ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

སྒོ་ཤེས་རབ་དང་སྒྲིག་འཛུགས་ཀྱི་བར་འདུམ།

[རྩོམ་པ་པོ:རྫ་ཚེ་རིང་བཀྲ་ཤིས།  ཡོང་ཁུངས:སེང་རྡོར་ད྄རབ།  དུས་ཚོད:2013/6/13 10:40:35  བཀླགས་ཐེངས:1198][ཡིག་གཟུགས:ཡིག་གཟུགས་མདོག]

སྒོ་ཤེར་ནི་ཕྲན་ལ་མཚོན་ན་གུས་ཞབས་བྱ་ཡུལ་གྱི་རྩོམ་པ་པོ་ཚད་ལྡན་གྱི་གྲས་ཤིག་ཡིན། ཁོང་དགོན་པ་ལས་ཐོན་པའི་གནས་ཚུལ་དེར་མང་པོ་ཞིག་གིས་དོ་སྣང་བྱ་རྒྱུ་ཡིན་པ་སྨོས་མེད་རེད། འོན་ཀྱང་། ངས་བལྟས་ན་མ་གཞི་སྒོ་ཤེར་དང་དགོན་པའི་འཛིན་སྐྱོང་ལྷན་ཚོགས་ནི་ལམ་མི་འདྲ་བ་གཉིས་ཀྱི་ནང་དུ་ཡོད་པས་གནད་དོན་དེ་རིགས་ནི་གཡོལ་དུ་མེད་པ་ཞིག་རེད།  མཚམས་འདིར་ངས་མཁས་པ་ཞིག་གིས་འདི་ལྟར་གསུངས་པ་དྲན།  ང་དང་པོ་གྲོས་ཚོགས་ར་བར་ཡོད་དུས་གྲོགས་ཚོགས་ཀྱི་སོ་ཁ་དེ་ཅིས་ཀྱང་རྣོ་བ་ཞིག་ལ་འབད་བརྩོན་བྱས་པ་ཡིན། དེ་ནས་བཀའ་ཤག་ལ་སླེབས་དུས་ངས་འཛིན་སྐྱོང་གི་བལྟག་པ་དེ་ཅིས་ཀྱང་འཐུག་པ་ཞིག་ལ་འབད་བརྩོན་བྱས་པ་ཡིན་ཟེར། ཁོང་གི་སྐད་ཆ་དེའི་སྙིང་དོན་ངོ་མ་ནི། གྲོས་ཚོགས་ན་ཡོད་དུས་འཛིན་སྐྱོང་བཀའ་ཤག་གི་སྲིད་ཅུས་ལ་ལྟ་སྐུལ་གྱི་ནུས་པ་ཡོད་དགོས་ཤིང་། གྲོས་ཚོགས་ཀྱི་ལས་དོན་གལ་ཆེ་ཤོས་ཤིག་ནི་འཛིན་སྐྱོང་ལ་དོགས་འདྲི་བྱ་རྒྱུ་དེ་རེད།  བཀའ་ཤག་གི་ལས་དོན་ནི་སྲིད་ཅུས་ལག་བསྟར་བྱ་རྒྱུ་དེ་ཡིན་ཞིང་། རང་ཉིད་ཀྱི་ལང་ཕྱོགས་བརྟན་པོར་འཛིན་རྒྱུར་གདེང་ཚད་བསྐྲུན་ནས་རང་གི་སྲིད་ཅུས་ལ་སྒྲུབ་བྱེད་འགོད་རྒྱུ་དེ་ཡིན་ཞེས་པའི་དོན་རེད། མདོར་ན། དེ་གཉིས་ཀྱི་ཁྱད་པར་ནི་སྔ་བརྒོལ་དང་ཕྱི་བརྒོལ་ལྟ་བུ་ཞིག་ཡིན། ལྟ་སྟངས་འདིས་བལྟས་ན་སྒོ་ཤེས་རབ་དང་དགོན་པའི་འཛིན་སྐྱོང་གི་བར་ལ་ཐུན་མོང་གི་ལམ་ཁ་ཞིག་འཚོལ་ཐུབ་འོས། དེའི་ཕྱིར་ཕྱོགས་གཉིས་ཆར་ལ་སྐྱོན་དང་ཡོན་ཏན་མེད་པ་མིན།
འོན་ཀྱང་། རང་ཉིད་ལ་འཛིན་སྐྱོང་གི་ཉམས་མྱོང་མེད་ན་གནད་དོན་འདིའི་ཐད་དགོན་པའི་འཛིན་སྐྱོང་ལ་བསམ་ཤེས་བྱེད་པ་ཅུང་དཀའ་བ་ཡིན། མ་གཞི་སྐད་ཆ་ནི་སླུ་བྲིད་ཅིག་རེད་ལ། ཚིག་གི་སྡེབ་སྦྱོར་ལ་མཁས་པའི་རྩོམ་པ་པོ་ཞིག་གིས་རང་ཉིད་ཀྱི་སྐྱོ་ཉམས་སྟོན་པ་ནི་དེ་བས་ཀྱང་མཐར་ཐུག་པའི་བསླུ་བྲིད་ཅིག་རེད།  དེའི་ཕྱིར་མང་པོ་ཞིག་གིས་སྒོ་ཤེར་ལ་དུང་སེམས་མཉམ་བསྐྱེད་བྱེད་ངེས་ལ། སྐབས་མང་པོ་ཞིག་ཏུ་ཚད་བརྒལ་གྱི་དུང་སེམས་མཉམ་བསྐྱེད་ཀྱང་བྱ་སྲིད།  ད་ནང་མགོ་བཀྱགས་ནས་དྲ་ཐོག་གི་ཁོང་དང་འབྲེལ་བའི་རྩོམ་ཡིག་དང་དཔྱད་མཆན་དག་ལ་བལྟས་པ་ཡིན། འོན་ཀྱང་། ངས་ནི། ཁོང་ཉིད་དགོན་པ་ནས་ཕེབས་པ་དེས་རྐྱེན་ཀྱིས་དགོན་པའི་འཛིན་སྐྱོང་ལ་འཁངས་ར་ཆེན་པོ་རང་བྱ་འདོད་མ་བྱུང་། མ་གཞི་དགོན་པ་ལ་དགོན་པའི་བསྒྲིགས་ལམ་ཡོད་པ་རེད་ལ། དེང་སང་དངོས་གནས་གྲྭ་པ་དང་གྲོང་པའི་རྩོམ་པ་པོ་མང་པོ་ཞིག་གིས་ཆོས་ལུགས་ལ་དགག་པ་རྒྱག་པའི་བྱེད་སྟངས་ཀྱིས་ལྡོག་ཕྱོགས་ཀྱི་སྣང་བརྙན་བསྐྲུན་ཡོད། འདི་རིགས་ལ་དོ་སྣང་བྱ་རྒྱུ་ནི་དགོན་པ་ཞིག་ལ་མཚོན་ན་འགན་འཁྲིའི་བྱེ་བྲག་ཅིག་རེད།
མ་གཞི་སྒོ་ཤེས་རབ་སྤྱི་ཚོགས་ལ་ཤུགས་རྐྱེན་ཡོད་པའི་མི་ཞིག་དང་། དགོན་པ་དེའི་གྲྭ་འབངས་ཞིག་ཡིན་པའི་ཆ་ནས་ཁོང་གིས་རང་ཉིད་དགོན་པ་ལས་ཐོན་ཁར་བཞག་པའི་ཡི་གེ་དེ་ཡང་བཙན་པོས་གཉོམ་སྐད་བྱས་ན་བསྡིགས་འདོད་ཟེར་བ་ལྟར་གྱོད་སྐད་ཀྱི་ཞད་ཆེན་པོ་འདུག སྐྱོན་འཛུགས་ཀྱི་ཚིག་མང་པོ་ཞིག་ཀྱང་ཐད་ཀར་བེད་སྤྱོད་བྱས་འདུག  མདོར་ན་དེ་ནི་སྨྱུག་ཐོགས་པའི་གྱོད་སྐད་རེད། ཁོང་གི་རྩོམ་ཡིག་སྔ་རྗེས་ཀྱི་ནང་དོན་སྤྱི་དང་། ཁྱད་པར་རྗེས་མའི་ཚིག་བརྗོད་མང་པོ་ཞིག་གིས་ཁོང་གི་བཟོད་སྲན་བརླགས་བཞིན་པ་ཞིག་ཚོར་གྱིན་འདུག དེ་ནི་ང་རང་ཐེ་བའི་ཁོང་གི་ཞེན་མི་དག་ལ་མཚོན་ན་གྱོང་ཆེན་པོ་ཞིག་རེད།
