ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
གསར་འགྱུར་ཀློག་པ།

གད་སྙིགས་དོ་དམ་བྱེད་ཕྱོཊ་སྐོར་གྱི་ཞིབ་གྲོས་ཚོཊ་འདུ།

[རྩོམ་པ་པོ:འབྲོག་  ཡོང་ཁུངས:མཚོ་སྔོན་  དུས་ཚོད:2013/8/4 11:24:50  བཀླགས་ཐེངས:1004][ཡིག་གཟུགས:ཡིག་གཟུགས་མདོག]

འབྲོག་སའི་རྩྭ།

འཚོ་བའི་གད་སྙིགས་དོ་དམ་དང་མེད་པར་བཟོ་ཐབས་ནི་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་ཆེན་པོ་གནང་བའི་གནད་དོན་ཞིག་རེད། ཉེ་བའི་རིང་། ཁྲིན་ཏུའུ་དང་། པེ་ཅིན། ཧྲང་ཧེ། ཀོང་ཀྲུའུ་སོགས་གྲོང་ཁྱེར་དང་དེ་མིན་གྲོང་གསེབ་ཁུལ་དུ་ཁྱིམ་ཚང་ནས་འགོ་ཚུགས་ཏེ་གད་སྙིགས་རིགས་དབྱེ་དང་དོ་དམ་བྱེད་ཐབས་ལག་ལེན་བྱེད་བཞིན་པའི་སྒང་རེད། སྲིད་གཞུང་དང་ཁེ་ལས།སྤྱི་ཚོགས་རྩ་འཛུགས་དང་སྤྱི་དམངས་ཡོངས་ཀྱིས་གད་སྙིགས་རིགས་དབྱེ་བྱེད་ཐབས་འདི་སྐུལ་འདེད་གཏོང་བ་དང་།གད་སྙིགས་གོ་ཆོད་ཐོན་ཁུངས་ཅན་དུ་བསྒྱུར་རྒྱུ་དང་དོ་དམ་བྱེད་སྟངས་སྤྱི་བསྒྲགས་དང་མང་ཚོགས་དངོས་སུ་ཞུགས་པ་སོགས་ལག་ལེན་བརྒྱུད་ནས་བྱ་ཐབས་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག་གང་ཐུབ་བྱེད་ཀྱིན་ཡོད། བྱ་བ་འདི་ལེགས་གྲུབ་ཡོང་ཕྱིར་གད་སྙིགས་དོ་དམ་བྱེད་ཕྱོགས་སྐོར་གྱི་ཞིབ་གྲོས་ ཕྱོགས་སྐོར་གྱི་ཞིབ་གྲོས་ཚོགས་འདུ”ཁྲུན་ཏུའུ་རུ་སྐོང་འཚོགས་བྱས་ཤིང་།དེར་སྲིད་གཞུང་དང་ཁེ་ལས། སྤྱི་ཚོགས་རྩ་འཛུགས་སོགས་ཀྱི་འགན་ཁུར་མི་སྣ་གཙོ་བོ་རྣམས་ཚོགས་ཞུགས་དང་། ཁོང་ཚོས་གད་སྙིགས་རིགས་དབྱེ་བསྡུ་རུབ་དང་དོ་དམ།མེད་པར་བཟོ་བ་བཅས་ཀྱི་གནད་དོན་སྐོར་བསམ་བློ་བརྗེ་རེས་དང་གྲོས་ཞིབ་ནན་ཏན་གནང་ཡོད།
ཚོགས་འདུའི་ཐོག་གཙོ་བོ་གྲོང་རྡལ་གད་སྙིགས་ཀྱི་ད་ལྟའི་གནས་ཚུལ་དང་དོ་དམ་སྐོར་གྲོས་ཞིབ་གནང་ཡོད།ཚོགས་པ་རེ་འགས་དེ་སྔོན་གད་སྙིགས་ཐག་གཅོད་བྱེད་ཐབས་དང་དངོས་སུ་འཕྲད་པའི་གནད་དོན།མཇུག་འབྲས་སྐོར་ཀུན་ལ་ཁྱབ་སྒྲོག་བྱས་ཡོད་དེ།སློབ་ཆེན་སློབ་མའི་ཚོགས་པ་རེ་འགས་བྱ་བ་འདིའི་སྐོར་ལ་བརྟག་དཔྱད་བྱས་པའི་གྲུབ་འབྲས་རྣམས་ཀུན་ལ་མཉམ་རོལ་བྱས།དེ་མིན་ཐེ་ཝན་གྱི་དགེ་སེམས་པ་ཞིག་གིས་ཇི་ལྟར་གད་སྙིགས་ཉུང་འཕྲི་བྱེད་སྟངས་ཐད་རང་གི་བསམ་འཆར་གང་མང་བཏོན།དཔེར་ན།རྒྱུན་སྤྱོད་དགོས་ངེས་ཀྱི་ཅ་ལག་ཆུང་ཙག་ཁྱེར་བདེ་བ་རྣམས་གང་ཐུབ་ཁྱེར་དགོས་པ་ལྟ་བུ།
ཚོགས་འདུ་བརྒྱུད་ནས་བོད་ཁུལ་གྱི་གད་སྙིགས་དང་རྒྱལ་ནང་གྲོང་རྡལ་གྱི་གད་སྙིགས་དབར་མི་འདྲ་ས་གཉིས་འདུག་པ་སྟེ།གཅིག་ནི་གད་སྙིགས་ཐོན་འབོར་ཐད་ཧེ་བག་ཡོད་དེ་རྒྱལ་ནང་གྲོང་རྡལ་མི་འབོར་མང་བས་སྙིགས་རོའང་དེ་བཞིན་མང་།གཉིས་ནི་གད་སྙིགས་མེད་པར་བཟོ་བ་དང་སྐྱེལ་འདྲེན་ཐད་ལ་རྒྱལ་ནང་གྲོང་རྡལ་ནི་བོད་ཁུལ་དང་བསྡུར་ན་སྟབས་བདེ་ཞིང་གོ་རིམ་ལྡན་པ་རེད།གཞན་ཡང་ཐེ་ཝན་གྲོགས་པོ་དེའི་དགོངས་འཆར་ལྟར་གད་སྙིགས་ཉུང་འཕྲི་གང་ཐུབ་བྱས་ན་ཐོན་ཁུངས་སྲུང་སྐྱོང་དང་གྲོན་ཆུང་ཐུབ་ཀྱི་རེད།ད་དུང་ཁྲིན་ཏུའུ་རི་རྩྭ་ཚོགས་པས་ཡུན་ནན་ས་ཁུལ་དུ་གད་སྙིགས་རིགས་དབྱེའི་བྱ་བ་གཉེར་བཞིན་འདུག་པ་དང་།ཁོང་ཚོས་སྲིད་གཞུང་གི་རོགས་དངུལ་ལ་བརྟེན་ནས་བྱ་བ་ཐག་གཅོད་པ་མིན་པར།ཡུལ་མི་རྣམས་ལ་རང་བྱུང་ཁམས་ཆེན་པོར་བརྩི་བཀུར་དང་བྱམས་ཀྱིས་སྐྱོང་དགོས་པའི་སློབ་གསོ་བཏང་ནས་གནས་དེར་སྲུང་སྐྱོང་དང་དྭངས་གཙང་ཅན་དུ་བསྒྱུར་བའི་སྐུལ་སློང་བཏང་འདུགལེ་ཚན་གྱི་མདོ་འཛིན་པས་ཀྱང་ཐབས་ལམ་འདི་དངོས་གནས་ཡག་པོ་འདུག་ཟེར།
ཚོགས་ཞུགས་མི་སྣ་རྣམས་ཀྱིས་རང་སོ་སོས་ཕན་ཐོགས་ཡོད་པའི་དགོངས་འཆར་འདྲ་མིན་བཏོན།ངའི་བློ་ངོར་འབྲོག་པའི་ཏ་ལེན་ནི་ཁོར་ཡུག་སྲུང་སྐྱོང་དང་ཐོན་ཁུངས་གྲོན་ཆུང་བྱེད་པའི་རྒྱུན་སྤྱོད་མཁོ་ཆས་གལ་ཆེན་ཡིན་པ་རྟོགས།འདི་ནི་ནོར་རྩིད་འཁལ་འཐག་བྱས་ནས་བཟོས་པའི་སྟབས་བདེའི་ཁུག་མ་ཞིག་རེད།ཕྲག་ཏུ་འཕངས་ན་འཁུར་བདེ་ཞིང་ལྕི་ཡང་དོ་སྙོམས་པ།བཀོལ་ཡུན་རིང་ཞིང་ཆེ་ཆུང་རིགས་སྣ་ཚོགས་གདའ།ང་རང་ཆུང་དུས་རོང་འབྲོག་ཕྱོགས་ཀུན་ཏུ་ཏ་ལེན་ནི་མཁོ་གལ་ཆེ་བའི་སྣོད་མཆོག་ཏུ་གྱུར་པ་ཞིག་རེད།ཡིན་ནའང་ད་ལྟ་འགྱིག་རིགས་ཀྱི་སྣོད་ཆས་སྣ་ཚོགས་དར་བས་རྩྭ་ཐང་ཡང་འགྱིག་ཤོག་གིས་བརྫད་པ་དང་ཏ་ལེན་ནི་མཐོང་དཀའ་བར་གྱུར། དེ་བསྟུན་ཁོར་ཡུག་འབག་བཙོག་སྨྲོས་མ་དགོས་པ་ཞིག་རེད། ངས་བསམ་ན་རོང་འབྲོག་ཕྱོགས་ཀྱི་བོད་མི་རྣམས་ཀྱིས་སླར་ཡང་ཏ་ལེན་ཕྲག་ཏུ་བླངས་ནས་འགྱིག་གི་སྣོད་ཆས་རྒྱང་དུ་དོར་ཚེ།རྩྭ་ཐང་ལ་དྭངས་གཙང་གཡའ་དག་པའི་ཁོར་ཡུག་ལྟ་ན་སྡུག་པ་ཞིག་བསྐྲུན་ཐུབ་བོ།
·གསར་འགྱུར་གོང་མ:གྲུབ་མཐའ་རིས་མེད་སྐོར་གྱི་འཆད་ཁྲིད།
·གསར་འགྱུར་འོག་མ:རླུང་རྟའི་སྐོར།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·འདི་ན་གཙང་སྦྲའི་རྒྱུན་ཤེས་སྐོར་ཡག་པོ་ཞིག་འདུག 2013/10/5 20:29:05
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:47:10 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:47:08 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:43:05 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.88MS