ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ཡོ་རོབ་གླིང་དུ་འབྲོག་པའི་འབྲི་གཡག་ཉོས་པ།

[རྩོམ་པ་པོ:སོག་མདའ།  ཡོང་ཁུངས:ངེད་  དུས་ཚོད:2013/8/17 14:02:41  བཀླགས་ཐེངས:1094][ཡིག་གཟུགས:ཡིག་གཟུགས་མདོག]
ཡོ་རོབ་གླིང་དུ་འབྲོག་པའི་འབྲི་གཡག་ཉོས་པ།

སོག་མདའ།

ཕ་ཡུལ་བཞག་ནས་མི་ཡུལ་གྱར་བའི་མི་ཞིག་ལ་མཚོན་ན་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་ཕ་མ་སྤུན་མཆེད་སོགས་རིང་ནས་གྱེས་པས་ང་ལ་མཚོན་ན། སློབ་སྦྱོང་དང་ལས་ཀ་སྣ་མང་པོ་ཞིག་གི་གཡས་སྐོར་གཡོན་སྐོར་ཀྱི་མི་ལོ་བཅུ་གསུམ་ལྷག་གི་མི་ཚེ་འདི་ལྟར་རྫོགས་ཤིང་། སྤྱི་ལོ་༢༠༡༡ལོར་སི་ལོ་བི་ནི་ཡ་ནས་ཡིན་པའི་བཟའ་ཟླ་དབང་མོ་ལགས་དང་གཉེན་སྒྲིག་བྱས་ནས་ད་ལྟ་སི་ལོ་བི་ནའི་རྒྱལ་སའི་འགྲམ་གྱི་གྲོང་བརྡལ་ཆུང་ཆུང་ལྟ་ན་སྡུག་པ་རྒྱབ་རི་རི་བོ་དང་རི་བོ་ནགས་ཀྱིས་བསྐོར་བ། མདུན་ལ་མཚོ་མོ་འཁྱིལ་ཞིང་མཚོ་ལ་ཉ་མོ་ འཁོར་བ་། ཆུ་བྱ་དང་ཁྲུང་ཁྲུང་སོགས་རང་དགར་རྒྱུ་བའི་གནས་ཡུལ་འདི་རུ་གནས་སྡོད་བྱས་ཡོད། ཉེ་ཆར་ང་དང་བཟའ་ཟླ་གཉིས་ཁྱིམ་མཚེས་རྒྱལ་ཁབ་གྱི་ཨོ་སི་ཁྲི་རི་ཡི་རུ་གཡག་ཡོད་པ་ཤེས་ནས་སྤྱི་ལེ་སུམ་བརྒྱ་ལྷག་གི་སར་རླངས་འཁོར་བསྐོར་ནས་བལྟ་རུ་སོང་བ་ཡིན། སྤྱིར་སི་ལོ་བི་ནི་ཡ་ནི་རང་བྱུང་ལྟ་ན་སྡུག་ལ་སྟོད་ལ་རྫ་རི་མུ་ཁྱུད་ཀྱིས་བསྐོར་ཞིང་བར་དུ་ནགས་ཀླུང་ཕྱུག་མོས་མཛེས་པ། འགྲམ་ཏུ་དྭངས་གཙང་གི་ཆུ་བོ་ཤག་ཤག་འབབ་པའི་རང་བྱུང་མཛེས་པ་འཕྱུར་བ་ནི་ས་ཆ་འདིའི་རང་བཞིན་ཡིན། འདི་ལྟར་ཁྱིམ་མཚེས་རྒྱལ་ཁབ་ཨོ་སི་ཁྲི་རིའི་ཡ་ཡང་མཛེས་སྡུག་ལྡན་པའི་ས་ཆ་ཞིག་རེད། བཟའ་ཟླ་ངེད་གཉིས་རི་ལུང་དང་ལམ་ཆེན་ལམ་ཆུང་མང་པོ་བརྒྱུད་མཐར། རི་བོ་ཅུང་མཐོ་ཞིངམཚོ་ངོས་ལས་མཐོ་ཚད་༡༤༠༠ལྷག་ཡོད་པའི་རི་ངོས་ཞིག་ཏུ་ཁྱིམ་ཚང་ཞིག་འདུག་ལ། ཕ་རྒན་གྱི་མིང་ལ་བོ་གི་ར་ཙི་དང་མ་རྒན་གྱི་མིང་ལ་ཨ་ནེ་ལས་ཙེ་ཟེར། དེ་རུ་གཡག་རྒོད་དམ་བོག་ཐུག་གཅིག  འབྲི་མོ་གཅིག །འབྲི་མོ་དེ་ལ་གསར་ཏུ་བཙས་པའི་བེའུ་ཉིན་བདུན་སོང་བ་ཞིང་དང་། གཞན་ལོ་གཅིག་འགོར་བའི་ཡ་རུ་ཞིག་བཅས་འདུག་པས། ཁོང་ཚོས་གཡག་གི་མིང་ལ་ཀེ་ལ་ཤ་དང་འབྲི་མོའི་མིང་ལ་བཀྲ་ཤིས་བདེ་ལེགས། ཡ་རུའི་མིང་ལ་ལྷ་ས་ཟེར་བཏགས་འདུག །ངས་འབྲི་གཡག་རྣམས་མཐོང་བས་མི་ལོ་བཅོ་གསུམ་ལྷག་མཐོང་མ་མྱོང་བའི་འབྲི་གཡག་དེ་དག་དངོས་སུ་མཐོང་བས་སེམས་ལ་བཤད་མི་ཤེས་པའི་ཚོར་བ་ཞིག་བྱུང་། དགའ་སྐྱོ་འདྲེས་ མའི་སེམས་ཡན་ཞིག་གི་ཁྲོད་ནས་རེ་ཞིག་ང་རང་བྱིས་དུས་ཕ་ཡུལ་རྩྭ་ཐང་གི་རྣམ་པ་ སེམས་ལ་དབང་མེད་དུ་ཤར། འབྲི་གཡག་ཚོས་ཀྱང་་ང་མཐོང་བ་དང་། བདག་པོ་ངོ་མ་བཞིན་དུ་ངའི་གམ་ཏུ་ཡོང་བས། ངས་ཀྱང་ཁོང་གཉིས་ཀྱི་བསིགས་ཁ་དང་ཐོད་པའི་རྭ་བར་ལ་ལག་པས་བྱུགས་བྱུགས་བྱས་པ་ཡིན། འབྲི་གཡག་འདི་ཚོས་ང་ལ་འདི་འདྲའི་དུང་བ་ཞིག་སྟེར་དགོས་ཅི་ཞིག་ཡིན་ནམ། བོད་ཡུལ་དང་བྲལ་བའི་མི་ཡུལ་གྱི་ལུང་པ་འདི་ནས་ཁོང་ཚོ་སར་དམིགས་བསལ་གྱི་བལྟ་རུ་ཡོང་པའི་རྒྱུ་མཚན་གྱིས་ཡིན་ནམ། ཡང་ན་ངའི་ལུས་ལ་བོད་ཆས་གྲལ་དག་ཞིག་གོན་ཡོད་པས་ཡིན་ནམ། གང་ལྟར་འབྲི་གཡག་འདི་ཚོ་དང་ངའི་བར་ན་འགྲེལ་བཤད་ཐུབ་པའི་འབྲེལ་ཐག་དམ་པོ་ཞིག་གི་བཅིངས་འདུག །ང་ཚོ་ཁོང་ཚང་གི་ཁྱིམ་དུ་འཛུལ་བས་གཡས་ཕྱོགས་སུ་བོད་ནས་ནམ་རྒྱུན་འབྲོག་ཁྱིམ་ཚོས་གོ་ཁར་བཏིང་པའི་བག་སྟན་ཞིག་བཏིངས་འདུག་པས། ང་ནི་རང་དབང་མེད་པར་དེའི་ཐོག་དཀྱིལ་ཀྲུང་ངང་འདུག་དགོས་བྱུང་བ་དང་ངའི་ཕ་ཡུལ་དུ་ཡང་བག་སྟན་ཡོད་པའི་ལོ་རྒྱུས་བཤད། ཨོ་སི་ཁྲི་ལི་ཡའི་ཁྱིམ་ཚང་དུ་མགྲོན་པོ་གལ་ཆེན་སླེབས་སྐབས་ཟ་མ་སྣ་མ་བཟོ་ཞིང་། དང་པོ་ཁུ་བ་དང་དེ་ནས་ཚལ་རིགས་དང་གོ་རེ། དེ་ནས་མངར་ཟས་དང་ཤིང་ཏོག་སོགས་འདྲེན་པའི་སྲོལ་འདུག ། ང་ཚོ་ཉིན་གུང་དྲོས་ཇ་འཐུང་ཚར་བའི་རྗེས་སུ་ཡང་བསྐྱར་འབྲི་གཡག་ཚོ་བལྟ་རུ་སོང་ནས་འབྲི་གཡག་ཚོ་དང་ལྷན་པར་བླངས་པ་སོགས་བྱས་ནས་ཕྱིར་རང་ཁྱིམ་ཏུ་ལོག །ཆུ་ཚོད་གསུམ་ལྷག་གི་རྗེས་སུ་རང་ཁྱིམ་དུ་འབྱོར། རང་ཁྱིམ་ཏུ་ཐོན་དུས་ངའི་ཁ་པར་གང་སར་བཙལ་ཀྱང་མ་རྙེད་པ་བོར་བརླགས་བྱུང་འདུག །བོར་བརླགས་བྱུང་ས་འབྲི་གཡག་ཡོད་སའི་ཁྱིམ་ཚང་ལས་ཕལ་ཆེར་འགྲོ་ས་མེད་པ་འདྲ། དེ་ནས་བཟའ་ཟླ་ངེད་གཉིས་ལབ་གླེང་སྣ་ཚོགས་ཀྱི་སྒོ་ནས་་ཁྱིམ་ཚང་དེར་ཡོད་པའི་འབྲི་མོ་ཆུང་ཆུང་ཡ་རུ་མིང་ལ་ལྷ་ས་ཟེར་བ་དེ་ཉོ་རྒྱུ་གྲོས་ཐག་བཅད་ནས། ནོར་བདག་ལ་འབྲེལ་བ་བྱས་པ་དང་ངའི་ཁ་པར་ཀྱང་དེ་རུ་ཡོད་མེད་སོགས་སྐད་ཆ་དྲིས་པས། ཁོང་གིས་བཟའ་ཟླ་ངའི་ཁ་པར་ཀྱང་རྙེད་འདུག །ངའི་བཟའ་ཟླ་ལ་ཀུ་རེ་དང་ལྷན་ཏུ་ངའི་ཁ་པར་དེ་རུ་བོར་བརླགས་སོང་བ་དང་ཡང་བསྐྱར་རྙེད་པ་ནི། ངེད་གཉིས་འབྲི་མོ་དེ་ཉོས་དགོས་པ་དང་ངེད་གཉིས་ཡང་བསྐྱར་ཁྱིམ་ཚང་དེ་རུ་འགྲོ་དགོས་པའི་བཀོད་སྒྲིག་རེད་ཅེས་བཤད། འདི་ལྟར་ཟླ་ངོ་གཅིག་གི་རྗེས་སུ་ངེད་གཉིས་ཡང་བསྐྱར་འབྲི་མོ་ཉོ་སའི་ཁྱིམ་ཚང་དེ་དང་གཞན་ཁྱིམ་ཚང་གཞན་ཞིག་ཏུ་གཡག་ཞིག་ཀྱང་བཙོང་རྒྱུ་ཡོད་པས་དེ་རུ་སོང་ནས། འབྲི་གཡག་འདི་གཉིས་ཉོ་རྒྱུ་ཐག་གིས་བཅད་།
དེ་ནས་ཉིན་འགའི་རྗེས་ཏེ་ཟླ་འདིའི་ཚེས་བཅུ་གསུམ་ཉིན་ཞོགས་པའི་ཆུ་ཚོད་བཞི་བའི་ཐོག་ཆེད་དུ་དུད་འགྲོ་སྒོ་ཟོག་སྐྱེལ་འདྲེན་བྱེད་མཁན་གྱི་རླངས་འཁོར་ཞིག་གླས་ནས་ཞོགས་པའི་མཁའ་རླུང་གཙང་ཞིང་གནམ་ན་སྐར་ཚོགས་ཀྱིས་ཁེངས་པའི་ཞོགས་སྔ་བོ་དེར་ང་དང་བཟའ་ཟླ་རླངས་འཁོར་བསྐོར་མཁན་གྱི་ཁ་ལོ་བཅས་ལམ་ལ་ཆས། ང་ཚོ་མཛེས་སྡུག་ལྡན་མའི་རི་ལུང་གང་མང་བརྒྱུད་མཐར་ཞོགས་པའི་ཆུ་ཚོད་བདུན་པ་ཙམ་ལ་འབྲི་མོ་ཉོ་སའི་ཁྱིམ་ཚང་ཏུ་འབྱོར་ཞིང་། ཁྱིམ་བདག་མས་ང་ཚོ་ཡོང་བ་ཤེས་པས་ཞོགས་ཇ་ཚིགས་ཇ་དང་གོ་རེ་དང་ཕྱུར་བ་སོགས་གྲ་སྒྲིག་གང་ལེགས་བྱས་འདུག །དེ་ནས་ང་ཚོ་ཞོགས་ཇ་འཐུང་ཞོར་ཡིག་ཆ་ཁ་ཤས་ཐོག་ས་ཡིག་རྒྱག་དགོས་པ་དང་། རྒྱལ་ཁབ་གཅིག་ནས་གཅིག་ལ་སྐྱེལ་འདྲེན་བྱེད་སྐབས་སུ་དགོས་པའི་ཆ་རྐྱེན་རྣམས་ཡོངས་སུ་ནོར་བདག་གིས་བཟོས་ཚར་འདུག །དེ་ནས་ང་ཚོ་འབྲི་མོ་ཆུང་ཆུང་ལྷ་ས་རླངས་འཁོར་ནང་བཅུག་པ་དང་། ནོར་བདག་གཉིས་ལ་ལྷ་སའི་རྔ་མ་ནས་ཆུང་ཆུང་ཞིག་བཅད་ནས་ཁོང་གཉིས་ལ་ཁ་བཏགས་ཞིག་དང་ལྷན་ཏུ་སྤྲད་པ་ཡིན། འདི་ནི་ང་ཚོ་བོད་ཀྱི་འབྲོག་ཕྱོགས་ཀྱི་སྲོལ་རྒྱུན་ཞིག་ཡིན་ལ་འབྲི་གཡག་བཙོང་བ་འམ་གཞན་ལ་སྟེར་སྐབས་སུ་རྔ་མ་ནས་ཅུང་ཟད་བཅད་ནས་ཉར་སྲོལ་ཡོད། འབྲི་གཡག་ཁྱེད་ཀྱིས་ཁྱེར་ནའང་གཡང་ངས་ཉར་བ་ཡིན་པའི་སྲོལ་ཡིན་པ་དང་རྔ་མ་བཅད་པའི་རྔ་རྩིད་གཡང་མདའི་ནང་འདོགས་སྲོལ་ཡོད།  ང་ཚོ་ཞོགས་པའི་ཉི་གཞོན་དང་ལྷན་ཏུ་ཁྱིམ་ཚང་དེ་ནས་ཁ་གྱེས་སྐབས་སུ་ཁོང་བཟའ་ཟླ་གཉིས་ཀྱང་ཅུང་སེམས་པ་སྐྱོ་གི་འདུག་ལ། ངའི་སེམས་སུ་ཡང སྐྱོ་བའི་རྣམ་པ་ཞིག་ཤར་བྱུང། འབྲི་མོ་ཆུང་ཆུང་ཕ་མ་གཉིས་དང་ཁ་བྲལ་ནས་མི་ཡུལ་གཞན་ཞིག་ལ་འགྲོ་དགོས་བྱུང་སོང་བསམ་པས་ཡིན། ཡིན་ན་ཡང་ངའི་སེམས་སུ་ངའི་འབྲི་མོ་ཆུང་ཆུང་འདི་ལ་རང་གི་བུ་ཕྲུག་བཞིན་གཉོར་སྐྱོང་བྱ་རྒྱུ་ཡིན་བསམ་པའི་ཚོར་སྣང་ཞིག་རང་བཞིན་གྱིས་སྐྱེས།  