ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> སྒྲ་སྒྱུར
  གསར་འགྱུར་ཀློག་པ།

གཏོར་བཤིག་དང་གསར་སྐྲུན།

[རྩོམ་པ་པོ:གངས་ཐིགས་ཀྱིས་བསྒྱུར།  ཡོང་ཁུངས:གངས་ཐིགས་ཀྱི་ཟིན་བྲིས་ལས།  དུས་ཚོད:2009/11/1 11:45:17  བཀླགས་ཐེངས:1023][ཡིག་གཟུགས:ཡིག་གཟུགས་མདོག]
གཏོར་བཤིག་དང་གསར་སྐྲུན།
 
ཀྲི་ཤི་ཎ་མུཀ་ཏིས་བརྩམས།  
    
      གཏོར་བཤིག་ནི་ཧ་ཅང་མེད་ཐབས་མེད་པ་ཞིག་ཡིན།  ཁང་བརྩེགས་དང་དངོས་པོ་དག་ ལ་གཏོར་བཤིག་གཏོང་བ་གཅིག་པུ་མ་ཡིན་པར་སེམས་ཁམས་ཀྱི་འཆར་སྒོ་དང་འགོག་སྲུང༌། དཀོན་མཆོག དད་པ། ཉམས་མྱོང༌། ཤེས་བྱ།  གཞན་བརྟེན་གྱི་འདུ་ཤེས་སོགས་ལ་གཏོར་བཤིག་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  འདི་ཚོ་ཡོངས་རྫོགས་ལ་གཏོར་བཤིག་མ་བཏང་ན། གསར་སྐྲུན་བྱེད་མི་ཐུབ། གསར་སྐྲུན་གྱི་ལྗང་མྱུག་འདི་རང་དབང་གི་ཞིང་ས་ཁོ་ན་རུ་འབུས་ཀྱི་ཡོད།  གཞན་དག་གིས་ཁྱེད་ཀྱི་ཆེད་དུ་ལྕགས་རི་འདི་ཚོར་གཏོར་བཤིག་གཏོང་ཐུབ་ཀྱི་མེད། 
      ཁྱོད་ཀྱིས་ངེས་པར་དུ་སོ་སོའི་རང་ཉིད་ཀྱི་གོ་རྟོགས་བརྒྱུད་དེ་འགོག་སྲུང་འདི་དག་རྩིས་མེད་དུ་གཏོང་དགོས།
     གསར་བརྗེ་ཡིས་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་བབ་ཀྱི་ཕྱི་ངོས་ཙམ་དང་བྱ་དངོས་དག་གི་ཁྱབ་ཁོངས་ཇེ་ཆེ་དང་ཇེ་ཆུང་དུ་གཏོང་བ་ཁོ་ནའོ།།  འོན་ཀྱང༌།  འདི་དག་ཡོངས་རྫོགས་ནམ་ཡང་ཚད་བཀག་ཐེབས་པའི་བསམ་བློའི་ཞིང་ས་ནང་དུ་ཡོད་ངེས།  ཆ་ཚང་བའི་གསར་བརྗེ་ཞིག་བྱེད་དགོས་ན།  ང་ཚོའི་ཀླད་པས་ངེས་པར་དུ་ནང་སེམས་ཀྱི་ཕྲག་དོག་དང་འཇིགས་སྐྲག དབང་ཤུགས་ཀྱི་གསང་བའི་ཐབས་ལམ་སོགས་འདོར་དགོས་ཀྱི་ཡོད།
འཇམ་ཞིང་མཉེན་པའི་ལོ་མ་ཞིག་གི་སྟོབས་ཤུགས་དང་མཛེས་སྡུག་དེ་རང་ཉིད་ཀྱིས་གཏོར་བཤིག་ལ་བཟོད་ཐུབ་མིན་གྱི་སྟེང་ན་གནས་ཡོད།  རྡོ་གཅལ་གྱི་ལམ་ཁའི་འོག་ནས་མགོ་འབུས་པའི་སྤུ་གྲི་ལྟ་བུའི་སྔོ་རྩ་ཞིག་ལ་མཚོན་ན་གློ་བུར་བའི་རྐྱེན་ངན་ལ་གདོང་ལེན་བྱེད་པའི་ནུས་ཤུགས་རྒྱས་ཡོད།
     གསར་སྐྲུན་འདི་མི་བུ་སྒེར་བའི་ལག་ཏུ་གཏན་ནས་མེད། མི་བུ་སྒེར་གྱི་རྣམ་པ་དེ་སོ་སོའི་འཇོན་ཐང་དང་ལྷན་སྐྱེས་ཀྱི་རིག་རྩལ།  ཐབས་བཀོད་སོགས་དང་ཆབས་ཅིག་ཤུགས་ཆེ་ཤོས་སུ་འགྱུར་སྐབས་གསར་སྐྲུན་འདི་ཡོངས་སུ་མཚམས་འཇོག་གི་ཡོད།  གསར་སྐྲུན་ནི་ཤེས་པའི་ཡུལ་དུ་བྱ་མི་རུང་བའི་འཇིག་རྟེན་ཁམས་ཧྲིལ་བོའི་འགུལ་སྤྱོད་ཅིག་ཡིན་པ་ལས་ཆ་ཤས་ཤིག་གི་མཚོན་བྱ་གཏན་ནས་མིན་ནོ།།
 
གངས་ཐིགས་ཀྱིས་དབྱིན་ཡིག་ནས་བསྒྱུར།
·གསར་འགྱུར་གོང་མ:བོད་ཀྱི་བཟོ་རིག་པའི་ཁྱབ་ཁོངས་དང་རི་མོའི་སྒྱུ་རྩལ།
·གསར་འགྱུར་འོག་མ:ཆོས་ཉིད་ཚེ་རིང་ལགས་ལ་རྒྱལ་ཡོངས་ཀྱི༼ཤར་ཕྱོགས་ཀྱི་ཕོ་ཉའི༽བྱ་དགའ་ཨང་དང་པོ་ཐོབ་པ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 11:49:40 [来自: 112.5.236.197]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/6 4:51:18 [来自: 111.144.227.221]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/4 13:05:19 [来自: 42.81.66.206]

འབྲེལ་ཡོད་དཔྱད་བརྗོད 51 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS