ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> བྱུང་རབས
  གསར་འགྱུར་ཀློག་པ།

འབའ་ཡུལ་ཇོ་བོ་རིན་པོ་ཆེའི་བྱུང་བ་བརྗོད་པ།

[རྩོམ་པ་པོ:མཁར་བྱམས་  ཡོང་ཁུངས:དྲ་ཐོག  དུས་ཚོད:2013/9/19 10:58:57  བཀླགས་ཐེངས:2103][ཡིག་གཟུགས:ཡིག་གཟུགས་མདོག]
              ༄༅།།འབའ་ཡུལ་ཇོ་བོ་རིན་པོ་ཆེའི་བྱུང་བ་བརྗོད་པ།

 
དང་པོ། བོད་ཡུལ་དུ་ཇོ་བོ་རིན་པོ་ཆེ་བྱུང་བའི་ལོ་རྒྱུས།
སྤྱིར་བོད་ཀྱི་ལོ་རྒྱུས་སྟེང་ན་ཇོ་བོ་ཆེན་པོ་བཞི་ཡོད་དེ། དང་པོ་ནི། ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས་པའི་ ཇོ་བོ་རིན་པོ་ཆེ་སྟེ།སངས་རྒྱས་ཞལ་དངོས་སུ་བཞུགས་པའི་སྐབས་སུ་བཞེངས་པའི་ དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ཅན་དེ་ཡིན་ཞིང་། དེ་ལ་ད་ལྟའི་བར་དུ་ལོ་ངོ་ཉིས་སྟོང་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་དང་། འདི་ལས་རང་རེའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ངོ་བོ་དང་ལོ་རྒྱུས་མཚོན་ ཡོད་པར་མ་ཟད།འཛམ་གླིང་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་དང་རྩ་ཆེ་བའི་རང་ བཞིན་ཡང་མཚོན་ཡོད།
  གཉིས་པ་ནི། ར་མོ་ཆེ་གཙུག་ལག་ཁང་དུ་བཞུགས་པའི་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཅན་ཇོ་བོ་མི་ བསྐྱོད་རྡོ་རྗེ་ཡིན་པ་དང་། གོང་གི་ཇོ་བོ་འདི་རྣམ་གཉིས་ནི་རྒྱ་བཟའ་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་རྣམ་གཉིས་ ཀྱིས་བོད་དུ་གདན་དྲངས་པའི་རྟེན་མཆོག་ཏུ་གྱུར་བ་ཞིག་ཡིན་པར་མ་ཟད། དེང་སྐབས་འཛམ་གླིང་སྟེང་གི་རྟེན་གཙོ་བོའི་གྲས་ཡིན།
  གསུམ་པ་ནི།བསྟན་པ་ཕྱི་དར་གྱི་ཐོག་མར་ལོ་྄ཙྭ་བ་རིན་ཆེན་བཟང་པོས་བཞེངས་པའི་ མངའ་རིས་ཇོ་བོ་ཡིན། ཇོ་བོ་འདི་བཞེངས་བྱེད་ཀྱི་རྒྱུ་ཆའི་ཐད་ནས་གསེར་དངུལ་དང་གཡུ་བྱུར། མུ་མེན། མུ་ཏིག་ལ་སོགས་པ་འཇིག་རྟེན་ན་རྙེད་པར་དཀའ་བའི་རིན་པོ་ཆེ་འབའ་ཞིག་ལས་གྲུབ་ པས་རིན་ཐང་གཞལ་དུ་མེད་ལ། ལོ་རྒྱུས་ཀྱི་ཐད་ནས་བསྟན་པ་ཕྱི་དར་གྱི་མགོ་ནས་ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་ ལྷག་གི་ལོ་རྒྱུས་ལྡན། བྱིན་རླབས་གྱི་ཐད་ནས་བརྗོད་ནའང། ལོ་ཙྰ་བ་རིན་ཆེན་བཟང་བོ་དང་མཉམ་མེད་ཇོ་བོ་རྗེ་ལ་སོགས་པའི་སངས་རྒྱས་དངོས་དང་ མཚུངས་པའི་སྐྱེས་ཆེན་དམ་པ་དག་གིས་བྱིན་གྱིས་རླབས་པའི་རྟེན་མཚོག་བླ་ན་མེད་པ་ཞིག་ཡིན།
  བཞི་བ་ནི། མདོ་སྨད་ཀྱི་ཁྲི་ཀའི་ཇོ་བོ་ཡིན། ཇོ་བོ་འདི་ནི་འཇམ་མགོན་ས་སྐྱ་པཎ་ཆེན་མཆོག་གོང་མ་གོ་དན་རྒྱལ་པོས་གདན་ཞུས་ སྐབས། གོང་མས་ཁོང་ལ་མུ་ཏིག་དྲེལ་ཁལ་གཅིག་ཕུལ་ཏེ།ཕྱིར་ཁྲི་ཀའི་གནས་འདི་བརྒྱུད་ནས་ ཕེབས་སྐབས་དྲེལ་ཉལ་བསྡད་ནས་མ་སོང་པར། ཁོང་གིས་རྟེན་འབྲེལ་འགྲིག ཇོ་བོ་རིན་པོ་ཆེའི་གདུལ་བྱ་གནས་འདིར་ཡོད་གསུང་ནས། མུ་ཏིག་རྡོག་པོ་སྦྲེལ་ཏེ་ཇོ་བོ་ཞིག་བཞེངས་པ་དེ་ཡིན་ལ། འདི་ལ་ཕལ་ཆེར་ལོ་ངོ་བརྒྱད་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན་མོད། ཡིན་ནའང་རིག་གནས་གསར་བརྗེའི་སྐབས་སུ་འཇིག་པར་སོང།
  དེང་དུས་འདིར་མཚོ་སྔོན་འབའ་རྫོང་དུ་སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེ་མཆོག་གིས། རིག་གནས་སློབ་གསོའི་རྟེན་གཞིར་གྱུར་པའི་འབའ་ཡུལ་པོ་ཏ་ལར་འབོད་པའི་ཁྱད་ཆོས་ ལྡན་པའི་བཟོ་སྐྲུན་འདི་ལྟ་བུ་ཞིག་ལེགས་འགྲུབ་བྱུང་བ་ལ། ནང་རྟེན་ཁྱད་པར་ཅན་ཞིག་མེད་དུ་མི་རུང་བ་དང་། ང་ཚོའི་མང་
འབའ་བྱ་གསུམ་ གྱིས་མཚོན་པའི་ཡུལ་་གྲུ་འདིར་ལོ་རྒྱུས་ལྡན་པའི་རྟེན་མཆོག་ཞིག་མེད་པ་བཅས་ལ་ དམིགས་ནས། ལོ་རྒྱུས་རང་བཞིན་ལྡན་པའི་ཇོ་བོ་འདི་ཉིད་བལ་ཡུལ་ནས་གདན་དྲངས་ཏེ་འབའ་ཡུལ་ཇོ་ བོ་ཞེས་མཚན་གསོལ་བ་ཡིན།
  གཉིས་པ། འབའ་ཡུལ་ཇོ་བོ་རིན་པོ་ཆེ་ཇི་ལྟར་བཞེངས་པའི་ཚུལ།
འབའ་ཡུལ་ཇོ་བོ་རིན་པོ་ཆེ་འདི་ཉིད་ནི་བལ་ཡུལ་ནས་བཞེངས་དགོས་པའི་རྒྱུ་མཚན་ནི།མཉམ་ མེད་བཅོམ་ལྡན་འདས་ཀྱི་ཤྰཀྱའི་གདུང་རྒྱུད་བལ་ཡུལ་དུ་ཡོད་པ་དང་། བལ་ཡུལ་དུ་ཤྰཀྱའི་རིགས་ཀྱི་བཟོ་རྩལ་མིང་དུ་གྲགས་ལ་ད་ལྟའི་བར་དུ་ལོ་ངོ་ཉིས་ སྟོང་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པར་མ་ཟད།འཛམ་གླིང་སྟེང་གི་བཟོ་རྩལ་ཨང་ དང་པོར་གྱུར་ཡོད།དེའི་རྒྱུ་མཚན་གྱིས་བཟོ་རྩལ་ཕུལ་དུ་བྱུང་ཞིང་ཤྰཀྱའི་གདུང་ རྒྱུད་དངོས་ཀྱི་བཟོ་རྩལ་མི་སྣ་བརྒྱད་ཀྱིས་དུས་ཡུན་ཟླ་བ་བཅུ་གཅིག་ལྷག་གི་ རིང་ལ་སྲོལ་རྒྱུན་གྱི་ལག་རྡུང་ཁོ་ན་ལ་བརྟེན་ནས་བཞེངས་གྲུབ་བྱུང་བ་ཞིག་ཡིན་ པས།གཅིག་ནས་ལོ་རྒྱུས་ལ་བསམ་བློ་བཏང་པ་དང་གཉིས་ནས་རིགས་རྒྱུད་ལ་བསམ་བློ་བཏང་པ། གསུམ་ནས་བཟོ་རྩལ་ལ་བསམ་བློ་བཏང་སྟེ་བལ་ཡུལ་ནས་བཞེངས་པ་ཡིན།
  བཞེངས་ བྱེད་ཀྱི་རྒྱུ་ཆ་ཟངས་དང་། ལི་དང་།གསེར་བསྲེས་ཏེ་བཟོས་པ་དང་།ཆེ་ཆུང་གི་ཐད་ནས་སྐུ་ཕྱོགས་རིན་པོ་ཆེ་ཁོང་ དང་བདག་ཅག་གི་བསོད་ནམས་ལ་དམིགས་ཏེ་ལྷ་སའི་ཇོ་བོ་རིན་པོ་ཆེ་ལས་ཚུན་གསུམ་ གྱིས་དམའ་བར་བཞེངས་ཡོད་པ་མ་གཏོགས། སྐུའི་མ་ཡིག་དང་ཆེ་ཚད། ཕྲ་རྒྱན། བཟོ་ལྟ་སོགས་ཕྱོགས་གང་ཅིའི་ཐད་ནས་ལྷ་སའི་ཇོ་བོ་རིན་པོ་ཆེ་དང་མཐུན་པར་བཞེངས་ ཡོད་ལ། ཁྱད་པར་དུ་རྒྱལ་ཁབ་ནང་གི་བཟོ་རྩལ་ལས་རིང་དུ་བརྒལ་ཡོད་པས། རྒྱུ་ཁྱད་དུ་འཕགས་པ་དང་བཟོ་རྩལ་ཕུལ་དུ་བྱུང་བ་སོགས་ཀྱི་ཁྱད་ཆོས་མང་བོ་མངོན་སུམ་དུ་ལྡན།
གསུམ་པ། གཟུངས་འཇུག་རྟེན་གྱི་དཀར་ཆག་ཉུང་ཙམ།
ནང་ རྟེན་ལ་འཇིག་རྟེན་འདིར་ཆེས་རྙེད་པར་དཀའ་ཞིང་མཆོག་ཏུ་གྱུར་པའི་རྟེན་མཆོག་ ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་པ།ཁམས་གསུམ་འགྲོ་བའི་བླ་མ་ཤར་ཙོང་ཁ་པ་རྗེ་རིན་ པོ་ཆེ་མཆོག་གི་གདུང་རུས་ཏོག་ཙམ་དགའ་ལྡན་རྣམ་པར་གླིང་ནས་ཕེབས་པ། མདོ་སྨད་བསྟན་པའི་འབྱུང་ཁུངས་སྐུ་འབུམ་བྱམས་པ་གླིང་གི་རྗེ་རིན་པོ་ཆེ་ འཁྲུངས་ཤུལ་གྱི་སྐུ་འབུམ་གསེར་སྡོང་གི་སྡོང་བོའི་ཡལ་གརྗེ་རིན་པོའི་བུ་ཆེན་ བསྟན་པ་ཕྱོགས་མཐར་སྤེལ་བའི་བུ་ཆེན་བཞིའི་ནང་ཚན།མདོ་སྨད་པ་ཚ་ཁོ་ངག་དབང་གྲགས་ པའི་གདུང་ཚྭ་འཁྲུལ་མེད།འཇམ་མགོན་ས་སྐྱ་པཎ་ཆེན་གྱི་ན་བཟའ་ཏོག་ཙམ་དང་།འབྱུང་ བཅུད་བསྡུས་པའི་རིལ་བུ་བྱིན་ཅན།སེ་ར་ཐེག་ཆེན་གླིང་གི་ཐུགས་རྗེ་ཆེན་པོའི་ སྐུ་བརྙན་གྱི་གཟུངས་འཇུག་ལས་ཐོན་པའི་རྒྱལ་དབང་སྐུ་ཕྲེང་བདུན་པའི་ན་བཟའ་ཏོག་ ཙམ་དང་།གྲུབ་ཆེན་འདར་འཕྱར་བའི་ཕུར་དཀྲིས་ན་བཟའ་ཏོག་ཙམ།འབྲས་སྤུངས་སྔགས་པ་ གྲྭ་ཚང་གི་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་དར་དཔྱངས་བྱིན་ཆེན།གཙང་བཀྲ་ཤིས་ ལྷུན་པོ་ནས་ཐོན་པའི་པཎ་ཆེན་སྐུ་ཕྲེང་དང་པོ་ནས་དགུ་བའི་བར་གྱི་གདུང་ཚ་བྱིན་ ཆེན་དང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཤངས་ཁྲག་ལས་བཞེངས་པའི་འཇིགས་བྱེད་དཔའ་གཅིག་ གི་སྐུ་བརྙན་སོར་ཚད། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཤངས་ཁྲག་འཐོར་བའི་ན་བཟའ་ཏོག་ཙམ་དང་དབུ་སྐྲ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་རྟེན་སྐལ་དུ་གནང་བའི་རྗེའི་ལམ་རིམ་ ཆེན་མོ་དཔེ་རྙིང་། ལྷ་སའི་ཇོ་བོའི་ན་བཟའ་ཁ་ཚང་དང་རྟེན་འདུས་རིལ་བུ་སོགས་རྒྱལ་ཁབ་ཕྱི་ནང་གི་ཚད་ ཐུབ་རྟེན་འདུས་རིལ་བུ་སྣ་ཚོགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྟེན་འདུས་རིལ་བུ་དང་ཀུན་མཁྱེན་སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་མཆོག་གི་དབུ་སྐྲ། ཡོངས་ ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཕྱི་དར་བསྟན་པའི་སྲོག་ཤིང་། རྗེ་དགེ་འདུན་རྒྱ་མཚོ་ཞལ་སྔ་ནས་ཡབ་སྲས་ཀྱི་སྐུ་ཆོས་དང་དབུ་སྐྲ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་གདུང་ཚྭ།རེབ་གོེང་རོང་བོ་དགོན་ཆེན་གྱི་ རྟེན་འདུས་རིལ་བུ་དང་། ཤར་ཚང་གིས་གནང་བའི་རྡུལ་ཚོན་བྱེ་མ་དང་དུས་འཁོར་ སྔགས་རིལ་བྱིན་ཆེན།གཞན་ཡང་གཙང་དགོན་པ་དང་ར་རྒྱ་དགོན་པ།གསེར་ལག་དགོན་པ་སོགས་ གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག་གི་རྟེན་སྐལ་དང་ཚད་ལྡན་རྟེན་འདུས་རིལ་བུ། བླ་བྲང་དགོན་དང་སྐུ་འབུམ་དགོན་གྱི་གཟུངས་ཆ་ཚང་ཚར་གཉིས་བཅས་ལེགས་པར་བསྒྲུབས་ ཏེ་སྐུ་འབུམ་གསེར་སྡོང་མདུན་དུ་བཞག་པ་དང་།སངས་རྒྱས་བཅོམ་ལྡན་གྱི་ཆོས་འཁོར་ བསྐོར་བའི་དུས་བཟང་གི་ཉིན།སྐུ་འབུམ་དགོན་གྲྭ་ཚང་ཡོངས་ཀྱིས་རབ་གནས་དང་བྱིན་རླབས་མཛད།
  སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ལུགས་རྙིང་ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། སྐུ་འབུམ་བྱམས་པ་གླིང་ནས་བསུས་ཏེ། དགོན་གོང་མ། ཤ་སྦྲང་ཚོ་དྲུག འབའ་ལུང་བ། རྨ་བྱང་ཞོལ་མ་བཅས་ཀྱིས་ས་གནས་སོ་སོ་ནས་བསུ་བ་རླངས་འཁོར་བརྒྱད་བརྒྱ་དང་དྲུག་ ཅུ་ལྷག་དང་། དགེ་སློབ་བདུན་བརྒྱ་ལྷག་གིས་ཆོས་དར་དང་མེ་ཏོག ཁ་དར་བཅས་བཟུང་ནས་བསུ་བ་དང་། གསེར་ལག་དགོན་དང་དཀར་མོ་དགོན་པ་གཙོ་བྱས་པའི་བླ་གྲྭ་ལྔ་བརྒྱ་ལྷག་གིས་སེར་ སྦྲེང་རྒྱ་ཆེན་པོ་བྱས་ཏེ། འབའ་རྫོང་པོ་ཏ་ལའི་ཇོ་བོའི་ལྷ་ཁང་དུ་གདན་དྲངས་པ་ཡིན།
  དེ་ལྟའི་རིན་ཐང་ཆེ་ ཞིང་བྱིན་རླབས་ལྡན་པའི་འབའ་ཡུལ་ཇོ་བོ་རིན་པོ་ཆེ་འདིར་བྱོན་པ་ནི་སྐུ་ཕྱོགས་ ཨོའུ་རྒྱ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་སྨོན་ལམ་ལས་གྲུབ་པ་ཡིན་ལ།ང་ཚོ་འབའ་ ཡུལ་གྱི་ལོ་རྒྱུས་སྟེང་གསར་དུ་བྱུང་བའི་བསོད་ནམས་ཀྱི་ཞིང་མཆོག་དམ་པའང་ཡིན།
  མདོར་ན། འཛམ་གླིང་ཞི་བདེ་ཡོང་བ། མི་རིགས་མཛའ་བརྩེ་མཐུན་པ། སྲིད་འབྱོར་རིག་གསུམ་དར་བ། ཀུན་ལ་བདེ་སྐྱིད་འཛོམ་པའི་སྨོན་ལམ་དང་བཅས་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ སྦྱར་བ་དགེའོ།།

དགེ་འདིས་འཛམ་གླིང་བདེ་སྐྱིད་དཔལ་གྱིས་འཚོ།།
སྲིད་འབྱོར་རིག་གསུམ་དབང་ཐང་ལྷག་པར་དར།།
མི་རིགས་མཛའ་བརྩེ་མཐུན་སྒྲིལ་ལག་རྡང་སྦྲེལ།།
དགའ་དད་སྟོབས་ཀྱིས་ཡུལ་ཕྱོགས་སྐྱིད་པར་སྨོན།།

སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ལུགས་རྙིང་ཟླ་དྲུག་པའི་ཚེས་བཅུ་བཞིའི་ཉིན།
·གསར་འགྱུར་གོང་མ:བྱེ་འགོག་དཔའ་བོ་བྲ་ཁྱོམ་དཀོན་མཆོག་དཔལ་བཟང་གི་མཛད་རྗེས།
·གསར་འགྱུར་འོག་མ:དུས་གསར་དྲ་བ་དངོས་སུ་ཤར་གཏོང་བྱས་ཡོད།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·པོ་ཏཱ་ལར་འགྱུར་བ་ཇི་བྱུང་གཏམ་བཤད་ཟིན་བྲིས། 2015/6/16 18:01:20
·བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན༡ 2012/11/23 20:14:00
·སྡེ་རོང་ཚེ་རིང་དོན་འགྲུབ་ཀྱིས་བོད་ཀྱི་ལོ་རྒྱུས་སྐོར་གླེང་བ། 2012/8/27 22:52:59
·དོར་ཞི་ཚང་གིས་ལོ་རྒྱུས་ཤེས་དགོས་པའི་གལ་ཆེན་རང་བཞིན། 2012/1/31 21:07:37
·འབྲུག་ཡུལ་གྱི་ལོ་རྒྱུས་མདོར་བསྡུས། 2011/10/20 11:32:24
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 15:40:34 [来自: 112.5.236.197]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 5:16:01 [来自: 111.144.227.221]

 评论者:7SijLE0v
http://www.3145.com/list/18youxiang.htm
http://www.3456.cc/Dianzi_Youxiang/index.html
http://www.3456.cm/mail.htm
http://www.6296.com.cn/s/res.html
http://www.3721.cc/youxiang/
发表时间:2015/12/2 13:50:49 [来自: 111.144.226.138]

འབྲེལ་ཡོད་དཔྱད་བརྗོད 38 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS