ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

སློབ་ཚན་ཞིག་གི་དབྱེ་ཞིབ།

[རྩོམ་པ་པོ:ཟུར་གསུམ་མ།  ཡོང་ཁུངས:དྲ་ཐོག  དུས་ཚོད:2013/10/7 14:21:49  བཀླགས་ཐེངས:1328][ཡིག་གཟུགས:ཡིག་གཟུགས་མདོག]
 
སློབ་ཚན་ཞིག་གི་དབྱེ་ཞིབ།
 
ཟུར་གསུམ་མ།
 
གཟིག་ལྤགས་བཀབ་པའི་བོང་བུ།༼གཏམ་རྒྱུད།༽
          གནའ་སྔ་མོ་ཞིག་ལ་མི་གཡོ་སྒྱུ་ཅན་ཞིག་ཡོད།ཉིན་ཞིག་ལ། མི་གཡོ་སྒྱུ་ཅན་དེ་ནགས་སུ་རི་དྭགས་རྔོན་དུ་སོང་ནས་གཟིག་ལྤགས་ཤིག་རྙེད།ཁོས་གཟིག་ལྤགས་དེ་ཡུལ་ལ་ཁྱེར་ནས་ཡོང་སྟེ།རང་ལ་བོང་བུ་ཞིག་ཡོད་པ་དེའི་ཐོག་ཏུ་གཡོགས་པ་དང་། བོང་བུ་དེ་ཁྱིམ་ཚང་གཞན་པའི་ས་ཞིང་ནང་དུ་བཏང་ནས་ལོ་ཏོག་ཟ་རུ་བཅུག མི་ཚང་མས་ཞིང་ཁརགཟིགསླེབས་པ་མཐོང་ནས་སྐྲག་སྟེ་ཕར་སྐྲོད་མ་ཐུབ། མི་གཡོ་སྒྱུ་ཅན་དེས་གནས་ཚུལ་དེ་མཐོང་ནས་སེམས་དགའ་ཞིང་ཡིད་ཚིམ་པར་གྱུར།དེ་ལྟརགཟིགདེས་ཉིན་མང་བོར་སྔོ་ལྡེམ་ལྡེམ་སྐྱེས་པའི་ལྗང་བུ་ཅི་འདོད་དུ་ཟོས་ཤིང་། རྨིག་པས་བརྫིས་ནས་ལོ་ཏོག་ལ་གནོད་པ་ཆེན་པོ་བྱས་པས། མི་མང་བོས་བསྐོར་ནས་མདའ་གྲི་མདུང་གསུམ་གྱིས་བརྒྱབ་སྟེགཟིགདེ་བསད་པ་དང་། དེའི་པགས་པ་བཤུས་ནས་བལྟས་ཚེ། དེ་ནི་གཟིག་མ་ཡིན་པར་མི་གཡོ་སྒྱུ་ཅན་དེའི་བོང་བུ་ཡིན་ནོ།།
 དོགས་སློང་དང་བོ།
གཏམ་རྒྱུད་འདི་ནི་ས་སྐྱ་ལེགས་བཤད་གྱིཧ་ཅང་གཡོ་སྒྱུ་མང་དྲགས་ན།། རེ་ཞིག་གྲུབ་ཀྱང་ཐ་མར་བརླག། གཟིག་ལྤགས་བཀབ་པའི་བོང་བུ་ཡིས།། ལོ་ཏོག་ཟོས་མཐར་གཞན་གྱིས་བསད།།ཅེས་པའི་ཤོ་ལོ་ཀའི་མ་འགྲེལ་གོ་བདེར་བཅོས་པ་ཞིག་རེད། ལེགས་བཤད་འདིའི་བསྟན་དོན་ལ། སྐད་ཡིག་སློབ་ཁྲིད་བྱེད་གཞི》(ལོ་རིམ་གཉིས་པའི་སྟོད་ཆ།རུ་འདི་འདྲ་ཞིག་ཡོད་དེ།སློབ་ཚན་གྱི་བརྗོད་བྱའི་སྙིང་བོ་སྟེ་གཞན་ལ་ངན་བྱས་ན་རེ་ཞིག་རང་གི་འདོད་དོན་འགྲུབ་ཀྱང་མཇུག་མཐར་རང་ཉིད་ཕུང་བར་འགྱུར་བ་སྟེ། བསམ་པ་མི་ལ་གནག་ན། སྦྱོར་བ་རང་ལ་འཁོར་བའི་གནས་ལུགས་ཤེས་དགོས།ཞེས་སོ།།  མ་འགྲེལ་དུགང་གི་ཧ་ཅང་གཡོ་སྒྱུ་མང་དྲགས་པ་ན། རེ་ཞིག་གི་བར་དུ་གྲུབ་པར་གྱུར་ཀྱང་ཐ་མར་བརླག་པར་འགྱུར་ཏེཞེས་བྱུང་། འདི་ལས་གསལ་བར། མ་འགྲེལ་ལྟར་ན། ལེགས་བཤད་གཏམ་རྒྱུད་འདིའི་བསྟན་དོན་ངོ་མ་ནིཧ་ཅང་གཡོ་སྒྱུ་མང་དྲགསམི་རུང་བ་དེ་རེད། དེའི་སྟབས་ཀྱིས། རྩོམ་པ་བོའི་བསྟན་དོན་དང་བསླབ་དེབ་སྒྲིག་པ་བོས་གཏན་ལ་ཕབ་པའི་བསྟན་དོན་བར་མི་འདྲ་ས་ཡོད་པ་གསལ། སྤྱིར་ཡིན་ན། ལེགས་བཤད་གཏམ་རྒྱུད་ཅིག་ལ་བསྟན་དོན་དུ་མ་ཡོད་ནའང་ལོས་ཆོག་མོད། གོང་བཀོད་ཤོ་ལོ་ཀ་བརླགས་ན། བསླབ་དེབ་སྒྲིག་པ་བོས་གཏན་ལ་ཕབ་པའི་བསྟན་དོན་ནི་མ་རྩོམ་གྱི་ནང་དོན་དང་མི་མཐུན་པ་ཞིག་རེད། རྩོམ་པ་བོ་ལྟར་ན། ལེགས་བཤད་འདི་བསླབས་པ་བརྒྱུད་ནསཧ་ཅང་གཡོ་སྒྱུ་མང་དྲགསམི་རུང་བའི་གནས་ལུགས་ཤེས་དགོས་པ་དང་། བསླབ་དེབ་སྒྲིག་པ་བོ་ལྟར་ན། ལེགས་བཤད་གཏམ་རྒྱུད་འདི་བསླབས་པ་བརྒྱུད་ནསགཞན་ལ་སེམས་གནག་མི་རུངབ་ཤེས་དགོས་པ་རེད། ཤོ་ལོ་ཀའི་ནང་དུཧ་ཅང་གཡོ་སྒྱུ་མང་དྲགས་ན།།ཞེས་བྱུང་བ་དང་། གཞན་ཡང་གཏམ་རྒྱུད་ཀྱི་ནང་དོན་ལ་བལྟས་ནའང་། ལེགས་བཤད་འདིའི་བསྟན་དོན་ནི་གཡོ་སྒྱུ་མང་དྲགས་མི་རུང་བའམ་གཡོ་སྒྱུ་བྱེད་མི་རུང་བ་ལ་གོ་ན་འགྲིག་པ་ཞིག་རེད། གལ་སྲིད་བསླབ་དེབ་སྒྲིག་པ་བོ་ལྟརབསམ་པ་མི་ལ་གནག་ན།། སྦྱོར་བ་རང་ལ་འཁོར།ཞེས་པ་ལྟར་བྱས་ཚེ། གཏམ་རྒྱུད་ནང་གི་གཡོ་སྒྱུ་ཅན་དེས་རང་གི་བོང་བུ་གཞན་གྱི་ཞིང་ནང་དུ་བཏང་དོན་བསམ་གཟས་ནས་གཞན་ལ་གནོད་པ་བྱེད་ཆེད་དུ་ཡིན་པར་འགྱུར། སྤྱིར་ན་མི་གཡོ་སྒྱུ་ཅན་དེས་རང་གི་བོང་བུ་གཞན་གྱི་ཞིང་དུ་བཏང་ན། གཞན་གྱི་ཁེ་ཕན་ལ་གནོད་པ་བྱེད་པ་ལོས་ཤེས་མོད། འོན་ཀྱང་། ཁོས་རང་གི་བོང་བུ་གཞན་གྱི་ཞིང་དུ་བཏང་བའི་དམིགས་ཡུལ་ནི་གཞན་ལ་གནོད་པ་བྱེད་པའི་ཆེད་དུ་མ་ཡིན་པར། གཙོ་བོ་རང་གི་ཆེད་དུ་རེད། རང་གི་ཆེད་དུ་གཡོ་སྒྱུ་བྱས་པ་ཙམ་ཁོ་ན་ལས། གཞན་ལ་གནོད་པ་བྱེད་པའི་ཆེད་དུ་གཡོ་སྒྱུ་བྱས་པ་མ་རེད། དེ་བས། གཡོ་སྒྱུ་བྱེད་སྟངས་འདི་གཉིས་ནི་གཡོ་སྒྱུ་རིགས་མི་འདྲ་བ་གཉིས་རེད། གལ་ཏེ་མི་གཡོ་སྒྱུ་ཅན་དེས་གཞན་ལ་གནོད་པ་བྱེད་པའི་ཆེད་དུ་རང་གི་བོང་བུ་གཞན་གྱི་ཞིང་ནང་དུ་བཏང་བ་ཡིན་ན་ནིབསམ་པ་མི་ལ་གནག་ན། སྦྱོར་བ་རང་ལ་འཁོར།ཞེས་བྱས་ནའང་མི་འགྲིག་པ་མེད་པའི་ཚོད་རེད། རྒྱུ་མཚན་དེའི་དབང་གིས། བསླབ་དེབ་སྒྲིག་པ་བོས་ལེགས་བཤད་འདིའི་བསྟན་དོནབསམ་པ་མི་ལ་གནག་ན། སྦྱོར་བ་རང་ལ་འཁོར།ཞེས་པ་དེ་ནི་ཡང་མ་དག་པ་ཞིག་རེད་སྙམ། འདི་དོགས་སློང་དང་བོ་ཡིན།
  དོགས་སློང་གཉིས་པ།
ཐེངས་ཤིག་ངས་ཀུན་སྤྱོད་སློབ་གསོའི་ཚོགས་ཐུན་ལ་སློབ་མ་ཚོར་དྲི་བ་འདི་འདྲ་ཞིག་དྲིས་པ་སྟེ། རྐུ་བྱེད་མི་རུང་བའི་རྒྱུ་མཚན་ཅི་ཞེས་སོ།། སློབ་མ་རྣམས་ཀྱིས་བཏབ་པའི་ལན་ལ་ཁྱད་པར་ཡོད་ཀྱང་། མང་ཆེ་བའི་ལན་ནི་གཞན་ལ་གནོད་པ་བྱེད་པ་རེད་ཅེས་ཟེར་གྱི་འདུག རྐུ་བྱེད་མི་རུང་བའི་རྒྱུ་མཚན་ནི་གཞན་ལ་གནོད་པ་བྱེད་པས་ཡིན་ནམ། གོང་བཀོད་ལེགས་བཤད་ཀྱི་བསྟན་དོན་དང་ཡང་ན་བསླབ་དེབ་སྒྲིག་པ་བོའི་བསྟན་དོན་གང་ཡིན་རུང་། སྔ་མ་ལྟར་ན། ཐ་མར་བརླགཔས་གཡོ་སྒྱུ་མང་དྲགས་མི་རུང་བ་དང་། ཕྱི་མ་ལྟར་ན།མཐར་རང་ཉིད་ཕུང་བར་འགྱུརབས་གཞན་ལ་བསམ་པ་གནག་མི་རུང་བར་བསྟན་འདུག གཡོ་སྒྱུ་མང་དྲགས་མི་རུང་བའི་རྒྱུ་མཚན་ཡིན་ནའང་འདྲ། ཡང་ན་གཞན་ལ་བསམ་པ་གནག་མི་རུང་བའི་རྒྱུ་མཚན་ཡིན་ནའང་འདྲ། མཐར་གཏུགས་ན་རང་ལ་གནོད་པས་རེད། རང་ལ་གནོད་པའི་རྒྱུ་མཚན་གྱིས་གཡོ་སྒྱུ་མང་དྲགས་མི་རུང་བ་དང་། རང་ལ་གནོད་པའི་རྒྱུ་མཚན་གྱིས་གཞན་ལ་བསམ་པ་གནག་མི་རུང་བ་དེ་རེད། སློབ་གསོ་བྱེད་སྟངས་འདི་འདྲ་ནི། བྱ་བའི་འབྲས་བུའི་ཆ་ནས་སློབ་གསོ་བྱེད་པ་སྟེ། འབྲས་བུ་ངན་པ་འབྱུང་བས་བྱ་བ་གང་དེ་བྱེད་མི་རུང་ཞེས་སོ།། སྤྱིར་ཡིན་ན་འདིའང་ཀུན་སྤྱོད་སློབ་གསོ་བྱེད་སྟངས་ཤིག་ཡིན་སྲིད་ལ། སྐབས་ལ་ལར་གོ་ཆོད་ཅིག་ཀྱང་ཡིན་སྲིད་མོད། འོན་ཀྱང་། གཡོ་སྒྱུ་བྱེད་མི་རུང་བའི་རྒྱུ་མཚན་དང་། གཞན་ལ་བསམ་པ་གནག་མི་རུང་བའི་རྒྱུ་མཚན་དང་། རྐུ་བྱེད་མི་རུང་བའི་རྒྱུ་མཚན་སོགས་འབྲས་བུའི་ཆ་ལ་བཞག་ནས་སློབ་གསོ་བྱས་པ་ན། མ་གཞིར་གཡོ་སྒྱུ་བྱེད་མི་རུང་བ་དང་གཞན་ལ་བསམ་པ་གནག་པ་དེ་མི་ལེགས་པ་ཞིག་ཡིན་པའི་གནད་སྟོན་མི་ཐུབ། གཞུང་དྲངདངབསམ་དཀརནི་འགྲོ་བ་མིའི་ཀུན་སྤྱོད་ཀྱི་བླངས་བྱ་གལ་ཆེན་ཞིག་ཡིན་པའི་ཆ་ནས་བཤད་ན། གཡོ་སྒྱུ་བྱེད་མི་རུང་བའི་རྒྱུ་མཚན་ནི་གཙོ་བོགཡོ་སྒྱུརང་ངོས་ནས་བཤད་འོས་པ་དང་།  དེ་བཞིན་གཞན་ལ་བསམ་གནག་བྱེད་མི་རུང་བའངབསམ་གནགརང་ངོས་ནས་རྒྱུ་མཚན་བཙལ་ན་ལེགས་པ་ཞིག་རེད། ཕ་རོལ་བོ་ལ་གནོད་པའི་ངོས་ནས་གཡོ་སྒྱུ་བྱེད་མི་རུང་བསམ་གནག་བྱེད་མི་རུང་ཞེས་བྱས་ན། གཡོ་སྒྱུ་བྱེད་མི་རུང་བ་དང་བསམ་གནག་བྱེད་མི་རུང་བའི་རྒྱུ་མཚནངོ་མདེ་ཤེས་ཐབས་བྲལ། དེས་ན། གཡོ་སྒྱུ་བྱེད་མི་རུང་བ་དང་གཞན་ལ་བསམ་པ་གནག་མི་རུང་བའི་རྒྱུ་མཚནངོ་མདེ་ཅི་ཞིག་ཡིན་ནམ། འདི་ནི་ཀུན་སྤྱོད་མཚན་ཉིད་རིག་པའི་དཀའ་རྙོག་ཅིག་ལ་ཐུག་འགྲོ་ཁར། སློབ་མ་རྣམས་ལ་མཚོན་ན་གོ་མི་ཐུབ་པའི་གནད་དོན་ཡོད་པས་ཀུན་སྤྱོད་སློབ་གསོ་ལེགས་པོ་ཞིག་མི་ཐུབ་ནའང་ཐང་མོད། ང་རང་གི་འདོད་ཚུལ་དུ། དགེ་རྒན་རྣམས་ཀྱིས་ཀུན་སྤྱོད་སློབ་གསོ་བྱེད་དུས། དཔེར་ན། གཡོ་སྒྱུ་བྱེད་མི་རུང་བའི་རྒྱུ་མཚན་དེ། མ་གཞིར་གཡོ་སྒྱུ་བྱེད་པ་དེ་མི་ལེགས་པ་དང་མི་འགྲིག་པ་ཞིག་ཡིན་ཚུལ་ཅི་ཐུབ་ཀྱིས་ཁ་གསལ་ཞིག་ཨེ་ཤོས་བལྟ་རྒྱུ་གལ་ཆེ་སྙམ། ཡང་ན། སློབ་མ་རྣམས་ཀྱིས་གོ་དཀའ་བ་ཞིག་ཡིན་རུང་། གནས་ལུགས་རྒྱུ་མཚན་བཤད་རྒྱུ་ནི་སྣང་མེད་དུ་གཏོང་མི་རུང་སྙམ་གྱི་ཡོད། འདི་དོགས་སློང་གཉིས་པ་ཡིན།
   དོགས་སློང་གསུམ་པ།
ལེགས་བཤད་གཏམ་རྒྱུད་ཅིག་ལ་སྤྱིར་ན་བསྟན་དོན་དུ་མ་ཡོད་ཆོག་པ་ཞིག་རེད། བསྟན་དོན་ཕུན་སུམ་ཚོགས་པ་ཅན་ཞིག་ཡིན་ངེས། དེ་བས། དགེ་རྒན་གྱིས་ལེགས་བཤད་གཏམ་རྒྱུད་དམ། ཡང་ན་གཞན་པའི་སློབ་ཚན་ཁྲིད་དུས་སུ། དེའི་བསྟན་དོན་དུ་མ་བཤད་ན་འགྲིག་པ་ཞིག་རེད། དེས་སློབ་མའི་བློ་སྒོ་འབྱེད་ཐུབ་པར་མ་ཟད། དབྱེ་ཞིབ་ཀྱི་ནུས་པའང་གསོ་སྐྱོང་བྱེད་པར་ཕན་ཐོགས་སྙམ། གྲངས་རིག་སློབ་ཁྲིད་ལ་མཚོན་ན་ནི། རྩིས་རྒྱག་གི་ཐབས་དང་གོ་རིམ་མི་འདྲ་བ་ཅི་ཞིག་ཡིན་རུང་། ཐོབ་གྲངས་ནི་གཅིག་ཁོ་ན་མ་གཏོགས་མེད་ངེས་མོད། སྐད་ཡིག་སློབ་ཁྲིད་ནི་དེ་དང་མི་འདྲ། དེའི་རྒྱུ་མཚན་གྱིས། 《སྐད་ཡིག་སློབ་ཁྲིད་བྱེད་གཞི》རུ་ལེགས་བཤད་གཏམ་རྒྱུད་ཅིག་གི་བསྟན་དོན་ནི་འདིའོ་ཞེས་གཏན་ལ་ཕབ་པ་དེ་ནོར་འཁྲུལ་ཞིག་རེད།
ལེགས་བཤད་གཏམ་རྒྱུད་འདི་བཀླགས་པ་ན་གསལ་བར། གཟིགདེ་ཞིང་ནང་དུ་ཐོན་ནས་བསད་རགས་བར་དུ་ཉིན་ཅི་ཙམ་འགོར་ཡོད་རུང་། གང་ལྟར་ལོ་ཏོག་ལ་གནོད་པ་བཟོས་པ་དང་ཞིང་བའི་ཁེ་ཕན་ཡང་བརླགས་ཡོད་པ་མངོན་གསལ་རེད། གལ་སྲིད། ཞིང་བ་རྣམས་ཀྱིསགཟིགདེ་མཐོང་མ་ཐག་རྒྱང་དུ་བདས་ཡོད་ན་ལོ་ཏོག་ལ་གནོད་པ་མི་ཐེབས་པའམ་ཐེབས་པ་ལྟོས་བཅས་སུ་ཆུང་ལ། ཞིང་བའི་ཁེ་ཕན་བརླགས་པའང་དེ་བཞིན་རེད། ཞིང་བ་རྣམས་ཀྱིསགཟིགདེ་སྐབས་འཕྲལ་དུ་ཕར་སྐྲོད་མ་ཐུབ་དོན་ནི་དེ་གཟིག་ཅིག་རེད་སྙམ་ནས་སྐྲག་པ་རེད། གཟིག་ནི་གཅན་གཟན་གཏུམ་པོའི་རིགས་ཤིག་ཡིན་པས། མི་རྣམས་སྐྲག་པར་ཁག་མེད་མོད། གནད་དོན་ནི། དང་ཐོག་ཞིང་བ་རྣམས་ཀྱིསགཟིགདེ་མཐོང་དུསགཟིག”དེས་ཅི་ཞིག་བྱེད་ཀྱིན་ཡོད་དམ། ལན་ནི་ཧ་ཅང་གསལ་ཏེ། གཟིགདེས་ལོ་ཏོག་ཟ་བཞིན་ཡོད། ང་རང་ཚོའི་རྒྱུན་ཤེས་ཤིག་ཏུ། གཟིག་ནི་གཅན་གཟན་རིགས་ཤིག་རེད། གཅན་གཟན་གྱི་ཁྱད་ཆོས་ཤིག་ནི་ཤ་ཟ་བ་ལས་རྩྭ་མི་ཟ་བ་དེ་རེད། ལྷག་པར་དུ་གཟིག་ནི་ཤ་ཁོ་ན་ལས་རྩྭ་མི་བཟའ་བའི་གཅན་གཟན་ཞིག་རེད། དེའི་རྒྱུ་མཚན་གྱིས། ང་རང་ཚོས་འདི་ལྟར་ཆ་འཇོག་བྱེད་ཆོག་པ་སྟེ། གལ་ཏེ་ཞིང་བ་རྣམས་ལ་གཟིག་ནི་གཅན་གཟན་རིགས་ཤིག་ཡིན་པ་དང་ཤ་ཁོ་ན་ལས་རྩྭ་བཟའ་མི་སྲིད་པའི་རྒྱུན་ཤེས་དེ་ཡོད་ཚེ། དང་ཐོགགཟིགཅིག་གིས་ལོ་ཏོག་ཟ་བཞིན་པ་མཐོང་དུས། དེ་ནི་གཟིག་ཅིག་ཡིན་མི་སྲིད་པ་དེ་མ་ཉིད་ནས་བརྡར་ཤ་འཁྲུལ་མེད་དུ་གཅོད་ཐུབ་པ་དང་། དེ་ཐུབ་ན། གཟིགདེ་དེ་མ་ཉིད་ནས་ཕར་བསྐྲད་ཡོད་ངེས་པས། ལོ་ཏོག་སྲུང་སྐྱོབ་ཐུབ་པ་རེད། དེ་བས། ཞིང་བ་རྣམས་ཀྱིས་ངོས་ནས་བཤད་ན། ལེགས་བཤད་འདིའི་བསྟན་དོན་ནི། རྒྱུན་ཤེས་གལ་ཆེ་བ་དེ་རེད། སྐབས་ལ་ལར་འབྲེལ་ཡོད་ཀྱི་རྒྱུན་ཤེས་མ་ཡོད་པས་ཕམ་ཁ་ཉོ་བ་དེ་རེད། སྤྱིར་ཡིན་ན། འཚོ་བའི་ནང་གི་རྒྱུན་ཤེས་སྐོར་ཞིག་ནི་ཉམས་མྱོང་བསོགས་པ་ལས་བྱུང་བ་ཡིན་པས། སྐབས་ལ་ལར་རིག་པས་དཔྱད་མི་བཟོད་པ་དེ་འདྲ་ཡོད་པས་རྒྱུན་ཤེས་ལའང་དོགས་པ་སློང་དགོས་ས་ལོས་ཡོད་མོད། གང་ལྟར། རྒྱུན་ཤེས་གལ་ཆེན་ཡིན་ཚུལ་བཤད་ན་ནོར་འཁྲུལ་མེད།
   ཞར་བྱུང་འགའ།  
ངས་ལོ་ངོ་གཉིས་ཙམ་ལས་སྐད་ཡིག་སློབ་ཁྲིད་བྱེད་མ་མྱོང་བས། སྐད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་ཡོད་ཅེས་ན་ཁ་ཕོ་རུ་འགྱུར་ངེས་མོད། ང་རང་གི་སྣང་ངོར། སློབ་ཚན་ཞིག་ཁྲིད་ཚར་དུས། དེར་ཞན་ཆའམ་སྐྱོན་ཆ་གང་ཡོད་སློབ་མར་བཤད་དུ་འཇུག་པ་ནི་ཁྲིད་ཐབས་ལེགས་པོ་ཞིག་རེད་སྙམ་གྱི་འདུག དཔེར་ན། ངས《དབྱར་རྩྭ་དགུན་འབུ》ཞེས་པའི་སློབ་ཚན་དེ་ཁྲིད་ཚར་དུས། སློབ་མ་རྣམས་ལ་སློབ་ཚན་འདིར་ཞན་ཆའམ་སྐྱོན་ཆ་ཅི་ཞིག་ཡོད་པ་བཤད་དུ་བཅུག་པ་ཡིན། སློབ་མ་གཅིག་ན་རེ་སློབ་ཚན་འདིར་དབྱར་རྩུ་དགུན་འབུ་ཇི་ལྟར་འཐུང(བསྟེན)དགོས་ཚུལ་བྲིས་མི་འདུག་ཅེས་ཟེར། ཚོགས་ཐུན་དེར་ངས་ཀྱང་ཇི་ལྟར་བསྟེན་དགོས་ཚུལ་གསལ་བོ་ཞིག་བཤད་མ་ཐུབ་པས། རྗེས་སུ་འབྲེལ་ཡོད་ཀྱི་ཤེས་བྱ་ཁག་བཏུས་ནས་བཤད་པ་ཡིན་ལ་ཕྱིར་སོང་ནས་རང་གི་ཕ་མ་སོགས་ལ་དབྱར་རྩྭ་དགུན་འབུ་ཇི་ལྟར་བསྟེན་དགོས་ཚུལ་ཤོད་ཅེས་བྱས་པ་ཡིན། ཡང་དཔེར་ན། 《སྐྱ་ཀ》ཞེས་པའི་སློབ་ཚན་དེ་ཁྲིད་རྗེས། དེའི་ཞན་ཆ་བཤད་དུ་བཅུག་པ་ན། དངོས་གནས་སྐྱ་ཀའི་ཁྱད་ཆོས་གལ་ཆེན་ཞིག་ཡིན་རུང་རྩོམ་པ་བོས་མ་བྲིས་པ་རེ་འདུག སློབ་མ་རྣམས་སྐྱ་ཀ་ལ་ཆ་རྒྱུས་ངེས་ཅན་ཞིག་ཡོད་པས། ཁོ་ཚོས་སློབ་ཚན་དེའི་ཁྱད་ཆོས་ཞིབ་འབྲིའི་ཆ་ནས་མངོན་པའི་མི་འདང་ས་དེ་བཤད་ཐུབ་ཀྱི་འདུག གང་ལྟར་བཤད་འདོད་པ་ནི། སློབ་མ་རྣམས་ལ་སྦྱངས་པའི་སློབ་ཚན་གྱི་སྐྱོན་ཆའམ་ཞན་ཆ་བཤད་དུ་བཅུག་ན། དེའི་ཡོན་ཏན་ནི། བསམ་གཞིག་གཏོང་བ་དང་དོགས་སློང་བྱེད་པ་དང་དགག་གཞག་གི་གོམས་གཤིས་ཆགས་པར་ཕན་ཐོགས་ཡོད་རེད་སྙམ་གྱི་འདུག འདི་ནི་དགེ་རྒན་གྱི་ལས་ལ་ཞུགས་དང་འཇུག་པའི་ལས་མཐུན་རྣམས་ལ་དཔྱད་གཞིར་ཕུལ་བ་ཙམ་ཡིན། ཞོར་དུ་ད་རུང་བཤད་འདོད་པ་ཞིག་ནི། རང་རེའི་སྐད་ཡིག་གི་སློབ་གསོ་ལ་ཟུར་ལྟའི་དཔྱད་གཞི་ཤིན་ཏུ་ཉུང་བ་དང་། འབྲེལ་ཡོད་ཀྱི་རིག་པའི་གཞུང་ལུགས་ལྟ་བུ་མེད་ཁར་ཐ་ན་ཆེད་རྩོམ་བརྩམས་ཆོས་ཀྱང་ཤིན་ཏུ་དཀོན་པས་ན། དགེ་རྒན་མ་ཡིན་པའི་རྩོམ་པ་བོ་རྣམས་ཀྱིས་ཀྱང་འདིའི་ཕྱོགས་ལ་མཐོང་ཆེན་གྱིས་བསམ་གཞིགས་གཏོང་ཞིང་སྨྲ་བརྗོད་སྤེལ་བའི་འབོད་སྐུལ་བྱས་སོ།།
·གསར་འགྱུར་གོང་མ:འདི་ན་གཙང་སྦྲའི་རྒྱུན་ཤེས་སྐོར་ཡག་པོ་ཞིག་འདུག
·གསར་འགྱུར་འོག་མ:སློབ་གཉེར་བསླབ་བྱ་དེང་དུས་སློབ་གསོ་དང་སྦྱར་བའི་གོ་དོན།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 16:28:27 [来自: 112.5.236.197]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 8:05:23 [来自: 111.144.227.221]

 评论者:7SijLE0v
http://www.3145.com/list/18youxiang.htm
http://www.3456.cc/Dianzi_Youxiang/index.html
http://www.3456.cm/mail.htm
http://www.6296.com.cn/s/res.html
http://www.3721.cc/youxiang/
发表时间:2015/12/2 16:41:11 [来自: 111.144.226.138]

འབྲེལ་ཡོད་དཔྱད་བརྗོད 37 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།109.38MS