དབང་མདའ་བློ་བཟང་ཉི་མའི་རྩོམ་ཡིག་ཕྱོཊ་བསྒྲིཊ།

བོད་ལྗོངས་སྨར་ཁམས་ཚྭ་ལྷོ་ལྕང་ལུང་གྲོང་ནས་ཡིན་པའི་སློབ་མ་དབང་མདའ་བློ་བཟང་ཉི་མས། ཆབ་མདོ་ས་ཁུལ་མཐོ་འབྲིང་དང་པོའི་ནང་སློབ་གཉེར་བྱེད་ཞོར་གངས་ཅན་བོད་ཀྱི་རིག་གཞུང་ལ་ཀུན་ནས་དུངས་པའི་འབྲས་རྟགས་སུ་ད་ལམ་ཐོག་མའི་རྟེན་འབྱུང་གི་ཚུལ་དུ་ཕ་སྐད་ཀྱི་ལམ་ནས་གསར་རྩོམ་བྱས་པའི་རྩོམ་ཡིག་ཕྱོགས་བསྒྲིགས་༼སྙན་དབྱངས་ཀྱིས་བསླངས་པའི་འབྲོག་གླུ༽ཞེས་པ་ཞིག་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་འགྲེམ་གྱིས་ལྷན་རྒྱས་ཀྱི་སྤྱན་ལམ་དུ་བསྟར་འདུག་པ་དེ་ནི། ལྷག་པར་དུ་རིག་གནས་ཀྱི་དཔུང་གཉོམ་པའི་ཆབ་མདོ་ས་ཁུལ་ལྟ་བུ་ལ་ཆ་མཚོན་ནས་བཤད་ན། ཧ་ཅང་དགའ་བ་སྐྱེ་འོས་པ་ཞིག་དང་མངོན་པར་བསྟོད་འོས་སུ་ཆེ་ཞིང་དེར་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་བསྐྱེད་བསྲིང་བྱ་འོས་པར་མཐོང་ནས། འདིར་ཆེད་དུ་འོས་སྦྱོར་ཞུས་ནས་དེ་ལས་རྩོམ་ཡིག་ཁག་ཅིག་རྗེས་སུ་རིམ་པར་བརྒྱུད་འགོད་ཞུ་རྩིས་ཡོད་པས་དེ་དོན་དགོངས་མངའ་འཚལ།