ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཁྲིམས་ལུཊ
  གསར་འགྱུར་ཀློག་པ།

དཔལ་འབྱོར་དང་སྤྱི་ཚོཊ། རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས།༢

[རྩོམ་པ་པོ:ཨ་རིན་གྱིས་བསྒྱུར།  ཡོང་ཁུངས:གཞོན་གསར་དྲ་བ།  དུས་ཚོད:2013/9/28 11:41:31  བཀླགས་ཐེངས:1505][ཡིག་གཟུགས:ཡིག་གཟུགས་མདོག]

དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས།(2)

ཨ་རིན་གྱིས་བསྒྱུར།

ས་བཅད་ལྔ་བ།


དོན་ཚན་ཉེར་དྲུག
གཅིག སྤྱི་ཆིངས་འདི་ཉིད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་གང་རུང་ངམ་ཡང་ན་ཆེད་དམིགས་ལས་ཁུངས་ཀྱི་ཚོགས་མི་རྒྱལ་ཁབ། རྒྱལ་སྤྱིའི་ཁྲིམས་དཔྱོད་ཁང་གིས་གན་རྒྱ་བཞག་པའི་དོ་བདག་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་བརྒྱུད་དེ་གདན་འདྲེན་བྱས་པའི་སྤྱི་ཆིངས་འདི་ཉིད་འཇོག་མཁན་གྱི་རྒྱལ་ཁབ་གཞན་གང་རུང་ཞིག་གིས་མིང་རྟགས་འགོད་པར་ཚོད་འཛིན་མི་བྱེད་པ་ཡིན།
གཉིས། སྤྱི་ཆིངས་འདི་ཉིད་ངེས་པར་དུ་ཆོག་མཆན་བརྒྱུད་དགོས་པ་ཡིན། ཆོག་མཆན་ཡི་གེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་སྤྲད་དེ་ཉར་ཚགས་བྱེད་དགོས།
གསུམ། སྤྱི་ཆིངས་འདི་ཉིད་ཀྱིས་དོན་ཚན་འདིའི་ཚན་པ་དང་པོར་བཀོད་ཡོད་པ་བཞིན་རྒྱལ་ཁབ་གང་རུང་ཞུགས་པར་ཚོད་འཛིན་མི་བྱེད་པ་ཡིན།
བཞི། སྤྱི་ཆིངས་འདི་ཉིད་དུ་ཞུགས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་འཛུལ་ཞུགས་ཡི་གེ་སྤྲད་དེ་ཉར་ཚགས་བྱེད་དགོས།
ལྔ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཆོག་མཆན་ཡི་གེའམ་ཡང་ན་འཛུལ་ཞུགས་ཡི་གེ་རེ་རེའི་ཡར་སྤྲོད་དང་ཉར་ཚགས་བྱས་པ་དེ། མིང་རྟགས་བཀོད་པའམ་ཡང་ན་སྤྱི་ཆིངས་འདིར་ཞུགས་པའི་རྒྱལ་ཁབ་ཡོངས་ལ་བརྡ་སྦྱོར་བྱེད་དགོས་པ་ཡིན།
དོན་ཚན་ཉེར་བདུན།
གཅིག སྤྱི་ཆིངས་འདི་ཉིད་ཆོག་མཆན་ཡི་གེའམ་ཡང་ན་འཛུལ་ཞུགས་ཡི་གེ་ལྡེབ་སོ་ལྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་སྤྲད་དེ་ཉར་ཚགས་བྱས་པའི་ཉིན་ནས་ཟླ་གསུམ་གྱི་རྗེས་སུ་གོ་ཆོད་པ་ཡིན།
གཉིས། ཆོག་མཆན་ཡི་གེའམ་ཡང་ན་འཛུལ་ཞུགས་ཡི་གེ་ལྡེབ་སོ་ལྔ་ཡར་སྤྲད་དེ་ཉར་ཚགས་བྱས་རྗེས་སྤྱི་ཆིངས་འདིར་འཛུལ་ཞུགས་སམ་ཡང་ན་ཆོག་མཆན་བཀོད་པའི་རྒྱལ་ཁབ་དེར། སྤྱི་ཆིངས་འདི་ཉིད་རྒྱལ་ཁབ་གང་དེས་ཆོག་མཆན་ཡི་གེའམ་འཛུལ་ཞུགས་ཡི་གེ་ཡར་སྤྲད་དེ་ཉར་ཚགས་བྱས་པའི་ཉིན་ནས་ཟླ་གསུམ་གྱི་རྗེས་སུ་གོ་ཆོད་པ་ཡིན།
དོན་ཚན་ཉེར་བརྒྱད།
སྤྱི་ཆིངས་འདི་ཉིད་ཀྱི་ཆོད་དོན་རེ་རེ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་ཡོངས་ལ་སྤྱོད་པར་འཚམ་པས། ཚད་བཀག་གམ་དམིགས་གསལ་མེད་པ་ཡིན།
དོན་ཚན་ཉེར་དགུ།
གཅིག སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་ཀྱིས་སྤྱི་ཆིངས་འདི་ག་བཟོ་བཅོས་བྱེད་པའི་གྲོས་མགོ་བཏོན་ཏེ་སྤྱི་ཆིངས་ཀྱི་དག་བཅོས་འཆར་ཟིན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་སྤྲོད་དགོས། དྲུང་ཡིག་ཆེན་མོས་གྲོས་མགོ་བཏོན་པའི་དག་བཅོས་འཆར་ཟིན་དེ་ཆིངས་གཏོགས་རྒྱལ་ཁབ་སོ་སོར་སྟེར་དགོས་པ་དང་ཆབས་ཅིག ཆིངས་གཏོགས་རྒྱལ་ཁབ་ཀྱི་ཚོགས་འདུ་བསྡུས་ནས་དག་བཅོས་འཆར་ཟིན་གང་དེར་གྲོས་ཞིབ་དང་བརྡས་ཐག་གཅོད་པར་འཐད་པ་བྱུང་མིན་གྱི་བརྡ་སྦྱོར་གཏོང་དགོས། གལ་ཏེ་ཆིངས་གཏོགས་རྒྱལ་ཁབ་སུམ་ཆའི་གཅིག་ཡན་ཚོགས་འདུ་བསྡུ་བར་འཐད་པ་བྱུང་ཚེ། དྲུང་ཡིག་ཆེན་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིང་སྟེང་ནས་ཚོགས་འདུ་བསྡུ་དགོས་པ་ཡིན། ཚོགས་འདུར་དངོས་ཞུགས་དང་ལྷན་དུ་འདེམ་ཤོག་འཕང་པ་བརྒྱུད་དེ་དག་བཅོས་འཆར་ཟིན་གང་དེར་ཆིངས་གཏོགས་རྒྱལ་ཁབ་ཕྱེད་ཡན་གྲོས་འཆམ་བྱུང་ན། དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་སྤྲད་ནས་ཞིབ་བསྡུར་བྱེད་དུ་བཅུག་པས་ཆོག་པ་ཡིན།
གཉིས། དག་བཅོས་འཆར་ཟིན་གང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་བརྒྱུད་ནས་ཞིབ་བསྡུར་བྱས་ཆོག་པ་དང་ཆབས་ཅིག ཆིངས་གཏོགས་རྒྱལ་ཁབ་སུམ་ཆའི་གཉིས་ཀྱིས་རང་སོ་སོའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གོ་རིམ་ལ་གཞི་བཅོལ་ནས་དང་ལེན་བྱས་རྗེས་ད་གཟོད་གོ་ཆོད་པ་ཡིན།
གསུམ། དག་བཅོས་འཆར་ཟིན་གོ་ཆོད་པའི་རྗེས་སུ། འདིའི་རིགས་དང་ལེན་བྱེད་པའི་ཆིངས་གཏོགས་རྒྱལ་ཁབ་གང་དེར་སྡོམ་གཅུན་གྱི་ནུས་པ་ཐོན་ཞིང་། ཆིངས་གཏོགས་རྒྱལ་ཁབ་གཞན་ལ་སྔོན་མུས་བཞིན་སྤྱི་ཆིངས་འདི་གའི་སྔར་གྱི་གཏན་འབེབས་དོན་ཚན་ལྟར་དང་། དག་བཅོས་འཆར་ཟིན་དང་ལེན་མ་བྱས་པའི་སྔོན་ལྟར་སྡོམ་གཅུན་བྱེད་པ་ཡིན།
དོན་ཚན་སུམ་ཅུ།
དོན་ཚན་ཉེར་དྲུག་པའི་ཚན་པ་ལྔ་བའི་ཆོད་དོན་གྱི་བརྡ་སྦྱོར་ཕུད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་གཤམ་གྱི་དོན་ཚན་དག་དོན་ཚན་དེའི་ཚན་པ་དང་པོའི་ནང་བཤད་པའི་རྒྱལ་ཁབ་ཀུན་ལ་བརྡ་སྦྱོར་གཏོང་དགོས་པ་ཡིན།
ཀ དོན་ཚན་ཉེར་དྲུག་གི་ཆོད་དོན་ལྟར་མིང་རྟགས་འགོད་པ་དང་ཆོག་མཆན་ཐོབ་པ། འཛུལ་ཞུགས་བྱེད་དགོས་པ་ཡིན།
ཁ སྤྱི་ཆིངས་འདི་ཉིད་དོན་ཚན་ཉེར་བདུན་ནང་གི་ཆོད་དོན་ལྟར་ནུས་པ་ཐོན་པར་བརྩི་དགོས་པ་ཡིན་ལ། དོན་ཚན་ཉེར་དགུའི་ནང་གི་ཆོད་དོན་ལྟར་དག་བཅོས་འཆར་ཟིན་གང་རུང་དེས་ནུས་པ་ཐོན་པར་བརྩི་དགོས་པ་ཡིན།
དོན་ཚན་སོ་གཅིག
གཅིག སྤྱི་ཆིངས་འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཚགས་ཁང་དུ་སྤྲད་དེ་ཉར་ཚགས་བྱེད་དགོས་ཤིང་། དེའི་ནང་ཙི་ནའི་སྐད་དང་དབྱིན་ཇིའི་སྐད། ཧྥ་རན་སེའི་སྐད། ཨུ་རུ་སེའི་སྐད། སི་ཕེན་སྐད་དུ་བྲིས་པའི་སྤྱི་ཆིངས་འདི་ཉིད་ཚད་ལྡན་དུ་བརྩི་བ་ཡིན།
གཉིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སྤྱི་ཆིངས་འདི་ཉིད་ཀྱི་ཚད་ལྡན་བུ་ཡིག་ཅིག་དོན་ཚན་ཉེར་དྲུག་དུ་བཀོད་པའི་རྒྱལ་ཁབ་ཡོངས་ལ་སྟེར་དགོས་པ་ཡིན།

 

ཞེས་སྤྱི་ལོ་༢༠༡༢ལོའི་ཟླ་༣པ་དང་༤བར་བསྒྱུར་བ་དགེའོ།།


ཟུར་འཕྲོས།


༼དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས་༽ཞེས་པ་འདི་ནི་༼རྒྱལ་སྤྱིའི་འགྲོ་མིའི་ཁེ་དབང་གི་ཡོངས་ཁྱབ་གསལ་བསྒྲགས་༽ཀྱི་རྨང་གཞིའི་སྟེང་བྲིས་པ་སྟེ། རྒྱུ་མཚན་༼རྒྱལ་སྤྱིའི་འགྲོ་མིའི་ཁེ་དབང་གི་ཡོངས་ཁྱབ་གསལ་བསྒྲགས་༽ཀྱི་ཕྱེད་སྔ་མས་སྤྱི་དམངས་ཀྱི་ཁེ་དབང་དང་ཆབ་སྲིད་ཁེ་དབང་གླེང་བ་ཡིན་ལ། ཕྱེད་ཕྱི་མས་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཁེ་དབང་གླེང་བ་ཡིན་པས། རྒྱལ་སྤྱིའི་སྟེང་ལམ་ལུགས་མི་འདྲ་བ། སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ། རིན་ཐང་མི་འདྲ་བའི་དབང་གིས་ཕྱེད་སྔ་མ་དང་ཕྱེད་ཕྱི་མའི་ཆོད་དོན་ལ་ཡོངས་ཁྱབ་ཀྱིས་ངོས་འཛིན་བྱུང་དཀའ་བར་གྱུར་བ་སྟེ། དཔེར་ན་ཨ་རི་ལྟ་བུའི་དམངས་གཙོ་ལམ་ལུགས་ཀྱི་རྒྱལ་ཁབ་དག་གིས་གཙོ་བོ་སྤྱི་དམངས་དང་ཆབ་སྲིད་ཀྱི་ཁེ་དབང་དམིགས་སུ་འཛིན་ལ། རྒྱ་ནག་ལྟ་བུའི་གུང་ཁྲན་རིང་ལུགས་ཀྱི་རྒྱལ་ཁབ་དག་གིས་གཙོ་བོ་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཀྱི་ཁེ་དབང་དམིགས་སུ་བཀར་བ་ལྟ་བུས། སྤྱི་ལོ་༡༩༥༤ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཁེ་དབང་ལྷན་ཚོགས་ཀྱིས་༼སྤྱི་དམངས་ཁེ་དབང་དང་ཆབ་སྲིད་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས་༽ཞེས་པ་དང་༼དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས་༽ཞེས་པ་གཉིས་ཀྱི་མ་ཕྱི་བྲིས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་གྲོས་ཞིབ་དུ་སྤྲད། དེ་ལྟར་བགྲང་བྱ་༡༠ཡི་གྲོས་ཞིབ་བརྒྱུད་ད་གཟོད་སྤྱི་ལོ་༡༩༦༦ལོའི་ཟླ་༡༢ཚེས་༡༦ཉིན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་སྟེང་རྒྱལ་སྤྱིའི་སྤྱི་ཆིངས་འདི་གཉིས་ཀར་གྲོས་འཆམ་བྱུང་ཞིང་རྒྱལ་ཁབ་སོ་སོར་མིང་རྟགས་བཀོད་དུ་བཅུག་པ་དང་། སྤྱི་ཆིངས་འདི་གཉིས་སྔ་གཞུག་ཏུ་སྤྱི་ལོ་༡༩༧༦ལོའི་ཟླ་༡ཚེས་༣ཉིན་དང་ཟླ་༣ཚེས་༢༣ཉིན་ནས་བཟུང་གཞི་ནས་གོ་ཆོད་པར་གྱུར།
རྒྱལ་སྤྱིའི་སྟེང་༼སྤྱི་དམངས་ཁེ་དབང་དང་ཆབ་སྲིད་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས་༽ཞེས་པ་དང་༼དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས་༽ཞེས་པ་གཉིས་ལ་ཡོངས་གྲགས་སུ་༼འགྲོ་མིའི་ཁེ་དབང་གི་སྤྱི་ཆིངས་གཉིས་༽ཞེས་འབོད་ཅིང་། དེ་གཉིས་༼འཛམ་གླིང་འགྲོ་མིའི་ཁེ་དབང་གི་ཡོངས་ཁྱབ་གསལ་བསྒྲགས་༽ཞེས་པ་ལྷན་དུ་རྒྱལ་སྤྱིའི་འགྲོ་མིའི་ཁེ་དབང་གི་རྩ་འཛིན་ཞེས་པར་གྲགས་པས། རྒྱལ་སྤྱིའི་སྤྱི་ཆིངས་འདི་གསུམ་ནི་རྒྱལ་སྤྱིའི་འགྲོ་མིའི་ཁེ་དབང་གི་ཁྱབ་ཁོངས་སུ་ཆེས་གཙོ་གལ་ཆེ་བའི་ཡིག་ཆ་ཞིག་ཡིན་ནོ།།
དེ་ཡང་སྤྱི་ཆིངས་འདི་ཉིད་ས་བཅད་ལྔ་དང་དོན་ཚན་སོ་གཅིག་གིས་གྲུབ་སྟེ། དོན་ཚན་དང་པོར་གཙོ་བོ་མི་རིགས་སམ་མི་དམངས་ཀུན་ལ་རང་ཐག་རང་གཅོད་ཀྱི་ཁེ་དབང་ཡོད་པར་བཤད་ཡོད་ལ། དོན་ཚན་གཉིས་པ་ནས་ལྔ་བའི་བར་ཆིངས་གཏོགས་རྒྱལ་ཁབ་ཀྱི་འགན་བབ་བཤད་ཡོད་དེ། དཔེར་ན་ཕྱོགས་ཞེན་མེད་པར་དགོངས་པ་དང་ཕོ་མོའི་ཁེ་དབང་འདྲ་མཉམ་ཡིན་པ། རྒྱལ་ཁབ་ཀྱི་ནུས་སྟོབས་དང་བསྟུན་ཏེ་ཀུན་ལ་ཕན་བདེ་སྒྲུབ་པ། འགྲོ་མིའི་ཁེ་དབང་གཞན་དག་སྤྱི་ཆིངས་འདིར་མ་བཀོད་པར་ཁ་གཡར་ནས་ཚོད་འཛིན་བྱེད་མི་ཆོག་པ་ལྟ་བུའོ།། དོན་ཚན་དྲུག་པ་ནས་བཅོ་ལྔའི་བར་གཙོ་བོ་བྱེ་བྲག་གི་བྱ་བའི་ཁེ་དབང་སྟེ། འདྲ་མཉམ་དང་ཆེས་ལེགས་པའི་མཐུན་རྐྱེན་ལོངས་སུ་སྤྱོད་དབང་ཡོད་པ་དང་། བྱ་བ་གཅིག་འདྲའི་གནས་ཚུལ་འོག་ཕོགས་དངུལ་འདྲ་མཉམ་དང་སྒོས་སུ་ཕོ་མོའི་ཕོགས་དངུལ་འདྲ་མཉམ་ཡིན་དགོས་པ། རང་དབང་གིས་བཟོ་ཚོགས་གསར་འཛུགས་དང་དེར་ཞུགས་པའི་ཁེ་དབང་ཡོད་པ། ལས་མཚམས་འཇོག་དབང་ཡོད་པ། སྤྱི་ཚོགས་ཀྱི་ཉེན་སེལ་འགན་སྲུང་གི་ཁེ་དབང་འདྲ་མཉམ་དུ་ཡོད་པ། གཉེན་སྒྲིག་རང་དབང་། བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་། ལྷག་པར་དུ་སློབ་གསོ་མྱོང་བའི་ཁེ་དབང་མི་ཀུན་ལ་འདྲ་མཉམ་དུ་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད། དོན་ཚན་བཅུ་དྲུག་ནས་ཉེར་ལྔའི་བར་ཆིངས་གཏོགས་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་སྤྱི་ཆིངས་འདི་ཉིད་ལག་བསྟར་བྱས་པའི་གནས་ཚུལ་དང་། དེའི་ཁྲོད་ལྷག་པའི་གནད་དོན་དང་དཀའ་ངལ། དེར་ཞིབ་འཇུག་དང་གྲོས་གཞིའི་ནང་དོན་སྙན་ཞུའི་ལམ་ནས་ཕུལ་དགོས་ཤིང་། སྙན་ཞུ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཞན་གྱིས་དོ་སྣང་ཡོང་དགོས་པ། སྤྱི་ཆིངས་འདི་གའི་དོན་ཚན་དག་འཁྱོག་བསྒྱུར་གྱིས་གསལ་བཤད་གནང་མི་རུང་བ་སོགས་བསྟན་ཡོད། དོན་ཚན་ཉེར་དྲུག་ནས་སོ་གཅིག་བར་སྤྱི་ཆིངས་འདི་གར་ཞུགས་པའམ་ཆོག་མཆན་ཐོབ་པ། བཟོ་བཅོས་བྱེད་པ། གོ་ཆོད་པའི་ཟླ་ཚེས་སོགས་ལ་འབྲེལ་བའི་ཆོད་དོན་བཀོད་ཡོད། དེ་ལས་དོ་སྣང་བྱེད་དགོས་པ་ཞིག་ནི། ཆིངས་གཏོགས་རྒྱལ་ཁབ་དུ་གྱུར་བར་བྱེད་ཐབས་གཉིས་ཏེ། ༡ ཐོག་མར་སྲིད་གཞུང་གི་འཐུས་ཚབ་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མདུན་དུ་སྤྱི་ཆིངས་ལ་མིང་རྟགས་འགོད་པ་དང་། དེ་ནས་རྒྱལ་ནང་དུ་སྤྱི་ཆིངས་ལག་བསྟར་བྱེད་པའི་གྲོས་འཆམ་བྱུང་བ་བརྒྱུད་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་ཆོག་མཆན་ཡི་གེ་ཕུལ་དགོས་པ་ཡིན། ༢ མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་ཐད་ཀར་འཛུལ་ཞུགས་ཡི་གེ་སྤྲོད་པ་དེ་ཡིན། དེ་ལྟར་ཆོག་མཆན་ཐོབ་པ་དང་འཛུལ་ཞུགས་ཡི་གེ་སྤྲད་ཚར་རྗེས་ད་གཟོད་སྤྱི་ཆིངས་སུ་ཞུགས་པའི་རྒྱལ་ཁབ་གང་དེར་སྡོམ་གཅུན་གྱི་ནུས་པ་ཐོན་པ་ཡིན་ལ། སྲིད་གཞུང་གི་འཐུས་ཚབ་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མདུན་དུ་སྤྱི་ཆིངས་ལ་མིང་རྟགས་བཀོད་པ་ཙམ་གྱིས་རྒྱལ་ཁབ་གང་དེར་སྡོམ་གཅུན་གྱི་ནུས་པ་མི་ཐོན་ནོ།།
རྒྱལ་ཁབ་འདིར་མཚོན་ན། སྤྱི་ལོ་༡༩༩༧ལོའི་ཟླ་༡༠ཚེས་༢༧ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་རྒྱུན་སྡོད་ཨམ་བན་ཆིན་ཧྭ་སོན་གྱིས་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྒྱ་ནག་སྲིད་གཞུང་གི་ཚབ་བྱས་ཏེ་སྤྱི་ཆིངས་འདིར་མིང་རྟགས་དངོས་སུ་བཀོད་ལ། ༢༠༠༡ལོའི་ཟླ་༢ཚེས་༢༨ཉིན་ཏེ་རྒྱལ་ཡོངས་འཐུས་མི་གྲོས་ཚོགས་སྐབས་དགུ་བའི་ཐེངས་ཉི་ཤུའི་སྟེང་སྤྱི་ཆིངས་འདིར་གྲོས་འཆམ་བྱུང་ཞིང་། ལོ་དེའི་ཟླ་༣ཚེས་༢༧ཉིན་རྒྱ་ནག་ཀྲུའུ་ཞི་ཅང་ཙེ་མན་གྱིས་མིང་རྟགས་བཀོད་པའི་ཆོག་མཆན་ཡི་གེ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཨན་ནན་ལ་སྤྲད་པའི་ཟླ་གསུམ་གྱི་རྗེས་ནས་བཟུང་སྤྱི་ཆིངས་འདི་ཉིད་རྒྱ་ནག་གི་མངའ་ཁོངས་ཡོངས་ལ་ལག་བསྟར་བྱེད་མགོ་ཚུགས།
ནུབ་ཀྱི་གཞུང་ཆེན་རེ་འགར། དམངས་ཚིས་ལེགས་སུ་སྐྱོང་བ་ནི་སྲིད་གཞུང་གང་དེའི་བྱེད་ལས་ཡིན་པར་སྨྲ་བ་བཞིན་དུ། དཔེར་ན་སྲིད་གཞུང་གང་དེས་མི་སེར་ཀུན་ལ་སློབ་གསོ་མྱོང་བའི་ཁེ་དབང་འདྲ་མཉམ་དུ་ཡོད་པར་འགན་སྲུང་དང་སློབ་གསོ་མྱོང་རིན་མེད་པར་གཏོང་བའི་དམིགས་ཡུལ་ཀྱང་༼ཁེ་དབང་དེ་ཉིད་མངོན་འགྱུར་གང་ལེགས་ཡོང་བར་ངོས་འཛིན་བྱུང་བ་སྟེ། ཀ དམའ་རིམ་སློབ་གསོ་ནི་འགན་འབབ་སློབ་གསོར་གཏོགས་པ་དང་། ཆབས་ཅིག་རིན་མེད་སྒོས་རྒྱལ་དམངས་ཀུན་ལ་ཁྱབ་གདལ་གཏོང་དགོས། ཁ འབྲིང་རིམ་ལག་རྩལ་དང་ལས་རིགས་འབྲིང་རིམ་སློབ་གསོ་འདུས་པའི་རྣམ་པ་སྣ་ཚོགས་ཀྱི་འབྲིང་རིམ་སློབ་གསོ་སྟེ། འོས་འཚམ་གྱི་ཐབས་ཤེས་ཡོད་རྒུ་རྩལ་ཏུ་བཏོན་ཞིང་། སྒོས་སུ་རིན་མེད་ཀྱི་སློབ་གསོའི་ལམ་ལུགས་རིམ་གྱིས་ལག་བསྟར་བྱས་ཏེ་མི་རེ་རེ་ནས་སློབ་གསོ་མྱོང་བའི་བསྐལ་བ་ལྡན་དུ་འཇུག་དགོས། ག མཐོ་རིམ་སློབ་གསོ་ནི་དགོས་ངེས་ཀྱི་སྦྱངས་འབྲས་ལ་གཞི་བཅོལ་ཞིང་འོས་འཚམ་གྱི་ཐབས་ཤེས་ཡོད་རྒུ་རྩལ་ཏུ་བཏོན་ནས་མི་ཀུན་ལ་འདྲ་མཉམ་གྱིས་སློབ་གསོ་མྱོང་བའི་སྐལ་བ་ལྡན་དུ་འཇུག་པ་དང་། ཁྱད་པར་དུ་རིན་མེད་ཀྱི་སློབ་གསོའི་ལམ་ལུགས་རིམ་གྱིས་ལག་བསྟར་བྱེད་དགོས་༽ཞེས་པ་དེའོ།། ཡང་ན་སློབ་གསོའི་དམིགས་ཡུལ་ནི་༼མི་གཤིས་དང་རྩིས་ཐང་གི་འདུ་ཤེས་གང་ལེགས་སྒོས་གོང་འཕེལ་འབྱུང་བར་སྐུལ་སློང་དང་། འགྲོ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་བརྩི་འཇོག་བྱེད་པར་ཤུགས་སྣོན་པ། སློབ་གསོ་ཡིས་འགྲོ་མི་ཡོངས་རང་དབང་གི་སྤྱི་ཚོགས་སུ་ཞུགས་ཏེ་གྲུབ་འབྲས་འཇོག་ཏུ་འཇུག་པ་དང་། མི་རིགས་ཕན་ཚུན་དང་རིགས་རྒྱུད། མི་རྒྱུད་དམ་ཡང་ན་ཆོས་ཚོགས་ཕན་ཚུན་བར་རྒྱུས་ལོན་དང་། བཟོད་སྒོམ། མཛའ་བརྩེའི་འབྲེལ་བ་ཡར་སྤེལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་བྱེད་སྒོ་སྣ་ཚོགས་སྔར་ལས་ཇེ་ལེགས་སུ་འགྲོ་བར་ནུས་པ་ཐོན་དགོས་པའི་ངོས་འཛིན་བྱུང་ཡོད་༽པ་སོགས་ཀྱིས་རང་རེའི་སློབ་གསོའི་དམིགས་ཡུལ་ཏེ། རྒྱལ་ཁབ་དང་མི་རིགས། བྱ་བའི་ཆེད་དུའོ་ཞེས་མ་ཎི་ལྟར་བཟློ་བཞིན་པའི་༼རྩ་དོན་༽དེ་ཡང་རྦད་དེ་ནོར་ཡོད་པ་ཤེས་པར་གྱིས། ད་དུང་གངས་སྐྱོན་དང་ས་ཡོམ། ཆུ་ལོག་སོགས་རང་བྱུང་གནོད་འཚེ་ཐེབས་པའི་ཡུལ་དུ་ཡིན་ནའང་རུང་མིན་ནའང་ཆོག ལྟོ་གོས་འདང་ངེས་བསྐྱལ་དགོས་པ་ནི། ༼སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་མི་རེ་རེ་ནས་བཀྲེས་ལྟོགས་མྱོང་མི་དགོས་པའི་རྩ་བའི་ཁེ་དབང་ལོངས་སུ་སྤྱོད་པ་༽དང་། ༼སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་མི་རེ་རེ་ནས་ཁོ་པ་ཚོ་རང་ཉིད་དམ་ཁོ་པ་ཚོའི་ཁྱིམ་ཚང་གི་ཕྱིར་དུ་འདང་ངེས་ཀྱི་ལྟོ་ཆས་དང་། རྒྱབ་གོས། སྡོད་གནས་ཏེ་ཚད་ངེས་ཅན་གྱི་འཚོ་བའི་ཚད་གཞི་བསྐྲུན་པའི་ཁེ་དབང་དང་། འཚོ་བའི་ཆ་རྐྱེན་མུ་ནས་ཇེ་ལེགས་སུ་གཏོང་བའི་ཁེ་དབང་ཡོད་པ་ཁག་ཐེག་བྱས་ཡོད་༽པས་ང་ཚོས་ད་དུང་མིག་ཟུང་བཙན་གྱིས་བཙམ་ཏེ་མགོན་སྐྱོབས་སུ་ཞིག་ལ་ཕྱག་འཚལ་དགོས་པ་དང་བཀའ་དྲིན་ཞུ་དགོས་པ། གཞན་ཞིག་གིས་ཁྱོད་ནི་དྲིན་བྱས་དྲིན་དུ་མི་གོ་བའི་གླང་རྒན་ཞིག་རེད་ཅེ་ནའང་ཁོང་ཁྲོ་རི་འདྲ་བ་ཞིག་ལངས་པས་ཅི་ལ་ཕན་ཨང་།
ད་དུང་ཚབས་ཆེ་བའི་དོན་དག་ཅིག་ནི། ཆུང་དུས་ནས་ལས་ཀ་མ་ལས་ན་ཕྱིས་སུ་ཤངས་འགྲོ་བའི་གཏན་ཚིགས་རུལ་བོ་འདིས། ང་ཚོས་བྱིས་པ་དང་ན་གཞོན་དག་གི་ནུས་སྟོབས་ཀྱིས་མི་ཐེག་པའི་ལས་བསྒྲུབ་ཏུ་འཇུག་པའམ་རུས་ཁུངས་དབང་གིས་མཆོག་དམན་དང་གཙང་བཙོག་བགར་བ་དེ་ཡང་དོན་ཚན་འདི་དང་ཆེས་ཆེར་འགལ་ཡོད་དེ། ༼ན་ཆུང་བྱིས་པ་དང་ན་གཞོན་ཡོངས་ལ་དམིགས་གསལ་གྱི་སྲུང་སྐྱོང་དང་རམ་འདེགས་བྱེད་ཐབས་ལག་ཏུ་བསྟར་དགོས་པ་ལས། སྐྱེས་ཁུངས་སམ་ཡང་ན་ཆ་རྐྱེན་གཞན་གྱི་དབང་གིས་ཁྱད་གསོད་བྱེད་མི་ཆོག་པ་ཡིན། ན་ཆུང་བྱིས་པ་དང་ན་གཞོན་ལ་སྲུང་སྐྱོང་གིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བཤུ་གཞོག་མྱོང་དུ་འཇུག་མི་ཆོག་ཅིང་། ཁོ་པ་ཚོ་གླས་ཏེ་ཁོ་པ་ཚོའི་ཀུན་སྤྱོད་དམ་བདེ་ཐང་ལ་གནོད་པའམ་ཡང་ན་སྲོག་ཉེན་ཡོད་པའི་བྱ་བ་སྒྲུབ་པ། ཡང་ན་ཁོ་པ་ཚོའི་བདེ་ཐང་གི་འཚར་ལོངས་ལ་གནོད་བསྐྱལ་སྲིད་པའི་བྱ་བའི་རིགས་སྒྲུབ་ཏུ་འཇུག་མཁན་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས་པ་ཡིན། རྒྱལ་ཁབ་སོ་སོས་ལོ་ཚོད་གཏན་འཁེལ་བྱས་ནས་གལ་ཏེ་གཏན་འཁེལ་ཟིན་པའི་ལོ་ཚོད་དེའི་མན་གྱི་བྱིས་པ་གླ་མཁན་ལ་བཀག་སྡོམ་མམ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས་པ་ཡིན་༽ཞེས་བརྗོད་ཡོད་པས་ཕྱིར་རོ།།

·གསར་འགྱུར་གོང་མ:དཔལ་འབྱོར་དང་སྤྱི་ཚོཊ། རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས།༡
·གསར་འགྱུར་འོག་མ:དམངས་གཙོ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·རྒྱལ་སྤྱིའི་ཁྲིམས་ལུགས་ངོ་སྤྲོད། 2015/10/25 19:56:44
·དཔལ་འབྱོར་དང་སྤྱི་ཚོཊ། རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས།༡ 2013/9/28 11:37:55
·རླབས་ཆེན་ཐུགས་བསྐྱེད་ཀྱི་འོད་སྣང་། 2011/8/13 18:47:52
·རི་དྭགས་སྲུང་སྐྱོབ་སྐོར་གྱི་ཁྲིམས་ལུགས་ཤེས་བྱ། 2009/12/23 22:49:35
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 17:19:32 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 22:07:19 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 9:10:30 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS