ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
གསར་འགྱུར་ཀློག་པ།

སློབ་གསོ་བ་ཞིག་གི་བློ་གྲོས་ལས་ཐོན་པའི་གསེར་གྱི་གཏེར་ཁ།

[རྩོམ་པ་པོ:ཤེས་རབ་བསྟན་དར།  ཡོང་ཁུངས:h]ojsmgonjbo  དུས་ཚོད:2013/8/9 19:02:32  བཀླགས་ཐེངས:918][ཡིག་གཟུགས:ཡིག་གཟུགས་མདོག]
སློབ་གསོ་བ་ཞིག་གི་བློ་གྲོས་ལས་ཐོན་པའི་གསེར་གྱི་གཏེར་ཁ།'

ཤེས་རབ་བསྟན་དར།

གཞན་དོན་གྱི་ཆེད་དུ་གསོན་པའི་མི་ཞིག་ཡིན་ན། ཁོང་གི་གསུང་བཤད་ནི་ཁོང་གི་བློ་གྲོས་ལས་ཀྱང་རིན་ཐང་བྲལ་བ་ཞིག་སྟེ། བློ་གྲོས་ཀྱི་དྭངས་མ་ལས་བྱུང་ཞིང་འགྲོ་བའི་རྨོངས་པ་སེལ་བར་བྱེད་པའི་རྐྱེན་གྱིས་ཡིན་པས་སོ། ། དེ་བས་ང་ཚོས་འཇིག་རྟེན་འདིའི་སྐྱེས་བུ་ཆེན་པོ་དག་གི་གསུང་བཤད་ལ་སློབ་པ་ནི་དེ་དག་གི་ཐུགས་ཀྱི་མཁྱེན་པ་དང་བློ་ཡི་རྣམ་དཔྱོད། ཕན་པའི་ལྷག་བསམ་ལ་སློབ་སྦྱོང་བྱེད་པའི་ཆེད་དུ་ཡིན་པས། སྐྱེས་བུ་ཆེན་པོ་དེ་དག་གི་གསུང་གི་ཟེགས་མ་རེ་རེ་ཡང་རིན་ཐང་བྲལ་བའི་ནོར་བུ་ཇི་བཞིན་སྙིང་གི་ནོམ་དུ་གསག་འོས་ལ། མིག་གི་དཔལ་དུ་བསྟེན་འོས་པ་ཞིག་ཡིན།
བདག་ཅག་གི་སྟོན་པ་འཇིག་རྟེན་དུ་བྱོན་པའི་དགོས་པ་ཡང་གདུལ་བྱའི་ཆེད་དུ་ཡིན་ལ། ཁོང་གིས་གདུལ་བྱའི་ཆེད་དུ་མཛད་པ་སྣ་ཚོགས་ཤིག་མཛད་ཡོད་ན་ཡང༌། མཛད་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་གསུང་གི་མཛད་པ་ཡིན། ཁོང་གི་གསུང་གི་ཟེར་མ་རེ་རེས་འཇིག་རྟེན་གྱི་མུན་པ་མཐའ་དག་སེལ་བར་བྱེད་ཅིང་འགྲོ་བའི་སྡུག་བསྔལ་མཐའ་དག་འཇོམས་པར་བྱེད། དེ་བས་རྗེ་བླ་མས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན། །ཞེས་གསུངས་པ་ནི་ཇི་འདྲའི་གནད་དུ་བབས་པའི་ལེགས་བཤད་ཅིག་རེད་ཨང༌།
ཕངས་པ་ཞིག་ལ་ང་ཚོའི་བོད་ཀྱི་བསམ་བློ་བ་སྟེ་མི་རིགས་ཀྱི་བདེ་སྡུག་ཁུར་དུ་འདེགས་པའི་དཔའ་བོ་དང༌། རྨོངས་པ་སེལ་བའི་རྟ་བདུན་ཉི་མ་ལྟ་བུའི་སྐྱེས་བུ་ཆེན་པོ་མང་བོ་ཞིག་གིས་གསེར་གྱི་ཐུར་མ་བཞིན་གནད་ཀྱི་མདུད་པ་བཀྲོལ་ཞིང༌། མཁའ་ཡི་ཉིན་བྱེད་བཞིན་རྨོངས་པའི་མུན་པ་སེལ་བའི་གསུང་བཤད་མང་དུ་གནང་བ་ཡང་སྐབས་དེའི་སྐུ་དངོས་ཀྱི་གདུལ་བྱ་དག་གིས་སྤྱོད་ཡུལ་དུ་སྨིན་པ་ལས། བརྒྱུད་པའི་གདུལ་བྱ་དག་གི་ཆེད་དུ་ཡི་གེའི་རིས་སུ་བཀོད་ནས་གངས་རིའི་རིག་པའི་ནོམ་དུ་འཇོག་མ་ཐུབ་ལ། མིག་བཞིན་གཅེས་པར་བཟུང་ནས་ཕྱིས་འབྱུང་གི་སྐལ་ལྡན་དག་གི་སྐལ་བར་ཡང་འབྱུང་མ་ཐུབ།
བློ་གྲོས་དང་རྣམ་དཔྱོད་ལས་ཐོན་པའི་རིན་ཐང་བྲལ་བའི་ནོར་བུ་རྣམས་ལ་ལེགས་པར་གཅེས་ཤིང༌། ནོར་བུ་ནོར་བུའི་ཚོད་དུ་མ་བཞག་པའི་འགྱོད་པ་བསབ་ཐབས་བྲལ་བ་ཞིག་ཀྱང་རེད། འགྱོད་པ་འདི་ལས་བལྟས་ན་ང་ཚོར་དབུལ་བ་ནི་རིན་ཐང་བྲལ་བའི་གསུང་གི་ནོར་བུ་ཡོད་ཚད་ཟིན་བྲིས་སུ་བཀོལ་ནས་གཞན་གྱི་སྤྱན་སྔར་འབུལ་བའི་ལས་ཀ་རླབས་པོ་ཆེ་དེ་བཏང་སྙོམས་སུ་བཞག་པའི་སྲོལ་ཀ་ཞིག་རེད་སྙམ།
དེ་བས་ཤེས་རིག་ནོར་བུ་གླིང་གི་བསམ་བློ་དང་རྣམ་དཔྱོད་གཉིས་འཛོམས་ཀྱི་དགེ་རྒན་པད་མ་རྡོ་རྗེས་ཚུལ་དེས་ཐུགས་ལ་བརྣགས་ནས། སློབ་བུ་དག་གི་དབུ་ཁྲིད་དེ་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་བཤད་འཚོལ་སྡུད་ཕྱོགས་བསྒྲིགས་ཀྱི་ལས་གཞིའི་ཆེན་པོ་འདི་སྒྲུབ་པ་ཤེས་པས། དབང་མེད་དུ་སྤྲོ་བ་ཆེན་པོ་ཞིག་རྒྱས་ཤིང་རྗེས་སུ་ཡི་རང་དང་བཅས་བཀྲ་ཤིས་ལེགས་བརྗོད་ཕུལ་བ་ཡིན།
སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་ནི་དུས་རབས་འདིར་བྱུང་བའི་བོད་ཀྱི་སློབ་གསོའི་བསམ་བློ་བ་ཆེན་མོ་ཞིག་ཡིན་ལ། མི་ཚེའི་སློབ་གསོའི་ཆེད་དུ་གཏོང་བའི་སློབ་དཔོན་ཆེན་མོ་ཞིག་ཀྱང་ཡིན། དེ་མ་ཟད་བོད་དུ་ཚོང་ལས་དང་དཔལ་འབྱོར་གྱི་བློ་སྒོ་འབྱེད་ཅིང་སྟོང་བསམ་ལག་ལེན་དུ་འདེབས་པའི་དངོས་ཡོད་བེད་སྤྱོད་རིང་ལུགས་པ་ཞིག་ཀྱང་ཡིན། ལྷག་པར་སྟོང་བསམ་སྟོང་བསམ་དུ་གཏོང་བའི་མི་རིགས་འདིའི་ཁྲོད་དུ་ཁོང་ནི་སྟོང་བསམ་ལག་ལེན་དུ་བསྒྱུར་ཅིང༌། ལག་ལེན་ལས་འབྲས་བཟང་དུ་བསྒྱུར་བ་མ་ཟད། དངོས་ཡོད་བདེན་པ་རུ་སྒྱུར་བའི་མཁན་པོ་ཞིག་ཀྱང་ཡིན།
ང་ཚོས་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་ལ་འབྲེལ་འདྲིས་བྱས་ནས་ཤེས་པ་ནི་ཁོང་གི་བློ་གྲོས་ནི་བོད་ཀྱི་སློབ་གསོ་ཡིན་ལ་བོད་ཀྱི་སློབ་གསོ་ནི་ཁོང་གི་མི་ཚེ་ཡིན་པ་དེ་རེད། ད་དུང་ཁོང་གི་དཔལ་འབྱོར་དང་ཚོང་ལས་གཉེར་བའི་ངལ་བ་དེ་དག་ཀྱང་ཁོང་གི་སློབ་གསོའི་བསམ་བློའི་ཆ་ཤས་ཤིག་སྟེ། སྙིང་བོ་མེད་པའི་དཔལ་འབྱོར་དེ་ནི་རིན་ཐང་བྲལ་བའི་སློབ་གསོའི་ཆེད་དུ་གཏོང་ཞིང༌། སློབ་གསོའི་མི་ཚེ་འདིར་ཁོང་གིས་བློ་སྒོ་འབྱེད་པའི་ཡུལ་ནི་སློབ་མ་ཁོ་ན་མ་ཡིན་པར་རྨོངས་པ་ཆེན་པོས་བློ་གྲོས་ལ་ལྕགས་ཟྭ་བརྒྱབས་པའི་སྤྱི་ཚོགས་དེ་དག་ཡིན་ལ། ཁོང་གི་རེ་བ་ནི་ལྕགས་ཀྱི་སྒོ་ཟྭ་དེ་ནང་དུ་བློ་གྲོས་ཀྱི་གསེར་ནག་གི་གཏེར་ཁ་དེ་འདོན་པའི་ཆེད་དུ་རེད། དེའི་ཆེད་དུ་བློ་གྲོས་ལག་ལེན་ལ་བཏབ་ཅིང༌། ལག་ལེན་གྱི་འབྲས་བུ་མིག་གི་ལྟད་མོ་རུ་དྲངས་ནས། རིག་པའི་ལྡེ་མིག་ཅིག་བསྐྲུན་པ་དེ་རེད། དེ་ནི་ཁོང་གི་བློ་གྲོས་དང་བརྩོན་པ་རེད།
ཁོང་གིས་བསྐྲུན་པའི་རིག་པའི་ལྡེ་མིག་དེས་རྨོངས་པའི་ལྕགས་ནག་གི་སྒོ་ཟྭ་དེ་དག་ཡོངས་སུ་ཕྱེས་བྱུང༌། ད་ལྟ་རོང་འབྲོག་གི་རྒན་པོ་དེ་དག་ཀྱང་ལོ་ན་གཞོན་པའི་གསར་བུ་ཞིག་དང་འདྲ་བར་ཁོང་གི་བློ་གྲོས་ཀྱི་འོད་ཟེར་དེ་ལས་རང་ཉིད་ཀྱི་མདུན་ལམ་མཐོང་ཨེ་ཐུབ་རེ་བཞིན་ཡོད། དེ་ནི་ཁོང་གི་རེ་བ་ཡིན་ལ་ང་ཚོའི་མི་རིགས་འདིའི་མདུན་ལམ་ཀྱང་རེད། འདི་ལྟ་བུའི་སྐལ་བཟང་ཞིག་ཤར་བ་འདིས་ཁོང་ཚོའི་བུ་ནི་ཁོང་གི་རེ་བ་བཞིན་བློ་གྲོས་དང་རྣམ་དཔྱོད་ལྡན་པའི་གངས་རིའི་ཕོ་རྒོད་རེ་ཡིན་ལ། ཁོ་ཚོའི་བུ་མོ་ཁོང་གི་ཐུགས་སྨོན་བཞིན་གངས་རིའི་མཛངས་མ་རེར་འགྱུར་བ་དེ་ཡིན།
དེ་ནི་ང་ཚོས་ཁོང་གི་ཐུགས་བསྐྱེད་ལས་བྱུང་བའི་ཤེས་རིག་ནོར་བུའི་གླིང་དང༌། རྩྭ་ཐང་བུ་མོའི་སློབ་གྲྭ་ལ་གཟིགས་ན་མིག་གིས་མཐོང་འོང་ལ། དེ་དག་གི་མ་འོངས་པའི་མདུན་ལམ་ལ་བསམ་ན་ཡིད་ལ་འཁོར་ཡོང་བ་ཞིག་རེད། མིག་གིས་མཐོང་ཞིང་ཡིད་ལ་འཁོར་ཡོང་བའི་གནས་ཚུལ་འདི་ནི་བཀྲ་ཤིས་པའི་ལྷ་རྔ་ཇི་བཞིན་གངས་རིའི་ཞིང་འདིའི་ཚེ་སྲོག་གི་ཆེད་དུ་གསོན་བཞིན་ཡོད། ཡན་ལག་བརྒྱད་ལྡན་གྱི་རྫ་ཆབ་བཞིན་སཱ་ལའི་སྨན་ལྗོངས་འདིའི་སྙིང་ཁོང་གི་གསོས་སུ་བཞུར་གྱིན་འདུག
འདི་དག་ཡོད་ཚད་ཁོང་གི་བློ་གྲོས་དང་རྣམ་དཔྱོད་འཁྱིལ་བའི་གསུང་བཤད་ཀྱིས་དྲངས་ནས་ཡོང་ལ། འདི་དག་ཡོད་ཚད་ཁོང་གི་ལྷག་བསམ་དང་བརྩོན་པ་ལས་བསུ་འོང་བ་ཡིན། དེ་བས་ཁོང་གི་གསུང་བཤད་ནི་གསེར་གྱི་ལྡེ་མིག་གསོན་པོ་ཞིག་ཡིན་ལ། ལྡེ་མིག་འདིས་བློ་གྲོས་དང་རྣམ་དཔྱོད་ལ་ལྕགས་ཟྭ་བརྒྱབས་པའི་གཏེར་ཁ་དེ་དག་འབྱེད་ཐུབ་པ་སོམ་ཉི་དང་བྲལ་བ་ཞིག་རེད།
སྤྱིར་ན་མི་ཞིག་གི་རྣམ་དཔྱོད་དང་བློ་གྲོས་ནི་མིའི་དེའི་གསུང་བཤད་ལས་མངོན་འོང་ལ། སྐྱེས་བུ་ཆེན་པོ་ཞིག་ཡིན་ན་ཁོང་གི་བློ་གྲོས་དང་རྣམ་དཔྱོད་ཀྱི་གསེར་གྱི་ཐིགས་པ་རེ་རེ་གསུང་གི་བདུད་རྩིའི་བཅུད་དུ་གཏམས་ཡོད། མི་ནི་བློ་གྲོས་ཀྱི་ཆེད་དུ་གསོན་པ་ཡིན་ལ་མིའི་བློ་གྲོས་གཞན་དོན་གྱི་ཆེད་དུ་འཚོ་བ་ཡིན། དེ་བས་བློ་གྲོས་བྲལ་བའི་མི་ཞིག་འཇིག་རྟེན་དུ་གསོན་པའི་སྙིང་བོ་དབེན། བློ་གྲོས་ཀྱི་ཆེད་དུ་མི་ཚེ་ཐོས་པ་སྐྱེལ་ཞིང༌། བློ་གྲོས་ཀྱི་ཆེད་དུ་བདེན་པ་འཚོལ་བའི་ཤེས་རབ་ལ་འབད་པ་ཡིན། བློ་གྲོས་ཀྱི་ཆེད་དུ་གནས་སྐབས་ཀྱི་བདེ་བ་དག་ཁྱད་དུ་བསད་པ་ཡིན། ལྷག་པར་བློ་གྲོས་ཀྱི་ཆེད་དུ་བློ་གྲོས་ཆེན་པོ་དག་གི་བློ་གྲོས་ལས་ཐོན་པའི་ནོར་བུ་དེ་དག་ཐོས་པ་དང་བསམ་པ་གོམས་པ་བཅས་བྱེད་པ་ཡིན།
དེ་བས་བློ་གྲོས་དང་རྣམ་དཔྱོད་འདོད་པའི་བློ་དང་ལྡན་པ་ཞིག་ཡིན་ན། ལག་ལེན་དང་འབྲས་བཟང་ཟུང་དུ་སྦྲེལ་འདོད་པའི་ཕོ་རྒོད་ཅིག་ཡིན་འདོད་ན། མདུན་ལམ་དང་བརྩོན་པ་བསྲེས་པའི་བློ་ལྡན་ཞིག་ཡིན་ན། རེ་བ་མངོན་དུ་བྱེད་པའི་ཕོ་རྒོད་ཅིག་ཡིན་ན། སློབ་གསོ་བ་ཆེན་མོ་སློབ་དཔོན་འཇིགས་མེད་རྒྱལ་མཚན་གྱི་གསུང་བཤད་ཕྱོགས་བསྒྲིགས་འདི་གཟིགས་པ་ནི་ཆེས་གལ་ཆེ་བ་ཞིག་སྟེ། སྐོམ་པས་གདུང་བའི་མི་ཞིག་ཡན་ལག་བརྒྱད་ལྡན་གྱི་རྫ་ཆབ་ལ་འཕྲད་པ་དང་འདྲ་ལ། གཏོལ་ལ་བྲལ་བའི་མུན་ནག་གི་ཁྲོད་དུ་གཟི་དཔལ་གྱིས་འཁྱུད་པའི་བཤུལ་ལམ་རིང་མོ་ཞིག་དང་འཕྲད་པ་ཇི་བཞིན་རང་ལ་ཕན་ཞིང་ཀུན་ལ་སྨན་པ་ཞིག་ཡིན་ངེས།
དེ་བས་མཛངས་པའི་བློ་དང་ལྡན་ཞིང༌། རིག་པའི་ནོར་གྱིས་ལྕི་བའི་དགེ་རྒན་པད་མ་དོན་འགྲུབ་དང་ཁོང་གི་སློབ་བུ་བློ་ཡངས་པ་དག་གིས་ཡུན་རིང་བོར་བསྡུས་ཤིང་ཡི་གེར་བཀོད་པའི་དཔེ་དེབ་འདི་ནི་སློབ་གསོ་བ་ཞིག་གི་འོད་ཀྱི་བློ་གྲོས་ལས་བྱུང་བའི་གསེར་ནག་གི་གཏེར་ཁ་ཡིན་པས། མི་རིགས་ཀྱི་ངོས་ནས་བསམ་ནའང་འདྲ། སློབ་གསོའི་ཐད་ནས་གླེང་ནའང་འདྲ། ལྷག་བསམ་གྱི་ཆ་ནས་བལྟས་ན་ཡང་འདྲ། བློ་སྒོ་འབྱེད་པའི་ཕྱོགས་ནས་བཤད་ན་འདྲ། འདིའི་དོན་གྱི་སྙིང་བོ་ནི་ཆེས་རིན་ཐང་དང་བྲལ་བ་ཞིག་ཡིན་པས། ཀློག་པ་བོའི་ངོས་ནས་ཆེད་དུ་བཀའ་དྲིན་ཞུ་དགོས་པ་ཞིག་རེད།
མདོར་ན། བློ་གྲོས་དང་བརྩོན་པ། མི་ཚེ་བཅས་ཡོད་ཚད་སློབ་གསོའི་ཆེད་དུ་གཏོང་བའི་དམ་པ་འདིའི་གསུང་བཤད་ནི་ཁོང་གི་བློ་གྲོས་དང༌། སློབ་གསོ། སྤོབས་པ་བཅས་རང་གཟུགས་སུ་ཐོན་པ་ཞིག་དང་ཁོང་གི་ལག་ལེན་ལ་འདེབས་བཞིན་པའི་རྔུལ་ཆུས་བསླེས་པའི་ཨུ་དུམ་ཝ་རའི་མེ་ཏོག་ཆུན་པོ་ཞིག་ཡིན་པས། གངས་རིའི་ལྗོངས་འདིར་བསུང་ཞིམ་གྱིས་ཁྱབ་པར་བྱས་ནས་མི་འདོད་གདུང་བ་སྣ་ཚོགས་སེལ་ཐུབ་པར་གདོན་མི་ཟའོ་སྙམ།
2011ལོའི་བོད་ཟླ2པའི་ཚེས་ལ་ཤེས་རིག་ནོར་བུའི་གླིང་དུ་བྲིས་སོ།།

·གསར་འགྱུར་གོང་མ:གླུ་པ་ཀུན་དགའི་ཆེད་སྒྲིག་གསར་འདོན་དགོང་ཚོཊ།
·གསར་འགྱུར་འོག་མ:ཆོས་ཚན་རིག་པའི་སྒོམ་ལམ་གྱི་དཔེ་དེབ་ངོ་སྤྲོད།།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:27:03 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:01:47 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 7:37:15 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།33.94MS