དགོན་པ་ནི་ཆོས་ཀྱི་སྡེ་ཆེན་པོ་ཞིག་རེད། འདི་ལ་ཡང་རང་དབང་དང་དམངས་གཙོ་སོགས་དགོས་ངེས་ཡིན་ན་ཡང་། ཆོས་འཆད་ཉན་སོགས་ཆེད་ལས་ཀྱི་བྱ་བ་མང་པོ་ཞིག་རྩོམ་འབྲི་དང་གསར་འགྱུར་སོགས་ཀྱི་རང་དབང་ལས་བརྒལ་ཟིན། སྒྲིག་འཛུགས་ཤིག་ལ་མཚོན་ན་དེ་ནི་རྒྱུན་ལྡན་ཡིན། སྒྲིག་འཛུགས་རེ་ལ་ཐུན་མིན་གྱི་དམིགས་ཡུལ་རེ་་དང་སྒྲུབ་བྱ་རེད་ཡོད་པ་རེད་ལ། བཟང་ཚད་རྒྱན་ཚད་ཀྱི་ཕུགས་བསམ་ཚང་མ་སྒྲིག་འཛུགས་གཅིག་གིས་དང་ལེན་བྱེད་པ་ནི་མི་སྲིད་པ་ཞིག་རེད། དེ་ནི་རྒྱུན་ཤེས་ཤིག་སྟེ། ཁོང་རང་ཉིད་ཀྱིས་བཤད་པའི་རྒྱུན་ཤེས་ཀྱི་བྱེ་བྲག་ཅིག་མ་ཡིན་ནམ།
དཔེར་ན། ཐའེ་ཝན་ལ་ལྟོས་བཅས་ཀྱི་རང་དབང་ཆེན་པོ་ཡོད་ན་ཡང་། ཁྱོད་རྒྱལ་ཁབ་ཀྱི་དམག་མི་ཡིན་ན་ཁྱོད་ལ་དྲ་ལམ་ལ་ལྟ་རྒྱུའི་དབང་ཚད་དང་དྲ་ལམ་དུ་ཟིན་བྲིས་བཟོ་བ་སོགས་ཀྱི་དབང་ཚད་དག་མང་པོ་ཞིག་མེད་པ་ཡིན། ཐ་ན་དངུལ་ཁང་སོགས་སུ་ལས་ཀ་བྱེད་མཁན་ཀྱི་ལས་བྱེད་པ་མང་པོ་ཞིག་གིས་ཀྱང་ལས་ཁང་དུ་རང་ཉིད་ཀྱི་དྲ་སྒོ་ཕྱེ་མི་ཆོག་པ་ཡིན། གཞུང་ཞབས་པ་ཞིག་ཡིན་ན་དེ་བས་ཀྱང་སྒྲིག་གཞི་ཧ་ཅང་མང་པོ་ཡོད། གལ་ཏེ་ཁྱོད་ཨ་རིའི་སྲིད་འཛིན་ནམ་སྲིད་འཛིན་ཟུར་པ་ཞིག་ཡིན་ན་ཁྱོད་ཀྱིས་མི་ཆོག་པ་ནི་ང་ཚོ་ལས་ཧ་ཅང་གིས་མང་། དེ་ནི་མི་སོ་སོའི་ཐོབ་ཐང་གིས་ཐག་བཅད་པ་ཞིག་སྟེ། དགོན་པའི་གྲྭ་པ་ལ་ཡང་དེ་མཚུངས་ཀྱི་རིགས་འདེད་བྱ་དགོས། སྐབས་མང་པོ་ཞིག་ལ་སྒྲིག་གཞི་དེ་དག་གིས་གཤམ་འོག་གི་མི་ཙམ་མ་ཟད། ཐ་ན་སྒྲིག་གཞི་འཇོག་མཁན་ཁོང་ཚོར་ཡང་སུན་པོ་གཟོ་གིན་ཡོད།  འོན་ཀྱང་། སྒྲིག་འཛུགས་ནི་སྒྲིག་འཛུགས་རང་རེད། ཚད་ངེས་ཅན་གྱི་འགྲོ་སྟངས་ཤིག་གི་ཐོག་ལ་འགྲོ་རྒྱུ་དེ་སྒྲིག་འཛུགས་ཀྱི་རྒྱུན་ཤེས་རང་རེད།  འདི་ནི་འདོད་པ་བཞིན་མ་ཡིན་པའི་དགོས་ངེས་ཀྱི་ཐག་གཅོད་ཅིག་རེད། རྩོམ་པ་པོ་དག་གི་ཕུགས་བསམ་གྱི་སྐད་ཆ་དང་། ལས་འགན་འཁུར་མཁན་གྱི་དངོས་ཡོད་གནས་སྟངས་ཀྱི་ལག་ལེན་གཉིས་གཞི་གཅིག་ལ་འབབ་པ་དེ་སྐབས་མང་པོ་ཞིག་ལ་མི་སྲིད་པ་ཡིན། ཕུགས་བསམ་གྱི་སྐད་ཆ་མང་པོ་ཞིག་ནི་དངོས་ཡོད་ཀྱི་འཇིག་རྟེན་དང་འབྲེལ་བ་དེ་ཙམ་མེད། མང་པོ་ཞིག་སློབ་ཆེན་གྱི་སྐབས་དང་སློབ་ཆེན་ཐོན་སྐབས་ཀྱི་གཏམ་སྤྱོད་རྦད་དེ་མི་འདྲ་བ་ཡང་གནས་ལུགས་འདི་འདྲ་ཞིག་གི་ཐོག་ནས་ཡོང་གིན་ཡོད། ངས་བལྟས་ན་སྒོ་ཤེས་རབ་ལ་འཛིན་སྐྱོང་གི་ཉམས་མྱོང་མི་འདུག་སྙམ།
ངས་བལྟས་ན་སྒོ་ཤེས་རབ་ཀྱི་བསམ་ཤེས་ཀྱིས་འདང་མི་འདུག་སྙམ།
དམ་པའི་ཆོས་འདུལ་བ་ལྟར་ན་དགེ་འདུན་པའི་མགྲིན་ཚབ་པ་ཡིན་པའི་དགེ་འདུན་པའི་ཚོགས་པ་ནི་སངས་རྒྱས་ལས་ཀྱང་བཀའ་གཉན་པ་ཡིན།
ཚོགས་ཀྱི་བྱ་བ་དང་རྩོམ་པ་པོའི་སེམས་ཤུགས་གཉིས་ལས་ཚོགས་ཀྱི་བྱ་བ་གལ་ཆེ་བ་ཡིན། དགོན་པ་དེའི་ལྕགས་རིའི་ནང་དུ་དགོན་པའི་བཤད་སྒྲུབ་ལས་གསུམ་ནི་རྩོམ་འབྲིའི་རང་དབང་སོགས་ལས་གལ་ཆེ་བ་ཡིན།
ཁོང་སྒེར་གཅིག་པུའི་ངོས་ནས་ཀུན་སློང་བཟང་པོ་ཡིན་སྲིད་ཀྱང་། དགོན་པའི་ནང་ནས་རྩོམ་རིག་གི་རང་དབང་གླེང་གླེང་མཁན་གྱི་མི་དཀྱུས་མ་མང་པོ་ཞིག་གི་ཁ་ནི་ཧ་ཅང་ཚབ་ཆེན་གྱི་མཚམས་སུ་སླེབས་ཡོད་པ་ངས་ཚོད་དཔག་ཐུབ། འཛིན་སྐྱོང་གིས་ལས་འཚམས་བཞག་པ་ཡང་། གལ་ཏེ་གྲོས་ཆོས་དེ་རྩིས་མེད་དུ་བྱས་ན་དེ་ལས་མང་པའི་དགོན་པའི་ནང་གི་རྩོམ་ཡིག་འབྲི་མཁན་སོགས་ཀྱི་གནས་སྟངས་ལ་དོ་དམ་བྱ་རྒྱུར་སླར་ཡང་དཀའ་ངལ་འཕྲད་རྒྱུ་ཡིན་པ་དེས་བྱ་ཐབས་ཟད་པའི་བྱ་ཐབས་ཤིག་ཡིན་པ་སྨོས་མེད་རེད། འོན་ཀྱང་། ཁོང་ཚོས་ཐག་གཅོད་ལ་ཡང་རྣམ་དཔྱོད་ཀྱིས་མ་འདངས་ས་ནི་གཏན་གཏན་ཡོད་ངེས་རེད། བླ་རུང་དུ་ཡང་བསམ་བློ་གསར་པ་གླེང་མཁན་ཡིན་ཟེར་མཁན་དག་དགོན་པ་དེ་ནས་དོན་དགོས་པའི་བཅའ་ཁྲིམས་ཡོད་སྐད།
མ་གཞི་དེང་སང་གསར་བུ་མང་པོ་ཞིག་གིས་མང་གཙོ་དང་རང་དབང་སོགས་ལ་དད་པ་ཙམ་ཞིག་ནི་བྱས། དེ་དང་རང་ཉིད་སྒེར་གྱི་གནས་བབ་དང་སྒྲིག་འཛུགས་ཀྱི་གནས་བབ་སོགས་མཐུན་སྦྱོར་ནི་མ་ཤེས་པར་སྨྱོན་པ་ཁྲོག་ལངས་པ་ལྟ་བུ་ཟེར་བ་དེ་འདྲ་ཞིག་ཆགས་འདུག སྒོ་ཤེར་གཅིག་པུར་ཁྲིམས་འདི་བཅས་པ་ཡིན་ན་ངས་ཀྱང་ཐལ་ཆེ་འདུག་བསམ་སྲིད་དེ། ཁོང་ནི་མ་གཞི་མི་ཤེས་རབ་ཅན་ཞིག་རེད། འོན་ཀྱང་། འཛིན་སྐྱོང་གི་སྒྲིག་ལམ་གྱི་ཁྱབ་ཡུལ་ནི་དེ་ལྟ་བུ་ཞིག་མ་ཡིན་ཏེ། འདི་ནི་རང་ཉིད་ས་ཆ་དེར་མ་སླེབས་བར་མི་རྟོགས་པ་ཞིག་ཡིན། གྲོས་ཆོད་ཀྱི་ཡི་གེར་གྲགས་པ་འདི་འདྲ་ཞིག་བཟོ་དགོས་པའི་རྒྱུ་མཚན་ཡང་བརྒྱུད་རིམ་འདིའི་ཉམས་མྱོང་ཡོད་མཁན་ཞིག་ཡིན་ན་དེ་ཙམ་གང་དྲན་དྲན་བྱས་པ་ཞིག་མིན་པ་རྟོགས་ངེས།  མ་གཞི་དགོན་པའི་ནང་དུ་བསྡད་དུས་འགྲོ་སྟངས་མང་པོ་ཞིག་དགོན་པར་བསྟུན་དགོས་ཀྱི་ཡོད་དེ། ང་ཡང་སྔོན་ང་རྒྱ་གར་དུ་ཡོད་དུས་དགོན་པའི་འབྲེལ་ཡོད་དུས་དེབ་ཀྱི་ནང་དོན་གཞི་རྩའི་ཁ་ཕྱོགས་དང་ནང་དོན་ལ་འཛིན་སྐྱོང་ཚོགས་པའི་རྒྱབ་གཉེར་བརྒྱུད་དགོས་པ་ཡིན།
མ་གཞི་དགོན་པའི་ཁོར་ཡུག་ནས་སྒྲུབ་པའི་དགེ་འདུན་པའི་ལེགས་ཉེས་ཀྱི་བྱ་བ་མང་པོ་ཞིག་གི་མཇུག་འབྲས་དེ་དགོན་པར་འཕོ་འགྲོ་ཞིང་། ཁྱད་པར་དེང་སང་། ལྟ་ལོག་གླེང་རྒྱུར་གྲོང་པ་ལས་གྲྭ་པ་དགའ་བའི་དུས་ཤིག་ཏུ་སླེབས་འདུག་པས་དགོན་པའི་གནས་བརྟན་དག་གི་ངོས་ནས་གནས་སྟངས་དེ་འདྲའི་འོག་ནས་གྲོས་ཆོད་ཀྱི་བཅས་པ་དེ་འདྲ་ཞིག་མཛད་པ་ནི་ཆོས་བཞིན་འདུལ་བ་བཞིན་མཛད་པ་ཡིན་སྲིད། དགེ་འདུན་པ་དེ་ཙམ་མང་པོ་ཞིག་གིས་ཡིད་ཆེས་ཀྱིས་བདམས་ཤིང་། སྒོ་ཤེར་རང་གིས་ཀྱང་ཡིད་ཆེས་བྱེད་མྱོང་བའི་སྒྲིག་འཛུགས་དེས་ཀྱང་འདི་ལྟར་བྱ་དགོས་ཐུག་པ་འདིས་ཀྱང་སྒྲིག་འཛུགས་ཟེར་བ་དེའི་ཆོས་ཉིད་ཙམ་མཚོན་གྱི་ཡོད་པ་ལས། འདི་ལ་སྒེར་གཅོད་ཅེས་བརྗོད་པ་ནི་མཐའ་གཅིག་ཏུ་རིགས་མིན་སོ་སོས་ཐུགས་བསམ་བཞེས་ཤིག
ངའི་གོ་རིམ་མེད་པའི་སྐད་ཆ་འདི་འདྲ་ཞིག་བཤད་པའི་རེ་བ་ནི། ཕྱོགས་གཉིས་ལ་ཆ་མཉམ་གྱི་ཐོག་ནས་འོས་ཤིང་འཚམས་པའི་ལྟ་སྟངས་ཤིག་འཛིན་ཐུབ་ན་སྙམ་པ་ཙམ་ཡིན། དེས་ན་དགོན་པའི་འཛིན་སྐྱོང་རྒྱུན་ལྡན་དུ་གྱུར་ཅིང་། སྡེ་སྣོད་འཛིན་པ་ཁོང་ཡང་། ཆོས་སྡེ་དེར་སྔ་ཙམ་ཕྱིར་ལོག་ཐུབ་རྒྱུ་ནི་ངའི་རེ་བ་ཡིན། དྲ་ལམ་སོགས་ཀྱི་འུར་རྒྱག་དང་འུད་བསྟོད་ཀྱིས་སྒོ་ཤེར་མང་གཙོ་དོན་གཉེར་གྱི་དཔའ་བོ་དང་། རང་དབང་གི་མགྲིན་ཚབ་པ་ལྟ་བུ་ཞིག་དང་། འཛིན་སྐྱོང་ནི་སྒེར་གཅོད་དང་རུལ་སོང་ཀྱི་ཚབ་མཚོན་ལྟ་བུ་ཞིག་ཏུ་དྲིལ་བསྒྲོགས་ངེས་པ་དེ་དག་ལ་ཁོང་ཤེས་རབ་ཅན་ཞིག་ངོས་ནས་ཆགས་ཞེན་དང་ཡིད་ཆེས་མི་བྱེད་པར་རང་ཉིད་རང་ཉིད་ཀྱི་ལམ་ལ་གོམ་པ་སྔར་ལས་བརྟན་པོ་སྤོས་ནས་ཕེབས་རྒྱུར་ཡིད་ཆེས་དང་རེ་བ་ཡོད། ཚང་མ་བཀྲ་ཤིས་པར་གྱུར་ཅིག

རྫ་རིང་བཀྲ་ཤིས་ཀྱིས་ 2013/6/12 ཞོགས་པ་འཕྲལ་བྲིས་པས་གོ་རིམ་མ་འབྲེལ་བ་དང་ཡིག་ནོར་དོན་ནོར་ཡོད་ངེས།
·གསར་འགྱུར་གོང་མ:ཁ་ཞིག་མི་གྲག་ཀ་མེད་བྱུང་སོང་། སྒོ་ཤེས་རབ་རྒྱ་མཚོ།
·གསར་འགྱུར་འོག་མ:མདོ་སྟོད་ཡུལ་ཤུལ་གྱི་གནའ་དཔེ་དཔེ་ཚོགས་འགྲེམ་སྤེལ་གནང་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དེ་རིང་། ཁྱོད་ཀྱི་དུས་ཆེན་ཡིན། 2014/9/10 10:36:01
·དགེ་ཆོས་ཡབ་སྲས་ཀྱི་སྙན་རྩོམ་སྔོན་གླེང་། 2014/1/5 13:03:32
·ཁ་ཞིག་མི་གྲག་ཀ་མེད་བྱུང་སོང་། སྒོ་ཤེས་རབ་རྒྱ་མཚོ། 2013/6/13 10:39:01
·དགེ་བཅུའི་སྲོལ་གྱི་རྣམ་གཞག་བཞུགས་སོ། 2013/6/13 9:38:34
·གསེར་ལྗོངས་བླ་མ་རུང་གིས་གཏན་ལ་ཕབ་པའི་དགེ་བཅུའི་ལུཊ་སྲོལ། 2012/5/28 17:25:55
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:11:21 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:52:14 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 14:39:24 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།15.63MS