ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ཨ་རིག་གླེན་པའི་གཏམ་རྒྱུད་པར་སྐྲུན་བྱ་བར་ཉེ།

[རྩོམ་པ་པོ:ཨ་རིག་དགོན་ཆེན།  ཡོང་ཁུངས:མཆོད་མེ།  དུས་ཚོད:2013/2/18 20:48:59  བཀླགས་ཐེངས:1294][ཡིག་གཟུགས:ཡིག་གཟུགས་མདོག]
༼ཨ་རིག་གླེན་པའི་གཏམ་རྒྱུད༽ཅེས་པའི་དེབ་ཆུང་ཞིག་པར་སྐྲུན་བྱ་བར་ཉེ་བ།

ཨ་རིག་དགོན་ཆེན།

༄༅།།རྒྱ་ཆེ་བའི་རྩོམ་པ་པོ་རྣམ་པ་ལགས།ངེད་མདོ་སྨད་ཨ་རིག་དགོན་ཆེན་གྱིས་ཨ་རིག་གླེན་པའི་གཏམ་རྒྱུད་ཅེས་པའི་དེབ་ཆུང་ཞིག་པར་སྐྲུན་བྱ་རྩིས་ཡོད་ལ།ད་སྔ་ངེད་ཅག་རྩོམ་སྒྲིག་པས་བསྡུ་བསྒྲིགས་བྱས་པའི་གཏམ་རྒྱུད་ཉི་ཤུ་ལྷག་ཡི་གེར་བཀོད་ཡོད་པ་འདི་དག
༡ཨ་རིག་རྒན་པོས་རྒྱལ་བ་སྐུ་ཕྲེང་སྔོན་མ་ཞིག་ལ་ཡི་གེ་བསྐུར་བ།
སྔར་ཨ་རིག་གི་རྒན་པོ་འགས་རྒྱལ་བ་རིན་པོ་ཆེར་ཡི་གེ་ཞིག་བསྐུར་དགོས་པར་བསམ་སྟེ།ཁོ་ཚོའི་ནང་དུ་འཕྲིན་ཡིག་ཅིག་འབྲི་ཤེས་མཁན་མ་བྱུང་བས།ཁོ་ཚོས་ཡང་ཡང་གྲོས་བསྡུར་བྱས་མཐར།གཅིག་ན་རེ།འུ་ཚོས་ཡི་གེ་ཞིག་བསྐུར་མ་མྱོང་བས་ཇི་ལྟར་བྲིས་ནས་བསྐུར་རྒྱུ་ཡིན།ཞེས་དྲིས་པ་ན།གཅིག་གིས་འཕགས་པ་བརྒྱད་སྟོང་བར་ཅིག་བལྟས་ན་ཡི་གེ་ཞིག་འབྲི་སྲོལ་ཞིག་ཡོད་རྒྱུ་རེད།ཅེས་བཤད་པ་ན།ཡང་གཅིག་གིས།འོ་དེའི་རོ་ཆེ་བ་ཙམ་མ་གཏོགས་ངས་བལྟས་ན་དེའི་གསང་ན་ཅང་མེད་ཀི་བསམ་གི།དེར་བལྟས་ན་རྡོ་རྗེ་གཅོད་པ་དེ་འདྲེ་ལུ་ཞིག་ཡིན།དེའི་ནང་དུ་བལྟས་ན་བཟང་ཚུལ་སོགས་བཤད་པས།ཁོ་ཚོས་རྡོ་རྗེ་གཅོད་པའི་ནང་དུ་བལྟས་པར།བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་བསྩལ་བ་ཞེས་པའི་ཚིག་དེ་མཐོང་ཚེ།གཅིག་གིས་འོ་འདི་རེད་ཡ།ཟེར་བཞིན་འདི་ལྟར་བྲིས༌།ཨ་རིག་རྒན་པོ་རྣམས་ཀྱིས་རྒྱལ་བ་རིན་པོར་ཆེར་བཀའ་བསྩལ་བ་ཞེས་བྲིས་ནས་བསྐུར་ཏོ།།
(གོང་གི་འདི་ནི་དྲ་གྲོགས་རྣམས་ལ་ཕུལ་བའི་ཨ་རིག་གླེན་པའི་གཏམ་རྒྱུད་དཔེར་མཚོན་ཙམ་མོ།།)
༢བྱམས་ཆེན་ལ་ལྷམ་བསྐོན་པ།༣ཤི་བོའི་མིང་ཡང་ཆུས་ཁུར་སོང་།༤ལྷ་ཁང་གི་ཐོག་སོར་མཇལ་བ།༥བྲག་ངོས་ཀྱི་ཞོ་འཐུང་བ།༦གཡག་རྐུན་འདིས་ཅི་ཞིག་ཁྱེར་སོང་ངམ།༧ལྷ་ལྟོ་རྐྱལ་ཞིག་རེད།༨ངོ་མ་འཆི་སྲོལ་ངན་གི༩རྟ་ནག་པོའི་ཁོག་ཏུ་ཅི་ཡང་མི་འདུག༡༠ཞོ་མཛུབ་རྩེབ་ཅིག་འཐུང་རྒྱུ།༡༡ཁྱེད་ཀྱང་རྐུན་མའི་ཁྲོད་དུ་ཡོད་དམ།༡༢ཡུམ་གསེར་བྲིས་མས་མཁྱེན།༡༣འུར་ཆ་ལས་ཇོ་བོར་གསེར་བསྐུར་བ།༡༤ཨ་རིག་རྒན་པོའི་བློ་ཐབས།༡༥ད་ནངས་ཕ་རྒན་གྱི་མགོ་བོ་ཨེ་ཡོད་ཀི༡༦ལག་རྟེན་གྱིས་ལྷ་སྐུར་གཞུས་པ།༡༧སྤྱན་རས་གཟིགས་ཀྱི་ཞལ་མཐོང་བ།༡༨རང་ཉིད་འཁྱག་རེངས་སུ་བཏང་བ།༡༩གྲོག་མའི་ཕྲུ་གུ་ཟ་མི་ཉན་པ་ལོས་ཤེས།༢༠དཀྱིལ་འཁོར་སྟེང་དུ་འདུག་མི་ཉན་པ་ཤེས་ནི་རེད་སོགས་དང་ད་དུང་ཡི་གེར་བཀོད་མེད་པ་སྒྲོལ་མ་དར་ལེན་མ་དང་ཇོ་བོར་རྩམ་ཁུག་བཅོལ་བ་སོགས་ཡོད་ཀྱང་།ད་དུང་ཁྱེད་རྩོམ་པ་པོ་དག་གིས་ངེད་ཅག་གིས་ལག་སོན་བྱུང་མེད་པའི་གཏམ་རྒྱུད་རེ་ཡོད་ན་ངེད་ཅག་ལ་མཁོ་སྤྲོད་བྱ་རྒྱུའི་རེ་བ་ཞུ་བ་དང་ཆབས་ཅིག།ངེད་ཅག་གིས་ཨ་རིག་གི་ལོ་རྒྱུས་མདོར་བསྡུས་ཤིག་ཀྱང་སྒྲིག་བཞིན་ཡོད་པས་ཨ་རིག་སྟོད་མ་སྟེ་རྫ་ཨ་རིག་དང་ཨ་རིག་ཆོས་གྲྭ་ཆེན་མོ།ཨ་རིག་བར་མ་སྟེ་གཙང་ཨ་རིག་དང་རྭ་རྒྱ་དགོན།གཙང་དགོན་དོན་གྲུབ་རབ་བརྟན་གླིང་།ད་དུང་ཨ་རིག་ཚོ་ཆེན་བཅོ་བརྒྱད་དུ་གཏོགས་པའི་ཐར་ཤུལ་དང་བན་ཤུལ།བདུད་ཤུལ།དབལ་ཤུལ།ཀ་ཤུལ།སྨན་ཤུལ།ཕྱག་ཤུལ།གཟུངས་ཤུལ་སོགས་ཀྱི་ལོ་རྒྱུས་ལོ་རྒྱུས་མདོར་བསྡུས་རེ་ཤེས་མཁན་དང་ཡུལ་ཕྱོགས་དེ་དག་གི་སྤུན་ཟླ་དག་གིས་མཐོང་ཚེ་ངེད་ཅག་ལ་འབྲེལ་གཏུགས་རེ་བྱ་རྒྱུ་མཁྱེན་མཁྱེན་ཞེས་ཞུ་བ་ལགས་སོ།།
འབྲེལ་གཏུགས་མི་སྣ།ཨ་རིག་དམ་ཆོས་ཡར་འཕེལ།ཨ་རིག་སྐལ་བཟང་གཞོན་ནུ།ཞོ་བཟང་བ་གང་རུང་ལ་འབྲེལ་བ་གནང་རོགས།
ཞོ་བཟང་བ 15997003288ཡར་འཕེལ 15309703537གཞོན་ནུ 18009706625
གླེང་མོལ།  363226061   ཡང་ན  843984150
ཡིག་ཟམ།  E-mail.ldzx18@yahaoo.cnཡང་ན E-mail.ldzx18@126.com/
ཞེས་མདོ་སྨད་ཨ་རིག་དགོན་ཆེན་ནས་གུས་ཕུལ།

·གསར་འགྱུར་གོང་མ:སྨན་བླ་སྐྱབས་ཀྱི་ལེཊ་སྨོན་ཧི་མ་ལ་ཡའི་སྐར་རྒྱན།
·གསར་འགྱུར་འོག་མ:སྙན་ངག་པ་གཉའ་གོང་ལྷ་བྷེ་ལཊ་ལ་རྗེས་དྲན་དུ
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:57:23 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:24:51 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 21:38:44 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS