་གཉིད་ཉལ་ཞིབ་འཇུག་ལྟེ་བའི་དགེ་རྒན་ཆེན་མོ་ཅིས་མའོ་ཧའོ་ཨུན་གྱིས་གཉིད་ལས་སད་མ་ཐག་གློག་སྒྲོན་བཀར་ཚེ་གཉིད་སད་དཔེ་དབྱིབས་སྙོམས་སྒྲིག་བྱེད་པ་ལ་བརྟེན་ནས་ལུས་ཁམས་ཀྱི་གསར་བྱུང་དངོས་པོ་སྙོམས་སྒྲིག་བྱེད་ཐུབ་པ་ཡིན། ཆུ་ཕོར་གང་འཐུང་བ། ཆུ་ནི་ལུས་ཁམས་ཀྱི་རྫས་འགྱུར་ཚུར་སྣང་མང་པོ་བྱེད་པའི་དངོས་པོ་ཆེས་གལ་ཆེ་བ་དེ་ཡིན་སྟབས་ཞོགས་པར་ཆུ་དྲོད་འཇམ་དྭངས་མོ་ཕོར་གང་འཐུང་ཚེ་སྔ་ནུབ་ལུས་ཀྱི་ཆུ་ཁམས་ཟད་པ་གསོ་ཐུབ།
7
30--800 བར་ནང་ཇའི་སྔོན་དུ་སོ་འཁྲུད་བ། དབྱིན་ཇིའི་སོའི་བདེ་ཐང་བདེ་འཇགས་མཐུན་ཚོགས་ཀྱི་ཞིབ་འཇུག་པ་ཀི་ཏིནཨའོ་ཐི་ཅིན་སི་ཡིས་སོ་སྨན་དུ་ཧྥོ་འདུས་ཕྱིར་ནང་ཇའི་སྔོན་དུ་སོ་བཀྲུས་ཚེ་སོ་སྲུབས་ཀྱི་དངོས་པོ་གཙང་སེལ་བྱེད་པ་མ་ཟད། སོ་ཕྱིར་བདེ་སྲུང་རིམ་པ་ཞིག་ཐོབ་པ་ཡིན། གལ་ཏེ་ནངས་ཇའི་སྔོན་དུ་སོ་འཁྲུད་མ་ཐུབ་ཚེ་ཟས་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་ངེས་པར་དུ་སོ་འཁྲུད་དགོས་ཟེར།
8
00--830 བར་ནངས་ཇ་འཐུང་བ། ལོན་ཏོན་སློབ་ཆེན་རྒྱལ་བོའི་སློབ་གླིང་འཚོ་བཅུད་མཁན་ཁན་ལྦུན་ལྦེ་ཨར་ལོན་གྱིས་བཤད་རྒྱུར་ནངས་ཇ་འཐུང་ཚེ་ཁྲག་ནང་གི་མངར་ཆའི་ལྡང་ཚད་དོ་མཉམ་ཡོང་བ་སྲུང་འཛིན་བྱེད་ཐུབ་པས་ནངས་ཇ་ངེས་པར་དུ་འཐུང་དགོས་ཟེར།
8
30--900 བར་ལུས་པོ་སྦྱོང་བརྡར་བྱས་ན་འཚམ་པོ་མིན་པ། བོའུ་ཧྲི་ལོའུ་ནེ་ཨར་སློབ་ཆེན་གྱི་ཞིབ་འཇུག་པས་དུས་འདིར་ལུས་རྩལ་སྦྱངས་ན་ལུས་ཁམས་ཀྱི་སྔོན་འགོག་མ་ལག་གི་ནུས་པ་ཆེས་ཞན་དུས་ཡིན་པས་ནད་རིགས་འགོས་སླ་བ་ཡིན་པ་རྟོགས། རྐང་ཐང་དུ་སྐྱོད་པ། མཱ་སཱ་ཀྲུའུ་སེད་ཀྲུའུ་སློབ་ཆེན་གསོ་རིག་གླིང་གི་ཞིབ་འཇུག་པས་ཉིན་རྒྱུན་རྐང་ཐང་དུ་སྐྱོད་པའི་མི་དེ་གནས་གཅིག་ཏུ་འདུག་ཡུན་རིང་ཞིང་འགུལ་སྐྱོད་མི་བྱེད་པའི་མི་དང་བསྡུར་ན་ཆམ་པ་ཕོག་ཚད་བརྒྱ་ཆའི་25ཡིས་དམའ་བ་ཡིན་པ་ཤེས་རྟོགས་བྱུང་།
9
30 ནི་ཉིན་ཞིག་གི་བྱ་བའི་བརྒྱུད་རིམ་ཁྲོད་ཀྱི་ཆེས་དཀའ་བའི་དུས་ཡིན་པ། ཉོའུ་ཡའོ་གཉིད་ཉལ་ལྟེ་བའི་ཞིབ་འཇུག་པས་མི་མང་ཆེ་ཤས་ཤིག་གཉིད་ལས་སད་པ་ནས་ཆུ་ཚོད་གཉིས་རིང་རིག་པ་ཆེས་གསལ་བའི་དུས་ཡིན་དང་དེ་ལས་འདས་ཚེ་རིག་པ་མི་གསལ་བར་འགྱུར་ངེས།
10
30 སྟེང་མིག་ལ་ངལ་ཅུང་གསོ་རུ་འཇུག་པ། གལ་ཏེ་ཁྱེད་ཀྱིས་གློག་ཀླད་སྤྱོད་ཀྱིན་པ་ཡིན་ན་མིག་བརྙན་ཤེལ་དང་གྱེ་ནས་ཆུ་ཚོད་གཅིག་ནང་སྐར་མ3ཙམ་བེད་སྤྱད་དེ་ངལ་གསོ་དགོས།
11
00 སྟེང་སིལ་ཏོག་ཟ་བ། རྒྱ་སིལ་དང་སིལ་ཏོག་མདོག་དམར་བོ་ཅན་ཟོས་ན་ལུས་ཁམས་ཀྱི་ལྕགས་རྒྱུ་དང་འཚོ་རྩི་ཁ་གསབ་བྱེད་ཐུབ། ཐབས་འདི་ནི་ལུས་ཁམས་ཀྱི་མངར་ཆ་མར་ཆགས་པ་ཐག་གཅོད་བྱེད་པའི་ཐབས་ཡག་ཤོས་དེ་ཡིན།
13
00 སྟེང་སྲན་རིགས་དང་སྔོ་ཚལ་རིགས་མང་ཙམ་ཟ་བ། དྲོས་ཇའི་སྐབས་སྲན་རིགས་དང་སྔོ་ཚལ་མང་ཙམ་ཟོས་ཚེ་ལུས་ཁམས་ཀྱི་ཕྱོགས་སོ་སོར་ཕན་པ་ཡོད།
14
30--1530 བར་ངལ་ཅུང་ཙམ་གསོ་རྒྱུ། སློབ་ཆེན་ཞིག་གི་ཞིབ་འཇུག་ལས། ཉིན་རེའི་དུས་འདིར་སྐར་30ཡས་མས་སུ་ངལ་གསོ་བ་དང་། གཟའ་འཁོར་རེར་མ་མཐའ་ཡང་ཐེངས་གསུམ་ལ་ངལ་གསོ་ཐུབ་པ་བྱུང་ན། སྙིང་ནད་ཀྱིས་འཆི་བའི་ཚད་དེ་བརྒྱ་ཆ་37མར་ཆག་ཐུབ་པ་རྟོགས།
16
00 སྟེང་ཞོ་འཐུང་བ། ཞོ་འཐུང་ན་ཁྲག་ནང་མངར་ཆའི་ཚད་དོ་མཉམ་དུ་གནས་ཐུབ་པ་མ་ཟད། ཇ་ཐོག་རེའི་རྗེས་སུ་ཞོ་འཐུང་ཐུབ་པ་བྱུང་ན་སྙིང་གི་བདེ་ཐང་ལ་ཡང་ཕན་པ་ཡོད།
17
--1900 བར་འགུལ་སྐྱོད་བྱེད་པ། དུས་འདིར་འཆམ་འཆམ་དུ་འགྲོ་བ་སོགས་འགུལ་སྐྱོད་བྱས་ན་ཧ་ཅང་འཚམ་པོ་ཡིན།
19
30 སྟེང་ནུབ་ཇ་ཉུང་ཙམ་འཐུང་རྒྱུ། དགོང་མོ་ཕོ་བ་རྒྱགས་དྲག་ན་ཁྲག་ནང་གི་མངར་ཆ་ཇེ་མཐོར་འགྲོ་བ་དང་འཇུ་བྱེད་མ་ལག་གི་ཁུར་བོ་ལྕི་རུ་སོང་སྟེ་གཉིད་ལ་བཀག་འགོག་ཐེབས་པ། ནུབ་ཇའི་སྐབས་སྔོ་ཚལ་མང་ཙམ་ཟ་བ་དང་སྤྲི་དཀར་ལྡན་པའི་ཟས་རིགས་ཉུང་ཙམ་བསྟེན་རྒྱུ། ཟས་ཟ་སྐབས་ལྡད་ཡག་བྱས་ཏེ་མིད་དགོས།
21
45 སྟེང་བརྙན་འཕྲིན་ལ་ལྟ་བ། སྐབས་འདིར་བརྙན་འཕྲིན་ལ་ལྟ་ཞོར་ངལ་གསོས་ན་གཉིད་ཁུག་རྒྱུར་ཕན་པ་ཡོད། ཡིན་ཡང་ཉལ་ནས་བརྙན་འཕྲིན་ལ་བལྟས་ཚེ་གཉིད་ཀྱི་སྤུས་ཀར་ཤུགས་རྐྱེན་ཐེབས་ངེས།
23
00 སྟེང་ཆུ་ཚ་པོས་ལུས་འཁྲུད་བ། ཅིས་མའོཧའོ་ཨུན་གྱིས་བཤད་རྒྱུར། ལུས་ཀྱི་དྲོད་ཚད་མར་བབས་ན་ལུས་སེམས་ལྷོད་གཡེང་དང་གཉིད་བདེ་བ, ར་ཕན་པ་ཡོད་ཟེར།
23
30 སྟེང་ཉལ་བ། གལ་ཏེ་ཁྱེད་རང་ཞོགས་པའི་ཆུ་ཚོད་7དང་སྐར་30སྟེང་མལ་ལས་ལངས་པ་ཡིན་ན་སྐབས་འདིར་ཉལ་ཚེ་ཆུ་ཚོད་8ལ་གཉིད་ཁོམ་ཡོད་པས་གཉིད་འདང་བོ་ཞིག་ཐོབ་ངེས།
ཚེ་སྲོག་ནས་གྲོགས་པོ་ཚོར་ཕན་སེམས་ཀྱིས་བསྐྱར་བཅོས་བྱས་ནས་བཀོད་པ་ཡིན།

·གསར་འགྱུར་གོང་མ:སྤང་དང་ནགས་ཚལ་སྲུང་སྐྱོབ་བྱེད་དགོས་པའི་རྒྱུན་ཤེས།
·གསར་འགྱུར་འོག་མ:སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་ངག་ཚིགས་བཅད་དུ་བསྡེབས་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བདེ་སྐྱིད་ཀྱི་འཇུག་ངོགས། 2015/9/22 14:50:05
·བདེ་ཐང་ལ་ཕན་པའི་བྱེད་སྒོ་ཁག་བཅུ། 2015/2/5 12:15:39
·ཕོ་བའི་བདེ་སྲུང་ཤེས་བྱ། 2015/1/12 16:17:21
·ཞི་བདེའི་ལྷ་བྱ་དཀར་པོའི་འཁྲུངས་ཚེས་ལ་བཀྲ་ཤིས་བདེ་ལེཊ། 2013/7/4 21:14:54
·ངེས་པར་དོ་སྣང་བྱེད་དགོས་པའི་བདེ་སྲུང་ཤེས་བྱ། 2013/4/5 13:34:02
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:03:23 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:56:38 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:13:40 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.88MS