ཁྱིམ་ཚང་འདི་དང་ཁ་གྱེས་ནས་ཆུ་ཚོད་གཅིག་གི་རྗེས་སུ་གཡག་ཉོ་སའི་ཁྱིམ་ཚང་དེ་རུ་འབྱོར་ཞིང་དེ་ཡང་མཚོ་ངོས་ལས་མཐོ་ཚད་དྲུག་བརྒྱ་ལྷག་རེད་འདུག་ལ། ཁྱིམ་ཚང་དེ་ལ་ཁྱོན་བསྡོམས་འབྲི་གཡག་བཅུ་ལྷག་འདུག་ལ། ངས་ཉོས་པའི་གཡག་ནི་འབྲི་མོ་དང་ལོ་མཉམ་རེད། ཁོང་གི་ཁང་བའི་ཕྱོགས་གཅིག་ལ་བོད་ལྟར་རྡོ་ཡི་རྩིག་པ་མཐོན་པོ་བརྩིགས་ཞིང་དེའི་ཐོག་ལ་དར་ལྕོག་འཐེན་ནས་བོད་ཀྱི་རྣམ་པ་ཡོང་ཅི་ཐུབ་བྱས་འདུག །ཁོང་ནི་བོད་ལ་ཆ་རྒྱུས་ཧ་ཅང་ འདུག་ལ་ལ་དྭགས་སོགས་སུ་ཡུན་རིང་འགྲོ་མྱོང་བ་མ་ཟད་བོད་ལ་ཡང་འགྲོ་མྱོང་བ་ཞིག་རེད། ཁོང་གིས་བོད་ལ་ཧ་ཅང་གི་དགའ་བོ་བྱེད་ཀྱི་འདུག་ལ་བོད་མི་ལ་དེ་བས་ཀྱང་ཤ་ཚ་ཆེ་བ། དེའི་རྒྱུ་མཚན་གྱིས་འབྲི་གཡག་འདི་དག་ཀྱང་ཉར་འདུག །
དེ་ནས་ང་ཚོས་སླར་ཡང་ཡིག་ཆ་སོགས་རྩིས་ལེན་བྱས་པ་དང་ཁ་བརྡ་ལབ་གླེང་གང་འཚམས་ཁྲོད་ནས་གཡག་ཀྱང་རླངས་འཁོར་ནང་བཅུགས་ནས་ལམ་ལ་ཆས་ཞིང་ཕྱི་དྲོ་ཆུ་ཚོད་བཞི་པའི་ཐོག་བདེ་ལེགས་ངང་རང་ཁྱིམ་དུ་འབྱོར། འདི་ལྟར་བོར་བརླགས་བྱུང་པའི་ཁ་པར་ཡང་ཕྱིར་རྙེད་པ་དང་འབྲོག་པའི་རྩྭ་ཐང་ནས་འཚར་ལོངས་བྱུང་ཞིང་རྟ་ནོར་ལུག་གསུམ་ལྷན་གཉོམ་ལག་རྒྱས་པའི་འབྲོག་ཕྲུག་ཅིག་མི་ལོ་བཅུ་གསུམ་རྗེས་སུ་མི་ཡུལ་གྱི་ལུང་པ་ནས་སླར་ཡང་དུང་སེམས་དང་བརྩེ་བ་ཟབ་པའི་འབྲི་གཡག་དང་ལྷན་ཏུ་འཛོམས་རྒྱུ་བྱུང་།
༢༠༡༣་༨་༡༦་ཉིན་རང་ཤག་ནས་ཤར་མར་ཡི་གེ་ཕབ།
·གསར་འགྱུར་གོང་མ:འགྲན་རྩོམ་བསྡུ་བའི་བརྡ་ཡིག
·གསར་འགྱུར་འོག་མ:གླུ་བ་ཀུན་དགའི་ཆེད་བསྒྲིཊ་གསར་བ་སེམས་ནང་གི་གླུ་ལེཊ་གྲུབ་བྱུང་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:48:13 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:25:22 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 23:17:52 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS