གླུ་མ་དབྱངས་ཅན་མ་ལ་ཀྲུང་གོའི་རྨི་སྒྲའི་བྱ་དགའ་ཐོབ་པ།


ཧྲང་ཧེ་ཤར་ཕྱོགས་སྲུང་སྐར་བརྙན་འཕྲིན་ནས་གཉེར་བའི་༼ཀྲུང་གོའི་རྨི་སྒྲའི་༽གླུ་དབྱངས་འགྲན་ཚོགས་དེ་ཟླ་གསུམ་ལྷག་རིང་ཛ་དྲག་པའི་འགྲན་བསྡུར་་བྱས་པ་བརྒྱུད་མཐའ་མཇུག་གི་རྒྱལ་ཕམ་ཤན་འབྱེད་འགྲན་བསྡུར་དེ་མདང་ནུབ་༼ཟླ་ཚེས་༢༥༽དགོང་མོ་སྤེལ་རྗེས། ལིས་ཞང་ཞང་ལ་ཨང་དང་པོ་ཐོབ་ནས་ཀྲུང་གོའི་འདུན་རྟེན་(Chinese Idol)གྱི་མཚན་སྙན་ཐོབ་པ་དང་། དབྱངས་ཅན་མ་ལ་ཨང་གཉིས་པ། ཨའེ་ཧྥེས་ལ་ཨང་གསུམ་པ་ཐོབ་པ་རེད། འོན་ཀྱང་གཟིགས་མོ་བའི་དཔྱད་ཞིབ་ཚོགས་པ་དང་སྨྱན་སྦྱོར་གསར་ལམ་ཁག་གིས་དབྱངས་ཅན་མ་ལ་སྐར་མ་མཐོ་བ་སྤྲད་ཡོད་ཀྱང་། དཔྱད་འདེམས་པ་བཞི་པོས་ཁ་གཅིག་གྲགས་ཐོག་ལིས་ཞང་ཞང་བདམས་ཐོན་སོང་བ་དེས་དཔྱད་འདེམས་པ་ཁོང་ཚོས་སྔོན་ནས་གཅིག་གྱུར་གྱིས་གྲོས་བསྡུར་བྱས་ཚར་ཡོད་པའི་དོགས་གཞི་ཞིག་སྐྱེས་བྱུང་།