ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

ཚངས་དབྱངས་དྲ་བ་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ།

[རྩོམ་པ་པོ:བསམ་གཏན།  ཡོང་ཁུངས:ཚངས་དབྱངས་དྲ་བ།  དུས་ཚོད:2009/11/6 12:29:36  བཀླགས་ཐེངས:1204][ཡིག་གཟུགས:ཡིག་གཟུགས་མདོག]
ཚངས་དབྱངས་དྲ་བ་ལེགས་གྲུབ་བྱུང་བར་
བཀྲ་ཤིས་བདེ་ལེགས་ཞུ།
 
      ཉེ་བའི་ལོ་ཤས་ནང་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཏེ་འུ་ཅག་གིས་ཀྱང་བརྡ་འཕྲིན་དུས་རབས་ཀྱི་བག་མ་བསུ་འགོ་བརྩམས་ཤིང་། བག་མ་དེས་བསྩལ་བའི་ཕྱིའི་གཟུགས་ཀྱི་ཆ་དང་ནང་བཅུད་ཀྱི་ཆ་དེ་ལ་ཡང་མྱོང་རོལ་གང་ལེགས་བྱེད་བཞིན་མཆིས། བག་མ་དེ་བརྒྱུད་ནས་མི་སོ་སོའི་ནང་སེམས་ཀྱི་འཆར་སྒོ་གང་མང་ཞིག་སྦ་གསང་མེད་པར་ལྷུག་པོར་བརྗོད་པ་དང་། དེ་ལས་འཛམ་གླིང་འདི་ཡང་ཤེས་རྟོགས་རགས་ཙམ་བྱུང་སྟེ་རྟོགས་པ་སད་པའི་མི་བུ་གང་མང་ཞིག་བསྐྱེད་བསྲིང་བྱས་ཏེ། ལོ་ངོ་སྟོང་ཕྲག་མང་པོའི་གངས་རིའི་སྦུགས་སུ་ཉལ་བའི་གངས་ཅན་པ་ཞེས་གྲགས་པའི་མི་རིགས་འདི་ལ་གཡོ་སྐྱོམ་གང་མང་ཞིག་ཐེབས་ཡོད།
      བརྡ་འཕྲིན་དུས་རབས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ལྕེ་ལྡན་སུ་དང་།སྨྱུག་འཛིན་པ་སུ་ཡིན་ཡང་ཆེ་བ་རྒྱལ་ཁབ་དང་མི་རིགས་། ཆུང་བ་ཁྱིམ་ཚང་དང་མི་སྒེར་ཡན་གྱི་གནས་ཚུལ་ལྷུག་པོར་བརྗོད་ཆོག་ལ།  ཚགས་པར་དང་དུས་དེབ་སོགས་ལྟར་མི་བུའི་ཡོན་ཚད་ལ་གཞལ་ཏེ་རྩོམ་བཀོད་པ་མ་ཡིན་པར། རང་ཉིད་ལ་འདོད་པ་ཡོད་ན་ཅི་དགར་བཀོད་ཆོག་པའི་ཚད་བཀག་གི་ར་བ་ལས་རིང་དུ་འདས་པ།  དུས་དང་ཡུལ་གྱིས་མ་བསྐལ་བས་རིང་ས་གླིང་འདིའི་རྒྱ་མཚོ་ཆེན་པོའི་ཕ་རོལ་གྱི་རྒྱལ་ཁབ་རྣམས་དང་།  ཐུང་ས་རང་གི་ཉེ་འཁོར་དུ་ཡོད་པའི་གྲོང་པ་ཁྱིམ་མཚེས་རྣམས་ཀྱིས་ཀྱང་དུས་གཅིག་ཉིད་དུ་ཅི་བདེར་གཟིགས་ཆོག་པའི་དངོས་གནས་སྒྱུ་མའི་འཕྲུལ་གྱི་དྲ་བ་ཞེས་མི་རྣམས་ཀྱིས་བསྟོད་པས་དོན་ལ་གནས་པར་སྣང་ངོ་།
     འདིར་གླེང་བར་བྱ་བ་ནི་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ལྷག་བསམ་དག་ཅིང་། ཤེས་རིག་ཡོན་ཏན་གྱིས་ཕྱུག་པའི་མི་བུ་སྙིང་སྟོབས་ཅན་འགའ་ཤས་ལྷན་དུ་བསྡོམས་ཏེ་ཚངས་དབྱངས་དྲ་བ་ཞེས་བརྗོད་བྱ་གཙོ་བོ་བོད་ཀྱི་རོལ་དབྱངས་དང་།  གཞས་ཚིག   མགུར་གླུ་སོགས་བྱས་པའི་དྲ་བ་འདི་འདྲ་ཞིག་བརྩམས་གྲུབ་ཡོད་པས།  དེ་ལ་གུས་པས་ལྷ་རེག་དཀར་འཇམ་སྲིད་ན་རིང་བ་ལག་གཉིས་ཀྱིས་མཐོ་པོར་བཏེགས་ཏེ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་རྗེས་མར་ཡང་ལེགས་ཐོག་ལེགས་བརྩེགས་ཀྱིས་དྲ་བ་འདི་བཞིན་ལྗོངས་ཕྱི་ནང་གི་སྐྱེ་བོ་དོན་གཉེར་ཅན་རྣམས་ཀྱི་ཁྱིམ་གཞིས་ལྟར་བུར་ཆགས་ནས།  མར་མེ་སྣུམ་ཟད་ལྟར་གྱི་བོད་ཀྱི་རིག་གནས་འདི་ཉམས་པ་སྲུང་སྐྱོབ། མ་ཉམས་གོང་འཕེལ་ཡོང་བར་བརྟུན་པ་ཆུ་བོའི་རྒྱུན་བཞིན་གནང་བར་ཞུ་ཞེས་གྲོགས་བསམ་གཏན་མིང་ཅན་གྱིས་ལག་འདབ་སྙིང་ཁར་སྦྱར་ཏེ་ཞུའོ།  །
·གསར་འགྱུར་གོང་མ:གླིང་གེ་སར་རྒྱལ་པོ།
·གསར་འགྱུར་འོག་མ:གེ་སར་སྒྲུང་གི་ཡིག་བསྒྱུར་ཐད་ཀྱི་གནད་དོན་ལ་ཅུང་ཟད་དཔྱད་པ་།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 15:05:13 [来自: 112.5.236.197]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 3:12:00 [来自: 111.144.227.221]

 评论者:7SijLE0v
http://www.3145.com/list/18youxiang.htm
http://www.3456.cc/Dianzi_Youxiang/index.html
http://www.3456.cm/mail.htm
http://www.6296.com.cn/s/res.html
http://www.3721.cc/youxiang/
发表时间:2015/12/2 11:48:04 [来自: 111.144.226.138]

འབྲེལ་ཡོད་དཔྱད་བརྗོད 44 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS