ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
གསར་འགྱུར་ཀློག་པ།

དབྱར་རྩྭ་བརྐོ་བ་དེས་སྐྱེ་ཁམས་ལ་ཞར་བྱུང་གི་གནོད་སྐྱོན་བཟོས་པ།

[རྩོམ་པ་པོ:བདེ་ཆེན་མཚོ།  ཡོང་ཁུངས:མཚོ་སྔོན་པོ་  དུས་ཚོད:2013/6/6 20:06:22  བཀླགས་ཐེངས:1221][ཡིག་གཟུགས:ཡིག་གཟུགས་མདོག]

དབྱར་རྩྭ་བརྐོ་བ་དེས་སྐྱེ་ཁམས་ལ་ཞར་བྱུང་གི་གནོད་སྐྱོན་བཟོས་པ།

三江源生态因“虫草热”不堪重负
དབྱར་རྩྭ་བརྐོ་བ་དེས་སྐྱེ་ཁམས་ལ་ཞར་བྱུང་གི་གནོད་སྐྱོན་བཟོས་པ།

དེང་དུས་སུ་དབྱར་རྩྭ་དགུན་འབུ་དེ་རྒྱལ་ཁབ་ཕྱི་ནང་གི་ཚོང་རའི་སྟེང་བྲིན་ཆེ་བར་ཕྱིན་པ་དང་བསྟུན་ནས། ཡུལ་མང་པོ་ཞིག་གི་མང་ཚོགས་དང་སྒོས་སུ་སྨན་རྩྭ་འབྱུང་ཡུལ་དུ་འཚོ་བཞིན་པའི་བོད་རིགས་མང་ཚོགས་ཀྱི་དཔལ་འབྱོར་གྱི་ཡོང་སྒོ་གཙོ་བོ་ཞིག་ཏུ་གྱུར་འདུག ལོ་རེའི་ཟླ་ལྔ་བ་དང་དྲུག་པར་དབྱར་རྩྭ་བརྐོ་བའི་དུས་ཚིགས་སུ་བསླེབ་མ་ཐག  ཡུལ་ཕྱོགས་སོ་སོའི་འབུ་བརྐོ་རྣམས་མེ་ཏོག་གི་ཟེའུ་འབྲུ་ལེན་པའི་རྐང་དྲུག་བུང་བ་ཇི་བཞིན་ཟས་གོས་ཀྱི་གྲ་སྒྲིག་ཚགས་དམ་པ་ཞིག་བྱས་ནས་དབྱར་རྩྭ་ཡོད་པའི་ཕྱོགས་སུ་ཆས་འགོ་བརྩམས།
དབྱར་རྩྭ་དགུན་འབུས་རང་རེའི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་མཐུན་རྐྱེན་མི་དམན་པ་ཞིག་བསྐྲུན་ཞིང་། དབྱར་རྩྭའི་རིན་གོང་ལོ་རེ་བཞིན་ལྡབ་འགྱུར་གྱིས་འཕར་བཞིན་འདུག་མོད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དང་ཁོར་ཡུག་ལ་ཞར་བྱུང་གི་གནོད་པ་ཚབས་ཆེན་པོ་ཞིག་ཐེབས་དང་གཏོང་བཞིན་འདུག་སྟེ། འབུ་བརྐོ་དུས་འབུ་བརྐོ་བ་རྣམས་ཀྱིས་བྲོ་ཁ་དང་གོན་པ་སོགས་ཀྱི་མཐུན་རྐྱེན་གྱ་ནོམ་པ་ཞིག་གྲ་སྒྲིག་བྱས་ཏེ་འབུ་བརྐོ་ཞོར་དང་ཟས་ཟ་ཞོར་བྱས་པར་བརྒྱུད་ནས། རི་མགོར་དམ་བེ་དང་འགྱིག་ཤོག དུ་སྣེ། གྱོན་ཆས་རྙིང་ཧྲལ་སོགས་གང་སར་གཏོར་བས། དབྱར་རྩྭ་བརྐོས་པའི་རྗེས་སུ་སྔོ་ལྗང་གི་རྩྭ་ཐང་དེར་གད་སྙིགས་སྣ་ཚོགས་ཀྱིས་ཁེངས་འདུག་པར་མ་ཟད། དབྱར་རྩྭ་བརྐོས་ཤུལ་གྱི་དོང་ཁ་མ་བསུམ་པར་རི་ངོས་ཡོངས་ཕྱིར་སློག་ནས་རྩྭ་ས་ཇེ་ཞན་དང་བྱེ་འགྱུར་གྱི་ཚབས་ཇེ་ཆེ་རུ་འགྲོ་བཞིན་འདུག
སྐྱེ་ཁམས་ལ་བརྟག་དཔྱད་བྱས་པའི་གཞི་གྲངས་ཞིག་ལས་གསལ་བ་ལྟར་ན། སི་ཁྲོན་མཛོད་དགེ་རྫོང་དུ་ལོ30ནང་དབྱར་རྩྭའི་ཐོན་ཚད90%ཡིས་ཇེ་ཉུང་དུ་སོང་འདུག་པ་དང་། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི་དབྱར་རྩྭའི་ཐོན་ཚད་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་སུམ་ཆའི་གཅིག་མ་གཏོགས་མེད་པ་རེད།

དབྱར་རྩྭ་བརྐོ་བ་དེས་སྐྱེ་ཁམས་ལ་ཞར་བྱུང་གི་གནོད་སྐྱོན་བཟོས་པ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཧ་ཤུལ་ཡུལ་ཚོའི་གཡང་ཐར་སྡེ་བ་དེ་ལོ་མང་བོའི་རིང་དུ། འགྲིམ་འགྲུལ་གྱི་བཀག་རྒྱ་དང་དེར་ཡོང་བའི་མི་ཉུང་བ་སོགས་ཀྱི་དབང་གིས་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་ལྟ་བུ་ཞིག་ཏུ་ཆགས་འདུག་མོད། ཉེ་བའི་ལོ་ནང་ཡུལ་དེར་དབྱར་རྩྭ་བརྐོ་བའི་མི་ཇེ་མང་དུ་སོང་བ་དང་བསྟུན་ནས་ཤྭ་བ་མཆུ་དཀར་དང་གནའ་བ་ལ་སོགས་པའི་རི་དྭགས་རྣམས་ཀྱིས་རི་འདབས་སུ་གནས་བཅའ་བའི་ཚད་ཇེ་ཉུང་དུ་སོང་ལ། འབུ་བརྐོ་བ་ལ་ལས་འབུ་བརྐོ་ཞོར་དུ་རི་སྐྱེས་སྲོག་ཆགས་རྔོན་པའང་ཡོད་པས། རི་དྭགས་དེ་དག་གི་འཚོ་གནས་ལ་གནོད་པ་ཆེན་པོ་བཟོས་པ་རེད།
མདོ་དབུས་མཐོ་སྒང་གི་ཕྱི་སྣོད་ཀྱི་བཅུད་ལ་གནོད་སྐྱོན་ཚབས་ཆེན་པོ་ཐེབས་བཞིན་པའི་གནད་དོན་དངོས་ལ་གཞིགས་ནས། ད་ལོར་ཡུལ་ཤུལ་ཁུལ་ཧ་ཤུལ་ཡུལ་ཚོ་དང་པེ་ཅིང་སློབ་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལྟེ་གནས་གཉིས་མཉམ་འབྲེལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་བཟང་བོ་ཞིག་ལག་བསྟར་བྱས་པ་སྟེ། འབུ་བརྐོ་བ་རྣམས་ཀྱིས་རི་མགོར་མ་སོང་བའི་སྔོན་ལ་སྒོར100ཡི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཏའ་མ་འཇོག་པར་མ་ཟད། དབྱར་རྩྭའི་ཐོན་ཁུངས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་སྐུལ་འཛིན་ཡིག་བླངས་རྗེས་ད་གཟོད་དབྱར་རྩྭ་བརྐོས་ཆོག་པ་དང་། གལ་ཏེ་སྡེ་དམངས་རྣམས་ཀྱིས་གད་སྙིགས་གང་སར་འདོར་བ་དང་རི་དྭགས་ལ་གནོད་པ་བཟོ་བ། དབྱར་རྩྭ་བརྐོས་ཤུལ་གྱི་དོང་ཁ་བསུམ་མེད་པ་སོགས་མཐོང་ན་འབུ་བརྐོ་བའི་འཛིན་ཡིག་སྟེང×རྟགས་བརྒྱབ་ཆོག་ལ། ཕྱིར་རི་འདེབས་སུ་ཐོན་རྗེས་འཛིན་ཡིག་སྟེང་གི་རྟགས་ལྟར་ཆད་པ་གཅོད་བཞིན་ཡོད། ཁོ་ཚོའི་བྱེད་ཐབས་འདི་ལ་བརྟེན་ནས་སྔོན་མའི་ལོ་དང་བསྡུར་ན་ཡུལ་དེའི་རྩྭ་ས་དང་ཁོར་ཡུག་སྲུང་སྐྱོབ་བྱས་ཚུལ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་འདུག་པ་རེད།

·གསར་འགྱུར་གོང་མ:སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་ལེཊ་སྒྲིག་པར་སྐྲུན་ཟིན་པར་བཀའ་དྲིན་རྗེས་དྲན་ཞུ་ཡིག
·གསར་འགྱུར་འོག་མ:སྐུ་འབུམ་ཉི་འོད་རྩོམ་བསྡུའི་བརྡ་སྦྱོར།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་ཀྱི་་བླང་བྱ། 2014/4/11 9:47:19
·དབྱར་རྩྭ་དགུན་འབུའི་རབ་བྱེད། ༢ 2011/9/24 11:37:21
·དབྱར་རྩྭ་དགུན་འབུའི་རབ་བྱེད། 2011/9/24 10:11:15
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 20:43:03 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 2:11:57 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 12:18:13 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.00MS