ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

གླིང་གེ་སར་རྒྱལ་པོའི་འཁྲུངས་སྐར།

[རྩོམ་པ་པོ:ཟུར་ལྷ་དབང་།  ཡོང་ཁུངས:མཚོ་སྔོན་པོ།  དུས་ཚོད:2013/1/26 10:50:59  བཀླགས་ཐེངས:2307][ཡིག་གཟུགས:ཡིག་གཟུགས་མདོག]

གླིང་གེ་སར་རྒྱལ་པོའི་འཁྲུངས་སྐར།

གླིང་གེ་སར་རྒྱལ་པོའི་འཁྲུངས་སྐར། བོད་ཟླ་ ༡༢ པ་སྟེ་རྒྱལ་ཟླ་བའི་ཚེས་ ༡༥ ཉིན་མོ་ནི་རང་རེའི་མེས་པོ་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་སྐར་ཡིན་པར་འདོད་དེ། དེའང་སྔ་འགྱུར་རྙིང་མའི་ཕྱོགས་ན་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་འཇུ་མི་ཕམ་པའི་ཞལ་ཁྲིད་རྣམས་སྒྲུང་གི་ཚུལ་དུ་ཁོང་གི་དངོས་སློབ་འགྱུར་མེད་ཐུབ་བསྟན་འཇམ་དབྱངས་གྲགས་པས་བྲིས་པའི་འཁྲུངས་གླིང་མེ་ཏོག་ར་བ་ལས་ས་སྟག་ལོའི་རྒྱལ་ཟླ་བའི་ཚེས་བཅོ་ལྔ་ཉིན་གེ་སར་འཁྲུངས་པར་གསལ་བོར་གསུངས་ཡོད་པ་དང་། རྙིང་མའི་གཏེར་སྟོན་གྲུབ་ཐོབ་ཆེན་པོ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གཏེར་མ་གསེར་ཆོས་འོག་མིན་བགྲོད་པའི་ཐེམ་སྐས་ལས་ཀྱང་རྒྱལ་ཟླའི་ཚེས་བཅོ་ལྔ་ལ་འཁྲུངས་པར་གསུངས་ཏེ། གསེར་ཆོས་ལས། སྟག་གི་ལོ་རྒྱལ་ཟླ་བའི་ཚེས་བཅོ་ལྔ་ལ་ལྷ་ཀླུ་གཉན་སྲིང་རང་དང་བཅས་པ་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་སྐུ་བསྟམས་སོཿ ཞེས་གསལ་བོར་གསུངས་འདུག ལར་ཆོས་དང་འཇིག་རྟེན་སྤྱི་དང་བྱེ་བྲག་གང་གི་ལུགས་ལ་ཡང་ལོ་གཅིག་གི་ནང་དུ་དུས་ཆེན་དམིགས་གསལ་བ་རེ་ཡོད་པ་ཡིན་ན། གེ་སར་སྐྱེས་བུ་ཆེན་པོ་ལྷ་སྲུང་དུ་བསྟེན་པའི་གང་ཟག་དང་གླིང་གེ་སར་རིག་གནས་ཞིབ་འཇུག་པ་དང་། གླིང་སྒྲུང་ཕབས་མཁན་སྒྲུང་པ་སོགས་ལའང་དུས་ཆེན་དམིགས་གསལ་བ་ཞིག་དགོས་གལ་ཆེ་སྙམ་མོ། ཟུར་ལྷ་དབང་ནས།

རིག་པ་འགྱུར་མེད་ཡེ་ཤེས་ཀྱི་སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ།།

འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
ཨེ་མ་ཧོ།
མདུན་ནམ་མཁར་འཇའ་འོད་འཁྲིགས་པའི་ཀློང་།།
ལྷ་རྩ་གསུམ་དགྲ་ལྷའི་སྤྲིན་ཕུང་ལས།།
ཕ་སྐྱེས་མཆོག་ནོར་བུ་དགྲ་འདུལ་རྩལ།།
བྱིན་ཐིབས་སེ་དགྱེས་ཞལ་ངོམ་བཞིན་བཞུགས།།
མགོན་རྒྱལ་བ་ཀུན་འདུས་ཐུགས་རྗེ་ཅན།།
དཔལ་ཨོ་རྒྱན་ཆེན་པོའི་སྤྲུལ་པའི་སྐུ།།
རྗེ་རིགས་གསུམ་གཅིག་འདུས་སེང་ཆེན་རྒྱལ།།
བུ་མོས་གུས་བཟོད་མེད་གདུང་ཤུགས་ཀྱིས།།
ཕ་ཁྱོད་ལ་སྙིང་ནས་གསོལ་བ་འདེབས།།
ཐུགས་འོད་གསལ་འཕོ་འགྱུར་མེད་པའི་ངང་།།
བྱམས་སྙིང་རྗེའི་སྤྲིན་ཆེན་རྟག་ཏུ་འཁྲིགས།།
ལས་སྨོན་ལམ་མཐུན་པའི་གདུལ་བྱ་ལ།།
བྱིན་བཙན་ཐབས་འབེབས་པའི་ཐུགས་རྗེ་ཅན།།
དཔའ་དགྲ་ལྷའི་སྐུ་ཆས་རེ་རེར་ཡང་།།
ལྷ་རྩ་གསུམ་དཀྱིལ་འཁོར་གྲངས་ལས་འདས།།
དྲན་ཙམ་གྱིས་བྱིན་རླབས་དབང་ཆེན་ཐོབ།།
ཡབ་དཔའ་བོའི་བྲོ་རྡུང་འཁྲབ་སེ་འཁྲབ།།
ཡུམ་དཔའ་མོའི་གླུ་ལེན་ཤ་ར་ར།།
རྟ་འདོ་རྗེའི་ཧེར་སྒྲ་ལྷང་སེ་ལྷང་།།
དཔའ་དགྲ་བླའི་བཞད་སྒྲ་ཆེམས་སེ་ཆེམས།།
སེམས་མོས་དུངས་ཅན་གྱི་སྐྱེ་བོ་ལ།།
དམ་མ་གཡེལ་མ་གཡེལ་བྱིན་གྱིས་རློབས།།
ལུས་འདི་ལ་དགྲ་བླའི་དཔའ་རྫོང་ཆོས།།
ངག་འདི་ལ་འཕྲུལ་གསུང་དབང་ཞིག་བསྐུར།།
སེམས་འདི་ལ་བདེ་སྟོང་རིག་རྩལ་སྤོར།།
རྗེ་ཁྱེད་དང་དབྱེར་མེད་འགྲུབ་པར་ཤོག །
བླ་མ་མཁྱེན།  ཞེས་ཅི་མང་དང་། བླ་མ་སྐྱེབས་མཆོག་ཡིད་བཞིན་ནོར་བུ་མཁྱེན། ཞེས་དང་། ༀ་ཨཿབཛྲ་མ་ཧཱ་གུ་རུ་མ་ཎི་རཱ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཟླས་མཐར་རང་དང་དབྱེར་མེ་བློ་འདས་ཆོས་སྐུའི་ངང་དུ་བཞག  བྱིན་རླབས་མྱུར་འཇུག་རིག་རྩལ་བརྡ་རྟགས་སྟོན།  ཞག་བདུན་གསོལ་བཏབ་རྗེས་སུ་ངེས་པར་འཛིན།  རང་གི་བློ་འདས་ངང་ནས་སེང་ཆེན་རྗེའི།  བྱིན་རླབས་ཆེ་ཐོབ་རིག་པའི་རྡོ་རྗེས་སྤེལ།  ཐུན་མཐར་ཧོར་འདུལ་དང་རྟ་རྒྱུགས་གསོལ་འདེབས་དབྱངས་སྙན་པོས་བསྒྲགས་པར་བྱའོ།  ཐམས་ཅད་འདུལ་གྱི་ཟླ་བ་གསུམ་པའི་ཚེས་ཉེར་གསུམ་ལའོ།། དགེའོ།  མངྒ་ལམ།

·གསར་འགྱུར་གོང་མ:༢༠༣༠ ལོའི་འཛམ་གླིང་གི་འཕེལ་ཕྱོགས་དང་ཨེ་ཤ་ཡའི་འགྱུར་ལྡོག
·གསར་འགྱུར་འོག་མ:གདུཊ་དཀར་ཚེ་རིང་གི་གཞས་གསར་༼འོད་སྣངiTunesསྟེང་བཀྲམ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·མགོ་ལོག་ཁལ་དུ་གླིང་གེ་སར་གྱི་སྐུ་བརྙན་ཞིག་བཞེངས་འདུག 2011/8/13 18:17:51
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 5:20:49 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 7:35:51 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 11:24:28 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS