ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> བྱུང་རབས
  གསར་འགྱུར་ཀློག་པ།

འབྲུག་པ་རྒྱལ་ཁབ་ཀྱི་ལམ་ལུགས་ངོ་སྤྲོད་

[རྩོམ་པ་པོ:ལྕང་མའི་གླིང་ག་ལས་དྲངས།  ཡོང་ཁུངས:མཚོ་སྔོན་པོའི་ཟིན་བྲིས།  དུས་ཚོད:2013/9/23 9:11:22  བཀླགས་ཐེངས:3664][ཡིག་གཟུགས:ཡིག་གཟུགས་མདོག]
འབྲུག་པ་རྒྱལ་ཁབ་ཀྱི་ལམ་ལུགས་ངོ་སྤྲོད་གནད་བསྡུས།
 

ལྕང་མའི་གླིང་ག་ལས་དྲངས།
འབྲུག་པ་ནི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི༤༦ཡོད་ཅིང་།  མི་གྲངས་ཁྲི་བདུན་ཅུ་རྩ་ལྔ་ཡོད་པའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན།  ལོ་བརྒྱ་ཡི་རིང་ལ་རུས་རྒྱུད་སྲིད་འཛིན་གཞིས་འཇགས་ལམ་ལུགས་བྱེད་ཅིང་། རྩ་ཁྲིམས་མེད་ཅིང་།  སྲིད་ཏང་ལམ་ལུགས་ཀྱང་མེད།  སྤྱི་ལོ་༡༩༩༨་ལོའིཟླ་བ་༦་པ་ནས་རྒྱལ་སྲིད་ལམ་ལུགས་ལ་འགྱུར་བ་བཏང་ནས།  སྲིད་གཞུང་གི་སྲིད་འཛིན་དབང་ཆ་ཡོངས་རྫོགས་བློན་ཆེན་ཨུ་ཡོན་ཚོགས་པ་ལ་སྤྲད་པ།  སྤྱི་ལོ༢༠༠༨ལོ་ནས་སྔོན་གྱི་ལམ་ལུགས་དེ་པུའུ་ཀྲང་གྲོས་ཚོགས་སུ་བསྒྱུར་ནས་སྲིད་གཞུང་གི་དབུ་འཛིན་དེ་གྲོས་ཚོགས་ཀྱི་ཀྲུའུ་ཞི་བྱས།  སྤྱི་ལོ་༢༠༠༡གི་ཟླ་བ་༩་པ་ནས་རྒྱལ་པོས་སྲིད་གཞུང་གིས་རྩ་ཁྲིམས་ཀྱི་འཆར་ཟིན་བཟོ་དགོས་པའི་བཀའ་བུད་པ།  སྤྱི་ལོ་༢༠༠༥་ལོའི་ཟླ་༣ པར་རྒྱལ་པོས་ཏང་གཉིས་ཀྱི་ལམ་ལུགས་བཙུགས་ནས།  གང་བཟང་གི་འདེམས་ཤོག་འཕེན་དུ་བཅུག་ནས་འདེམས་ཤོག་མང་བ་དེས་སྲིད་འཛིན་ལག་བསྟར་བྱས།  འདེམས་ཤོོག་ཉུང་བའི་ཚོགས་པ་དེས་སྲིད་འཛིན་ལས་དོན་ལ་ལྟ་སྐུལ་དང་།  བསམ་འཆར་འདོོན་མཁན་ཡིན་པར་བྱས།  ཡང་རྩ་ཁྲིམས་དང་བསྟུན་ནས་གྲོས་ཚོགས་གཉིས་འཛུགས་རྒྱུ་དང་།  དེའི་ནང་དུ་རྒྱལ་དམངས་མི་སྣ་བདུན་ཅུ་རྩ་ལྔ་དང་།  རྒྱལ་ཡོངས་ཨུ་ཡོན་ཚོགས་པའི་མི་སྣ་ཉི་ཤུ་རྩ་ལྔ་ཡོད་པ་བྱས།  རྩ་ཁྲིམས་གསར་པ་དང་བསྟུན་ནས་རྒྱལ་པོ་ནི་རྒྱལ་ཁབ་ཀྱི་དཔོན་པོ་ཡིན་ལ།  འོན་ཀྱང་གྲོས་ཚོགས་སུམ་ཆ་གཉིས་ཀྱི་མི་མང་ཁ་མཐུན་ན་རྒྱལ་པོ་ལ་ནག་ཉེས་ཐེར་འདོན་བྱེད་ཆོག་ཅིང་།  གྲོས་ཚོགས་ཀྱི་ཚོགས་གཙོ་ནི་སྲིད་གཞུང་གི་དབུ་འཛིན་ཡིན་པ།  གྲོས་ཚོགས་ཀྱི་ཚོགས་པ་ནི་སྲིད་འཛིན་ཀྱི་ལས་ཁུངས་བྱས།  པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ནི་གཙོ་འཛིན་ཡིན།   སྤྱི་ལོ་༢༠༠༦ལོའི་ལོ་མཇུག་ཏུ་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེས་རང་ཉིད་རྒྱལ་པོའིགོ་ས་ནསཕྱིར་ནུབ་རྒྱུའི་དྲིལ་བསྒྲགས་བྱས།  སྤྱི་ལོ་༢༠༠༦་ལོའི་ཟླ་༡༢་བའི་ཚེས་༡༤་ཉིན་ལ་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་གིས་རྒྱལ་བོའི་སྲིད་དབང་གི་གོ་གནས་ལས་དགོངས་པ་ཞུས་ནས།     སྲས་འབྲུག་རྒྱལ་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་རྒྱལ་ཚབ་ཏུ་བསྐོ་བཞག་གནང་བ་རེད།    སྤྱི་ལོ་༢༠༠༨་ལོའི་ཟླ་བ་༡༡་པའི་ཚེས་༦་ཉིན་ལ་འབྲུག་གི་གནའ་བོའི་གྲོང་ཁྱེར་རྙིང་བ་སྤུ་ན་ཁ་རུ་གཞུང་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་གི་སྟེང་དུ་སྲས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ལ་རྒྱལ་བོའི་དབུ་ཞྭ་དེ་གསོལ་བ་རེད།  འབྲུག་རྒྱལ་པོས་མི་དམངས་གཙོ་ལམ་ལུགས་རྒྱལ་ཇེ་ཆེར་གཏོང་བ་དང་།  རྒྱལ་སྤྱིའི་ལམ་ལུགས་དང་མཐུན་སྦྱོར་བྱེད་པ་རེད།  མི་དམངས་མང་ཚོགས་ཀྱིས་རུས་རྒྱུད་སྲིད་འཛིན་ལམ་ལུགས་ལ་གུས་ཤིང་།  དམངས་གཙོ་ཐལ་དྲག་པ་ལ་འདོད་མཐུན་མེད་པའི་རྣམ་འགྱུར་བསྟན།  འོན་ཀྱང་འབྲུག་རྒྱལ་པོས་འབྲུག་པའི་དམངས་ཚོགས་ལ་རྒྱུན་རིང་གི་བདེ་བ་ཐོབ་དོན་དུ་། དམངས་གཙོ་བྱེད་དགོས་པ་དང་།  ཁེ་ཕན་ཡོད་པའི་ཆབ་སྲིད་ལམ་ལུགས་དེ་རྒྱལ་སྲིད་ལས་ཀྱང་གལ་ཆེ་ཞིང་གནད་འགག་ཆེ་ཞེས་གསུངས།
འབྲུག་པ་རྒྱལ་ཁབ་ཀྱི་འཚོ་བ་བཤད་པ།
༡  འབྲུག་པའི་སློབ་གསོ།  འབྲུག་པས་སློབ་གསོ་ལ་མཐོང་ཆེན་བྱེད་ཅིང་།  སློབ་གསོ་ལ་འདྲ་མཉམ་གྱིས་ཞུགས་ཐུབ་པ་ཡིན།  རྒྱུ་མཚན་དཔལ་འབྱོར་ཆེ་ཆུང་དང་།  སྟོབས་ཤུགས་ཆེ་ཆུང་།  འབྲེལ་བ་ཆེ་ཆུང་བཅས་ལ་ལྟོས་མི་དགོས་པ།  རིག་པ་དང་།  མོས་པ་ཡོད་ན། སློབ་ཆུང་ནས་སློབ་ཆེན་བར་དུ་སློབ་ཡོན་སྐར་མ་གང་སྤྲད་མི་དགོས་ཤིང་། ངོ་སོ་གང་ཡང་ཕུད་མི་དགོས་པ་ཞིག་ཡིན།  སྤྲང་པོའི་བུ་ལ་ཡོན་ཏན་ཡོད་ན།  དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པའི་དཔེ་དེ་འདི་ལ་འབྱོར་གྱི་ཡོད།  དགེ་རྒན་ནི་གཞུང་གི་གླ་ཕོགས་ལེན་མཁན་ཡིན་པས་སློབ་མ་དང་ཁྱིམ་བདག་ལས་རྒྱུ་ནོར་སོགས་རག་རེ་བྱེད་པའི་གོ་སྐབས་མེད།
༢  འབྲུག་པའི་འཕྲོད་བསྟེན།   མི་ཡི་རིགས་ལ་དཀའ་ཁག་ནང་དཀྱིལ་ཆེ་བ་དེ།  ནད་ན་ཚ་ཕོགས་པ་དེ་རེད།  མི་རྣམས་ཀྱིས་མི་ཕོད་རྒྱུ་གཅིག་ཡོད་པ་དེ་ནད་ན་ཚ་ཕོགས་པ་ཡིན་ཟེར་གྱི་ཡོད། རྒྱུན་ལྡན་སྐད་ཆ་ནང་དུ་ང་ན་མི་ཕོད།  ང་ན་ཐབས་ཡོད་རྒྱུ་མ་རེད་ཅེས་བཤད་པའི་གནད་འགག་ནི། ནད་བཅོས་ཀྱི་འགྲོ་སོང་ཆེ་དྲག་པའི་རྒྱུ་མཚན་གྱིས་རེད།  ན་ཚ་དེ་ནི་མི་འདོད་བཞིན་དུ་བྱུང་བ་ཡིན་ལ། ན་ཚ་དེས་ལུས་སེམས་གཉིས་ཀ་སྡུག་ལ་སྦྱར་བ་མ་ཟད།  འགྲོ་གྲོན་ཧ་ཅང་ཆེ།  དེས་ནི་མྱི་ཟད་རྒྱུ་ཟད་བྱེད་ཀྱི་ཡོད།  ན་ཚ་ལས་གྲོལ་བྱེད་ནི།  ནད་བཅོས་ཀྱི་སྨན་ལ་བསྟེན་པ་དེ་ཡིན།  སྨན་གྱི་འགྲོ་གྲོན་ནི་ཧ་ཅང་ཆེ་བས།  དེང་སང་བོད་ཀྱི་རི་སུལ་ན་གནས་པའི་གྲོང་གསེབ་པ་ཁག་ཅིག་སྨན་ལ་བསྟེན་པའི་འགྲོ་གྲོན་གཏོང་མ་ཐུབ་ནས།  ཁྱི་ཤི་སྟངས་བྱེད་ཀྱི་ཡོད་པ་ཡང་ཀུན་གྱིས་ཤེས།  དེ་ལྟར་ན་འབྲུག་པས་ནད་པ་སྨན་ལ་བསྟེན་པ་ན་སྨན་རིན་ལེན་གྱི་མེད་པས་མང་ཚོགས་ཀྱི་ཁུར་པོ་ཇེ་ཡང་བཏང་བའི་རླབས་ཆེན་གྱི་ལས་ཀ་ཞིག་བྱེད་ཀྱི་ཡོད།  ནད་པས་སྨན་རིན་སྤྲད་མི་དགོས་པ་མ་ཟད།  ནད་གཡོག་མེད་མཁན་ལ་འབྲེལ་ཡོད་འགན་ཁུར་པས་ནད་གཡོག་ཀྱང་གཏོང་གི་ཡོད།  ཁ་རྒྱུན་དུ་མི་གསད་ཀྱི་གཤེད་མ་གཉིས་ནི།  སློབ་གསོའི་སྡེ་ཁག་དང་།  འཕྲོད་བསྟེན་གྱི་སྡེ་ཁག་གཉིས་ཡིན་ཟེར།  རྒྱུ་མཚན་ནི་སློབ་ཡོན་དང་།  སྨན་ཡོན་ཆེ་བས་སོ།  འབྲུག་པས་གནད་དོན་དེ་གཉིས་ཐག་བཅད་ཡག་པོ་བྱས་པས་ཀུན་གྱིས་ངོ་མཚར་སྐྱེས།     
༣  འབྲུག་པའི་ཤི་ཆོག     ཡང་དེང་སང་ཤི་ཕོད་མི་ཕོད་ཀྱི་སྐད་ཆ་ཞིག་ཀྱང་ཡོད། དེ་ནི་མི་ཤི་རྗེས་ཀྱི་ཆོ་ག་བྱེད་པའི་འགྲོ་གྲོན་ཆེ་བ་མ་ཟད།  དུར་ས་མི་རག་པ་དང་།  དུར་ས་ཙམ་གྱི་རྒྱ་ཁྱོན་ལ་རིན་སྒོར་ཁྲི་ཁ་ཤས་སྤྲད་དགོས་པ་སོགས་ཀྱི་གནས་ཚུལ་ཚབས་ཆེན་དེ་དག་གིས་ཤི་མི་ཕོད་ཅེས་ལབ་དགོས་བྱུང་།  འབྲུག་པས་མི་ཤི་རྗེས་ཤི་ཆོག་བྱེད་མཁན་གྱི་བླ་མ་གཞུང་གིས་བཀོད་སྒྲིག་བྱས་ཏེ།  དུར་འདེབས་བཅས་པ་ཁོང་ཚོས་འགན་ཁུར་གྱི་ཡོད།
༤  འབྲུག་པའི་དཔལ་འབྱོར་ཡོང་ཁུངས།  
དེང་འཇར་པན་གྱི་དཔལ་འབྱོར་ཡོང་ཁུངས་ནི་ཤེས་རིག་ལག་རྩལ་ལ་བརྟེན་པ་ཡིན་ཞིང་།  མ་རྩའི་རྒྱུ་ཆ་ཉོ་ནས་ནང་འདྲེན་བྱས་ཏེ།  དེ་ལ་ལག་རྩལ་ཡག་པོ་སྤྱད་ནས་ཐོན་རྫས་བཟོས་རྗེས་ཚོང་ར་ལ་བཀོད་དུས་ལྡབ་ལོག་མང་པོ་ཁུག་གི་ཡོད།  
དཔེར་ན་གློག་ཆས་དང་།  རླངས་འཁོར་ཡག་ཤོས་བཟོས་པས་སྒོར་མོ་མང་པོ་རག་གི་ཡོད།  ལག་རྩལ་བཟང་སྟབས་ཀྱིས་སྒོར་མོ་མང་པོ་རྙེད་ཀྱི་ཡོད་པ་ལས།  ཐ་ན་ཁོ་རང་གི་ས་ཁུལ་ནས་གཏེར་མི་སློག་པ། སྐྱེས་ཤིང་མི་བཅད་པ། ལྕགས་རྡོ་ཙམ་ཡང་མི་བཞུ་ནས་མ་རྩ་ཚང་མ་ཉོ་བ་རེད། འོན་ཀྱང་ལག་རྩལ་ཡག་སྟབས་ཀྱིས་འཇར་པན་དཔལ་འབྱོར་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཏུ་གྱུར།
ཨ་རི་ལ་ཆ་མཚོན་ན་མཐོ་རིམ་ལག་རྩལ་གྱིས་ཐོན་རྫས་ཉུང་ཉུང་བཟོས་པས་རིན་གོང་ཆེན་པོ་ཁུག་གི་ཡོད།  ཐོན་རྫས་ཚང་མ་སྤུས་ཀ་བཟང་བས་འཛམ་གླིང་ན་ཨ་རིའི་ཅ་ལག་བཟང་བའི་སྐད་གྲགས་ཡོད།  དེ་ལྟར་ན་འབྲུག་པའི་དཔལ་འབྱོར་ནི་གཙོ་བོ་ཞིང་ལས་དང་།  ཡུལ་སྐོར་ལས་རིགས་ལས་བྱུང་བ་ཡིན་ལ།  ཞིང་ལས་པ་བརྒྱ་ཆ་བརྒྱད་ཅུ་ལ་ས་ཞིང་དང་ཁང་པ་གཉིས་ཀ་་་་་་འཛོམས་ཡོད།  ཡུལ་སྐོར་ལསརིགས་ཀྱང་ཚད་འཛིན་ཡོད་པ་ལས་ཅི་མོས་མོས་བྱེད་ཀྱི་མེད།  དཔེར་ན་ལོ་རེའི་ཡུལ་སྐོར་ལས་རིགས་ཀྱི་ཡུལ་སྐོར་བ་གྲངས་ངེས་ཅན་ཞིག་སྣེ་ལེན་བྱས་རྗེས་མཚམས་བཅད་ཀྱི་ཡོད།  ཡུལ་སྐོར་གྱི་དུས་མཚམས་བརྒལ་རྗེས་འབྲུག་ཡུལ་དུ་སྡོད་མཁན་ཡོད་ན། སྒོར་མོ་ལྡབ་ལོག་མང་པོས་སྡོད་ཆོག་གི་ཆོག་མཆན་ཞུ་དགོས་པ་ལས་འདུག་མི་ཆོག  དེ་ཡང་ཡུལ་སྐོར་བ་མང་དྲག་ན་ཁོར་ཡུག་གཏོར་བརླག་ཤོར་གྱི་རེད་སྙམ་ནས་སྐྲག་པ་རེད།  རྒྱུ་མཚན་འདིས་འབྲུག་པས་ཁོར་ཡུག་སྲུང་སྐྱོང་ནི་
ལས་འགན་ཨང་དང་པོའི་གྲལ་དུ་བཞག་ཡོད་པ་གོ་ཐུབ། དེ་ལྟར་ན་བཟོ་ལས་ཆུང་ཆུང་ཙམ་ལས་བཟོ་ལས་ཆེན་པོ་བྱེད་ཀྱི་མེད།  གཏེར་སློག་པ་དང་།  སྐྱེས་ཤིང་གཅོད་པ།  རི་དྭགས་གཅན་གཟན་གསད་པ་སོགས་ནི་དེ་ལས་ཀྱང་བྱེད་ཀྱི་མེད།  རང་བྱུང་གི་ཁོར་ཡུག་ན།  རང་བྱུང་གི་མི་ལ།  རང་བྱུང་གི་བདེ་སྐྱིད་ཐོབ་པ་ནི་འབྲུག་པ་ཡིན་པ་མ་ཟད།  འཛམ་གླིང་ན་བདེ་སྐྱིད་ཀྱི་གྲངས་ཀ་མང་བ་དེ་ཡང་འབྲུག་པ་ཡིན་ཞེས་ཀུན་གྱིས་ཁས་ལེན་གྱི་ཡོད།
འབྲུག་པ་རྒྱལ་ཁབ་ཀྱི་འཕེལ་རྒྱས་མ་དཔེ་དང་བདེ་སྐྱིད་རིན་ཐང་བསྡོམ་འབོར།
《དཔལ་འབྱོར་ལྟ་ཞིབ་ཚགས་པར་》ལས   བཀྲ་ཤིས་དབྱངས་ཅན་གྱིས་བསྒྱུར།
འབྲུག་པ་རྒྱལ་ཁབ་ལ་ས་ཞིང་རྒྱ་ཁྱོན་བསྡོམས་འབོར་ལ་ལེ་དབར་གྲུ་བཞི་མ་བདུན་སྟོང་དང་། མི་འབོར་ཁྲི་བརྒྱད་དང་བདུན་ཅུ་ལས་མེད་པའི་རྒྱལ་ཁབ་ཆེས་ཆུང་བ་འདི་ཀྲུང་གོ་བ་ཉུང་ཤོས་ཤིག་གིས་ཆ་རྒྱུས་ཡོད་པའི་རྒྱལ་ཁབ་ཆུང་ཤོས་ཤིག་ཡིན་ནའང་། འབྲུག་ཡུལ་མ་དཔེ་ཅེས་པའི་དར་སྤེལ་གཏོང་ཚུལ་དེར། ཉེ་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། དེའང་འབྲུག་ཡུལ་མ་དཔེ་ཅེས་པ་ནི་དངོས་པོ་དང་བསམ་པ་ཕྱོགས་གཉིས་ལ་མཉམ་དུ་འཕེལ་རྒྱས་ཕྱིན་པ་ལ་མཐོང་ཆེན་ཞིང་། ཁོར་ཡུག་སྲུང་སྐྱོང་དང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་བྱེད་པ་དེ་དཔལ་འབྱོར་གོང་སྤེལ་གཏོང་བའི་ལས་དང་པོ་ཞིག་ལ་བརྩིས་བཞིན་ཡོད་པ་དང་། གོང་སྤེལ་འགྲོ་ཚད་ཀྱི་སྡུར་ཚད་དེ་རྒྱལ་དམངས་བདེ་སྐྱིད་རིན་ཐང་GNHཡིན་གྱི། ང་ཚོས་ནམ་རྒྱུན་བེད་སྤྱོད་བྱེད་པའི་GDPརྒྱལ་དམངས་སྤྱིའི་དཔལ་འབྱོར་ནི་མིན། རྒྱལ་དམངས་བདེ་སྐྱིད་རིན་ཐང་ཞེས་པ་དེ་ཆེས་ཐོག་མར་འབྲུག་ཡུལ་གྱི་རྒྱལ་པོ་སེངྒེ་རབ་བརྟན་གྱིས་བཏོན་པ་རེད། ཁོང་གིས་སྲིད་གཞུང་གིས་ཆབ་སྲིད་ལག་ལེན་གཏོང་སྐབས་གཙོ་བོ་སྤྱི་དམངས་ཀྱི་བདེ་སྐྱིད་སྐོར་ལ་དོ་སྣང་བྱ་དགོས་པ་དང་བདེ་སྐྱིད་དངོས་སྒྲུབ་རྒྱུ་དེ་དམིགས་ཡུལ་དུ་འཛིན་དགོས་ཀྱི་རེད་བསམ་གྱི་ཡོད་པ་རེད།
ཁོང་གིས་མི་ཚེ་རྩ་བའི་གནད་དོན་ནི་དངོས་པོའི་འཚོ་བ་དང་བསམ་བའི་འཚོ་བ་གཉིས་ཀྱི་བར་གང་འདྲ་བྱས་ནས་དོ་མཉམ་པ་བྱུང་བར་སྲུང་འཛིན་བྱེད་ཐུབ་དགོས་ཞེས་བཏོན་ཡོད་པ་རེད། དེ་འདྲ་བའི་སྲིད་སྐྱོང་བྱེད་པའི་འདུ་ཤེས་ཀྱི་མཛུབ་སྟོན་འོག་ཏུ། འབྲུག་ཡུལ་རྒྱལ་ཁབ་གསར་གཏོད་ཀྱི་སྒོ་ནས་སྲིད་གཞུང་གིས་སྲིད་ལེགས་སྐྱོང་དང་དཔལ་འབྱོར་གོང་སྤེལ། རིག་གནས་དར་སྤེལ། ཁོར་ཡུག་སྲུང་སྐྱོང་བཅས་བཞི་ལས་གྲུབ་པའི་རྒྱལ་དམངས་བདེ་སྐྱིད་རིན་ཐང་གི་དམིགས་ཚད་བཏོན་པས། ལག་ལེན་དངོས་ཐོག་ནས་ཆ་སྙོམས་GDPམི་རེ་ལ་ཨ་རིའི་སྒོར་༧༠༠ལྷག་ལས་མེད་པའི་འབྲུག་ཡུལ་རྒྱལ་ཁབ་ཀྱི་མི་དམངས་རྣམས་ཀྱང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད། དོགས་གཟབ་བྱེད་དགོས་ས་ནི་འབྲུག་ཡུལ་རྒྱལ་པོས་རྒྱལ་དམངས་བདེ་སྐྱིད་ཀྱི་རིན་ཐང་འདོན་དུས་འབྲུག་ཡུལ་ནི་ཡོ་རུབ་གླིང་དུ་ཆེས་དབུལ་བའི་རྒྱལ་ཁབ་ཞིག་ཡིན་ཞིང་། ནུབ་ཕྱོགས་རྒྱལ་ཁབ་འཕེལ་རྒྱས་ཀྱི་བྱུང་ཚུལ་ལ་གཞིགས་ནས་དབུལ་པའི་རྒྱལ་ཁབ་ཀྱིས་དབུལ་པོ་ལས་སྒྲོལ་དགོས་ན་ཐོག་མར་དཔལ་འབྱོར་གོང་སྤེལ་གཏོང་རྒྱུ་དེ་གཙོ་བོར་འཇོག་དགོས་ཤིང་དེ་འདྲ་བའི་དཔལ་འབྱོར་གོང་སྤེལ་གཏོང་ཐུབ་པའི་དམིགས་བཀར་གྱི་སྲིད་ཇུས་འགན་ལེན་ཏན་གཙོར་བྱེད་པ་དེས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་ཞེས་པ་དེ་སྟོང་བཤད་ལྦུ་བ་ཞིག་ཏུ་འགྱུར་བར་ངེས། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ཉི་ཤུ་ལྷག་གི་རིང་ལ་ཁོར་ཡུག་གྱོང་གུད་དང་ཐོན་ཁུངས་གྱོང་གུད་བྱས་ནས་དཔལ་འབྱོར་གོང་སྤེལ་དམིགས་སུ་བཀར་བའི་འགྲོ་ལམ་འགན་ལེན་ཏན་ཏིག་བྱས་པ་རེད། འགྲོ་ལམ་འདིར་དམངས་ཡོངས་ཀྱིས་རིན་པ་ཆེས་ཆེན་པོ་བཏང་ཡང་ཐོབ་འབྲས་ཧ་ཅང་དམའ་བ་ཞིག་ཏུ་གྱུར་ཡོད། འབྲུག་ཡུལ་རྒྱལ་ཁབ་ཀྱིས་ཁོར་ཡུག་སྲུང་སྐྱོང་དམིགས་སུ་བཀར་བའི་འགྲོ་ལམ་དེ། རྒྱལ་དམངས་ཀྱི་ཡོང་འབབ་ཇེ་མཐོར་གཏོང་བ་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོང་ཡང་དག་བྱས་ཏེ་གདོད་མའི་ནགས་ཚལ་གྱིས་ཁེབས་ཁྱོན་ཡ་གླིང་དུ་ཨང་དང་པོར་གྱུར་ཞིང་། རྒྱལ་ཡོངས་ཀྱི་ས་ཁྱོན་༧༤¡ëལ་ནགས་ཚལ་གྱིས་ཁེབས་ཡོད་པ་རེད། དེ་མ་ཟད་འབྲུག་ཡུལ་ལ་ཡུལ་སྐོར་སྤྲོ་སེང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་རེད། ཡིན་ན་ཡང་ཁོར་ཡུག་སྲུང་སྐྱོང་གི་ཆེད་དུ་འབྲུག་ཡུལ་གྱིས་ཡུལ་སྐོར་ཡོང་བའི་མི་སྣ་ལ་མཐའ་གཅིག་ཏུ་ཚོད་འཛིན་གཟབ་ནན་བྱེད་ཀྱི་ཡོད་དེ། ན་ནིང་ལོ་གཅིག་ནང་ལ་འཐུས་མཆན་བཀོད་པའི་ལག་ཁྱེར་ཐོབ་ནས་ཡོང་བའི་མི་གྲངས་༦༠༠༠ཁ་ལ་ཟིན་མེད། དེ་ལྟར་ཡིན་ན་ཡང་རྒྱལ་ཁབ་ཀྱིས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་པའི་རྐྱེན་གྱིས་ད་ལོར་རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་ཁུངས་ཀྱིས་གནང་བའི་སའི་གོ་ལ་སྐུ་སྲུང་པ་ཞེས་པའི་བྱ་དགའ་ཐོབ་ཡོད་པ་རེད།
འབྲུག་ཡུལ་གྱིས་ཁོར་ཡུག་སྲུང་སྐྱོང་གཙུག་ཏུ་འཛིན་པ་མ་ཟད་སྲོལ་རྒྱུན་གྱི་རིག་གནས་སྲུང་སྐྱོང་བྱེད་པའི་སྐོར་ལའང་ཐབས་ཤེས་ནན་པོ་སྤྱད་ཡོད། དེ་འདྲ་བཤད་ན་མི་རྣམས་ཀྱི་སེམས་ལ་འབྲུག་ཡུལ་ནི་སྙིང་ཞེན་བག་འཁུམ་དང་ཕྱི་མི་ཟུར་ཕུད་བྱེད་པའི་རྒྱལ་ཁབ་ཞིག་རེད་བསམ་ནས་གོ་འཛོལ་ཡོད་ན་ཐང་། དོན་དངོས་ཐོག་འབྲུག་ཡུལ་རྒྱལ་ཁབ་ཀྱིས་༡༩༦༠ལོ་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་དབྱིན་སྐད་ནི་འབྲུག་པ་རྒྱལ་ཁབ་ཀྱི་ཁྲིམས་བཀོད་ཀྱི་སྐད་རིགས་ཤིག་ཏུ་ཆགས་ཡོད། ཉིན་ཞིག་ལ་སིང་ཀ་ཕོར་གྱི་མཁས་ཆེན་ཞིག་འབྲུག་ཡུལ་དུ་ཐོན་དེ་ས་གནས་དེའི་མི་སེར་གྱིས་དབྱིན་ཇིའི་སྐད་བྱང་མ་རྒྱག་པ་ཐོས་རྗེས་ཧ་ལས་ནས་འབྲུག་ཡུལ་མི་ཡིས་དབྱིན་སྐད་བཤད་པ་དེ་སིང་ཀ་ཕོར་མིའི་དབྱིན་སྐད་ལས་དག་འདུག་ཅེས་ངོ་མཚར་བརྗོད་པ་རེད། འབྲུག་ཡུལ་རྒྱལ་ཁབ་ཀྱིས་ལག་ལེན་བྱེད་ཚུལ་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་ཡོད་ཅིང་། འཛམ་གླིང་ཐོག་གི་སྙན་གྲགས་ཅན་གྱི་དཔལ་འབྱོར་རིག་པ་བ་མི་ཉུང་བ་ཞིག་གིས་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཆུང་ཆུང་དེ་ལ་མིག་རྒྱང་འཕེན་ཏེ། འབྲུག་ཡུལ་མ་དཔེ་ལ་ནན་གྱིས་ཞིབ་འཇུག་བྱ་འགོ་ཚུགས་པ་རེད། ༢༠༠༢ལོར་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་ཨ་མི་རི་ཁའི་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོ་ཁའུ་མེར་དང་དཔལ་འབྱོར་རིག་པ་རྣམས་རིག་པ་མཉམ་འབྲེལ་བྱས་ནས་རྒྱལ་དམངས་བདེ་སྐྱིད་བསྡོམས་འབོར་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད།
ལོ་༢༠ལྷག་གི་ཀྲུང་གོའི་འཕེལ་རྒྱས་ལ་ལྟར་ན་འབྲུག་ཡུལ་གྱི་མ་དཔེ་ལ་སློབ་སྦྱོང་བྱ་དགོས་ཀྱི་རེད། ཀྲུང་གོའི་དཔལ་འབྱོར་གོང་སྤེལ་ལོ་རེ་ལ་ཆ་སྙོམས་༩¡ëཡི་འཕར་སྣོན་ཕྱིན་ཡོད་ཅིང་། འཛམ་གླིང་ལ་ངོ་མཚར་བའི་དཔལ་འབྱོར་འཕེལ་ཚད་བསྐྲུན་ཡོད་ཀྱང་དཔལ་འབྱོར་གོང་སྤེལ་ཐུབ་པ་ཕར་ཞོག་དེ་ལས་ལྡོག་ཏེ་ལོ་རེ་བཞིན་དུ་མར་ལྷུང་བཞིན་ཡོད་པ་རེད། དེ་བརྟེན་བར་མེད་དུ་དཔལ་འབྱོར་གོང་དུ་སྤེལ་བའི་དམིགས་ཡུལ་ནི་ཅི་ཞིག་རེད་ཅེས་དྲི་བ་མི་བཏོན་ཀ་མེད་རེད།
 
·གསར་འགྱུར་གོང་མ:ཁེ་ལས་སྐོར་གྱི་གཏམ་བཤད་ཅིག
·གསར་འགྱུར་འོག་མ:དཔལ་འབྱོར་དང་སྤྱི་ཚོཊ། རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས།༡
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 14:57:07 [来自: 112.5.236.197]

 评论者:Jolyn
Pleasing you should think of soeimhtng like that http://zvpqkrb.com [url=http://oufsizpmdnw.com]oufsizpmdnw[/url] [link=http://miagll.com]miagll[/link]
发表时间:2016/10/26 13:44:10 [来自: 188.143.232.32]

 评论者:Bobcat
You put the lime in the <a href="http://grslhdqc.com">coocnut</a> and drink the article up.
发表时间:2016/10/24 23:44:10 [来自: 188.143.232.27]

འབྲེལ་ཡོད་དཔྱད་བརྗོད 45 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS