ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

དཔལ་བརྩེཊ་དཔེ་རྙིང་ཞིབ་འཇུག་ཁང་བཙུཊ་ནས་ལོ་བཅུ་འཁོར་བའི་དུས་དྲན།

[རྩོམ་པ་པོ:ངོམ་ཚེ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/1/11 23:19:52  བཀླགས་ཐེངས:1694][ཡིག་གཟུགས:ཡིག་གཟུགས་མདོག]
དཔལ་བརྩེཊ་བོད་ཡིག་དཔེ་རྙིང་ཁང་བཙུཊ་ནས་ལོ་བཅུ་འཁོར་བའི་དུས་དྲན།

དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཁང་གསར་འཛུགས་བྱས་ནས་ལོ་བཅུ་འཁོར་བའི་
དུས་དྲན་ལ་རྟེན་འབྲེལ་ཞུ།

སྤྱི་ལོ་༢༠༡༣ལོའི་ཟླ་༡པོའི་ཚེས་༡༡ཉིན་གྱི་སྔ་དྲོར། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཁང་གསར་འཛུགས་བྱས་ནས་ལོ་བཅུ་འཁོར་བའི་དུས་དྲན་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུ་དེ་ལྷ་སར་ཚོགས།   ཚོགས་འདུའི་ཐོག་ཞིབ་འཇུག་ཁང་གི་དབུ་འཛིན་ཀརྨ་བདེ་ལེགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་དུས་དྲན་གྱི་ལས་བསྡོམས་སྙན་ཞུ་ཕུལ་བ་དང་།  ཞིབ་འཇུག་ཁང་དེའི་དབུ་འཛིན་གཞོན་པ་འགྲོ་འདུལ་རྡོ་རྗེ་དང་། བོད་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་ཅུས་ཀྲང་དབང་འདུས་ལགས་ནས་ཤིས་ཚིག་དང་གསུང་བཤད་གནད་འདུས་གནང་།

ལས་བསྡོམས་སྙན་ཞུའི་ནང་། ཐོག་མར་སྤྱི་ལོ་༢༠༠༢ལོའི་ཟླ་༧པའི་ཚེས་༣ཉིན་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྙིང་སྲུང་སྐྱོབ་ཞུས་པ་ནས་བཟུང་ད་ལྟའི་བར། འབྲས་སྤུངས་དགོན་དང་། སེ་ར་དགོན། ཞ་ལུ་དགོན། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དགོན། གྲོ་མཁར་ཆོས་སྡེ་དགོན། ལྷོ་ཁ་ཀེ་རུ་ལྷ་ཁང་། སྙེ་མོ་བྱ་མཁར་ཆོས་སྡེ་དགོན། ཁམས་དཔལ་སྤུངས་དགོན། བྱང་དཀར་ཆོས་སྡེ་དགོན་བཅས་ལ་དཀར་ཆག་དང་དཔེ་རས། དཔེ་སྒྲོམ་སོགས་ཁྱོན་ཡོངས་ནས་སྲུང་སྐྱོབས་ཞུས་པ་དང་། སྙེ་ཐང་སྒྲོལ་མ་ལྷ་ཁང་། འཕན་པོ་ན་ལེནྡྲ་སོགས་དགོན་རི་ཁྲོད་བཅོ་ལྔ་ཙམ་ལ་དཔེ་རས་ཀྱི་སྲུང་སྐྱོབས་ཞུས་པ། བོད་ལྗོངས་དཔེ་མཛོད་ཁང་སོགས་གཞུང་གཉེར་གྱི་དཔེ་མཛོད་ཁང་དང་སློབ་གྲ། སེར་འབྲས་སོགས་དགོན་སྡེའི་དཔེ་མཛོད་ཁང་དྲུག་ཅུ་ལ་དཔེ་ཆ་སྣ་ཚོགས་པོད་སུམ་ཁྲི་ལ་ཉེ་བ་ཙམ་ཕུལ་ཡོད།

དཔལ་བརྩེགས་བོད་ཡིག་ཞིབ་འཇུག་ཁང་གི་མི་སྣས་འབྲས་སྤུངས་དགོན་དུ་དཔེ་ཆ་འཚོལ་སྡུད་དང་
ལེགས་སྒྲིག་གནང་བཞིན་པ།

དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་འཚོལ་སྡུད་དང་ལེགས་བསྒྲིགས་
གནང་བའི་མེས་པོའི་ཤུལ་བཞག་དཔེ་ཚོགས།
དཔེ་རྙིང་མྱུར་སྐྱོབ་ཀྱིས་པར་སྐྲུན་ཞུས་པ་ལ་མཚོན་ན། མེས་པོའི་ཤུལ་བཞག་དེབ་ཉིས་བརྒྱ་ལྷག་ཙམ་དང་། བཀའ་གདམས་གཅེས་བཏུས་དེབ་ལྔ། མཁྱེན་བརྩེའི་འོད་སྣང་དེབ་བཅོ་བརྒྱད། བྱང་ཆུབ་ལྗོན་བཟང་དེབ་ལྔ། ཤེས་བྱའི་གཏེར་བུམ་དེབ་ལྔ། ས་མཐོའི་བུ་མོ་དེབ་བཞི། འབྲས་སྤུངས་དགོན་གྱི་དཔེ་རྙིང་དཀར་ཆག་དེབ་གཉིས། བོད་ཀྱི་དགོན་སྡེ་ཁག་ཅིག་གི་དཔེ་རྙིང་དཀར་ཆག་དེབ་གཅིག བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་གླེགས་བམ་དགུ་བཅུ། རྙིང་མ་རྒྱུད་འབུམ་པོད་ལྔ་བཅུ་ང་བརྒྱད། ཡིག་རྙིང་ཕྱག་བྲིས་གཅེས་བཏུས་གླེགས་བམ་ལྔ་བཅུ་ང་བརྒྱད།   དུས་འཁོར་ཕྱོགས་བསྒྲིགས་གླེགས་བམ་ཉི་ཤུ། ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་པོད་དགུ་བཅུ། ཀརྨ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་པོད་བརྒྱ་དང་བརྒྱད་བཅས། ཁྱོན་པོད་དེབ་བསྡོམས་པའི་དྲུག་བརྒྱ་རེ་གཉིས་ཙམ་པར་སྐྲུན་ཟིན་པ་དང་། དེ་བཞིན་མེས་པོའི་ཤུལ་བཞག་སོགས་གོང་གསལ་དཔེ་ཚོགས་རྣམས་ཀྱི་འཕྲོ་མཐུད་པོད་དེབ་༤༢༨དང་། མཁན་སློབ་ཆོས་གསུམ་གྱི་གསུང་འབུམ་དེབ་བདུན། བོད་ཀྱི་སྙན་རྩོམ་འདེམས་བསྒྲིགས་དེབ་གཉིས་བཅས། ཁྱོན་པོད་དེབ་བསྡོམས་པའི་བཞི་བརྒྱ་སུམ་ཅུ་ལྷག་གྲ་སྒྲིག་ཚར་བ་དང་།  གློག་རྡུལ་དཔེ་མཛོད་ཆེན་མོའི་ལས་གཞིར་དཔེ་རྙིང་པོད་བཞི་ཁྲི་ཙམ་འཚོལ་བསྡུ་ཐུབ་པ་དང་། པོད་ཉིས་སྟོང་ལྷག་ཙམ་ལེགས་བསྒྲིགས་དང་། རྩོམ་པ་པོའི་ངོ་སྤྲོད། ཆོས་ཚན་སོ་སོའི་དཀར་ཆག་བཀོད་པ་སོགས་མཐོང་ཆོས་མྱོང་འགྱུར་གྱི་གྲུབ་འབྲས་མི་དམན་ཙམ་ཐོབ་ཡོད།
ལས་ཞོར་སློབ་མ་གསོ་སྐྱོང་བྱས་པ་ལ་མཚོན་ན། སྤྱིར་ལོ་བཅུའི་རིང་སློབ་མ་སུམ་བརྒྱ་ཙམ་ལ་སློབ་ཁྲིད་དང་། སྡོད་ཁང་། འཚོ་བ་སོགས་ཚང་མ་ང་ཚོའི་ལས་ཁང་ནས་འགན་འཁུར་ཏེ་སློབ་སྦྱོང་གི་གོ་སྐབས་སྤྲད་ཡོད། སློབ་མ་རྣམས་ཐོག་མར་ཡོང་སྐབས་ཆ་སྙོམས་སློབ་ཆུང་ལོ་རིམ་ལྔ་པའི་ཡོན་ཚད་ཙམ་དང་། ཁ་ཤས་སློབ་གྲ་གཏན་ནས་འགྲིམ་མྱོང་མེད་པ་ཡང་ལས་ཁང་འདིར་སླེབས་པ་ནས་བཟུང་བོད་ཡིག་འབྲི་ཀློག་དང་། རྒྱ་ཡིག་གསར་དུ་སློབ་དགོས་པ་སོགས་ཆུ་ཚད་མི་འདྲ་བར་གཞིགས་ཏེ། ཐོག་མར་ལོ་གཅིག་ཙམ་ལ་སློབ་སྦྱོང་ཁོ་ན་དང་། དེ་ནས་བོད་ཡིག་གི་ཆུ་ཚད་ཅུང་ཙམ་མཐོ་རུ་ཕྱིན་རྗེས། རྩིས་འཕྲུལ་དུ་ཡིག་གཏག་གི་ལས་ཀ་དང་སློབ་སྦྱོང་ཟུང་འབྲེལ་བྱེད་བཅུག་ཡོད། སློབ་མ་རྣམས་ལས་ཀ་ཅུང་ཟད་འབྱོངས་པའི་ཚེ་སློབ་སྦྱོང་རྒྱུན་མཐུད་མ་ཟད། ད་དུང་ལས་གླ་ཡང་གང་འཚམ་ཞིག་ཕུལ་གྱི་ཡོད། འཚོ་བའི་མཐུན་རྐྱེན་ཡང་སྣེ་ཁྲིད་པ་དང་། དགེ་སློབ་ཚང་མ་བཟང་ངན་དབྱེ་བ་གང་ཡང་མེད་པར་ཚང་མ་ཐོབ་ཐང་གཅིག་གྱུར་ཡིན།   དེ་དག་གི་ནང་ནས་སློབ་ཆེན་གྱི་ལག་ཁྱེར་ཐོབ་པ་༡༨དང་།  གཞུང་ཞབས་པའི་ལས་ཀར་ཚུད་པ་༧ གཞན་མང་པོ་ཞིག་སྤྱི་ཚོགས་ཐོག་གང་ལ་གང་འཚམ་གྱི་ལས་ཀ་རྙེད་པ་བྱུང་ཡོད།
ང་ཚོར་ལོ་བཅུའི་རིང་ལས་ཀའི་གྲུབ་འབྲས་འདི་ལྟ་བུ་མངོན་འགྱུར་བྱུང་བ་ནི། གཙོ་བོ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་གཞི་མཛུབ་སྟོན་དང་རྒྱབ་སྐྱོར་གནང་བའི་འོག  དགེ་སློབ་ལས་བཟོ་བ་ཡོངས་ནས་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ལ་འགན་འཁུར་ཏེ་ལས་ཀར་འབད་བརྩོན་བྱས་པ་དང་། དེ་མཚུངས་སུ་ལྷག་བསམ་ཅན་གྱི་དགེ་རྒན་རྣམ་པ་དང་། མཁས་དབང་རྣམ་པ། དབུ་ཁྲིད་རྣམ་པ། འབྱོར་ལྡན་གྱི་གྲོགས་པོ་གྲོགས་མོ་མང་པོས་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བ་བརྒྱུད། ད་ལྟའི་གྲུབ་འབྲས་འདི་མངོན་འགྱུར་ཐུབ་པ་བྱུང་བ་ལས། གང་ཟག་མི་གཅིག་གཉིས་ཙམ་ཕོ་རྒོད་པ་དང་ལས་འཇོན་པ་ལས་བྱུང་བ་ཞིག་མིན་པ་ང་ཚོ་ཚང་མས་མཁྱེན་གསལ་རེད།  ་་ ་་་ ང་ཚོ་ལྟ་བུ་དམངས་བཙུགས་ཀྱི་ཚོགས་པ་ཆུང་ངུ་ཞིག་གིས་ལོ་རྒྱུས་རང་བཞིན་གྱི་སྤྱི་ཚོགས་དང་མི་རིགས་ལ་འགན་འཁུར་ཏེ། རང་འགུལ་གྱིས་ཕན་བདེའི་བྱ་གཞག་བསྒྲུབས་པ་འདི་ནི། རྒྱལ་ཁབ་དང་། མི་རིགས་ལ་ལེགས་སྐྱེས་བཟང་པོ་ཕུལ་ཡོད་པ་མ་ཟད། ང་ཚོ་སོ་སོའི་ངོས་ནས་ཀྱང་། དུས་རབས་འདིའི་མི་རབས་ཤིག་གི་འགན་འཁུར་བ་དང་། ཡབ་མེས་གོང་མར་ཞབས་འདྲེན་མ་ཞུས་པ། མི་རབས་ཕྱི་མར་ངོ་གནོངས་མི་དགོས་པའི་བྱ་བ་གང་ནུས་བསྒྲུབ་པ་ནི་ད་ལྟ་དགའ་སྤྲོ་སྐྱེ་འོས་པ་ཞིག་རེད།
ང་ཚོ་དམངས་བཙུགས་ཀྱི་ཚོགས་པ་ཆུང་ངུ་འདིས་ལོ་ངོ་བཅུའི་རིང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་ཀ་དང་། ལས་ཞོར་སློབ་མའི་སློབ་སྦྱོང་དང་མདུན་ལམ། བདེ་འཇགས་བཅས་ཚང་མར་འགན་འཁུར་ཏེ། ཆ་རྐྱེན་ཇི་ལྟར་ཞན་རུང་རྒྱལ་ཁབ་དང་སྤྱི་ཚོགས་ལ་འཁང་ར་མི་བྱེད་པར། རང་ཁ་རང་གསོའི་སྒོ་ནས་སྤྱི་ཚོགས་ལ་ལེགས་སྐྱེས་གང་མང་ཕུལ་བས། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པ་ནས་ཚད་མཐོའི་གདེངས་འཇོག་རྒྱ་ཆེན་ཐོབ་སྟེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། བོད་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་གཉིས་ནས་མཉམ་གཉེར་རིག་གཞུང་བྱ་དགའ་དང་། ཇོ་མོ་གླང་མའི་བྱ་དགའ་ཐེངས་གཉིས། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུས་ནས་རྒྱལ་ཁབ་དཔེ་སྐྲུན་སྲིད་གཞུང་གི་རྟགས་མ་ཐེངས་གཉིས་བཅས་ཐོབ་ཡོད།  ད་དུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་གོ་སྒྲིག་གནང་བའི་ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་རྣམས་ངེད་ལས་ཁང་དུ་གཟིགས་སྐོར་ཐེངས་གཉིས་ཙམ་ཕེབས་ནས་ ་་་ ་་་ དམངས་བཙུགས་ཚོགས་པ་ཆུང་ངུས་ཀྱང་མ་བསྐུལ་དང་བླངས་ཀྱི་སྒོ་ནས་རྒྱལ་ཁབ་དང་མི་རིགས་རིག་གནས་ལ་ལེགས་སྐྱེས་བཟང་པོ་ཕུལ་འདུག་ཅེས་གདེངས་འཇོག་རྒྱ་ཆེན་ཐོབ་ཡོད།
དེ་མཚུངས་སུ་ང་ཚོས་དཔལ་བརྩེགས་ཚོགས་པའི་ལས་ཀའི་བརྒྱུད་རིམ་ཁྲོད་ཚོགས་པའི་སྒྲིག་གཞི་ལམ་ལུགས་ཚད་ལྡན་མ་ཤེས་པར་དབང་ཤེད་སྒེར་གཅོད་བེད་སྤྱད་པ་དང་། ་་་ ་་་ གདན་འདྲེན་ཞུས་པའི་དགེ་རྒན་ཤེས་ཡོན་ཅན་རྣམས་ལ་ཤེས་ཡོན་དང་མཐུན་པའི་ཐོབ་ཆ་སྤྲོད་མ་ཐུབ་པ་སོགས། སྤྱི་ཚོགས་ཀྱི་ཉམས་མྱོང་དང་དེང་རབས་ཤེས་ཡོན་གྱིས་དབུལ་བའི་སྐྱོན་དང་ནོར་འཁྲུལ་ཐུགས་སུན་མང་པོ་ཤོར་བ་ལ་སྙིང་དབུས་ནས་འགྱོད་པ་དང་བཅས་དགོངས་དག་ཞུ་རྒྱུ་ཡིན།
ད་ལྟའི་ཆར་ང་ཚོར་ལོ་བཅུའི་ལས་ཀའི་གྲུབ་འབྲས་ཡོད་ལ། ལོ་བཅུའི་རིང་གི་དཀའ་ཚེགས་ལ་གདོང་ལེན་བྱས་པའི་ཉམས་མྱོང་ཡང་ཡོད་པས། ཚོགས་པ་དོ་དམ་དང་སྣེ་ཁྲིད་བྱེད་ཐུབ་པའི་གདེངས་ཚོད་ཀྱང་གང་ལ་གང་འཚམ་ཡོད་པ་ཞིག་ཏུ་གྱུར་ཡོད། དེས་ན་འབྱུང་གྱུར་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་རིག་གནས་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པའི་ཡིད་ཆེས་དང་རེ་བས་ཁེངས་ཡོད།      ལྷག་པར་དུ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་བླ་ན་མེད་པའི་རྒྱབ་སྐྱོར་དང་རོགས་རམ་གནང་བའི་འོག་ང་ཚོའི་ལས་ལས་རིམ་ལ་བསྐྱར་ཞིབ་དང་། ལམ་ལུགས་དང་སྒྲིག་གཞི་ལ་བསྒྱུར་བཅོས་བྱ་བའི་ལས་འགོ་བརྩམས་དང་རྩོམ་བཞིན་པ་ལགས་པས། ང་ཚོས་མ་འོངས་པར་དུས་རབས་ཀྱི་འགྲོས་དང་བསྟུན་ནས། མིག་རྒྱང་རིང་པོ་དང་། བློ་ཁོག་ཆེན་པོས་མདུན་བསྐྱོད་བྱས་ཏེ་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཞབས་ཞུ་དེ་བས་ལེགས་པ་བསྒྲུབ་ཐུབ་པའི་ཡིད་ཆེས་དང་རེ་བ་ཆེན་པོས་ཁེངས་ཡོད་ཅེས་སོགས་གསུངས་སོང་།
ཚོགས་འདུའི་ཐོག་ཞིབ་འཇུག་ཁང་དེའི་འགན་འཛིན་མི་སྣ་ངག་དབང་རིག་འཛིན་དང་ཤེས་རབ་བཟང་པོ་སོགས་དང་། དགེ་སློབ་ལས་དོན་མི་སྣ་ལྷན་རྒྱས། དེ་བཞིན་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་རིན་ཆེན་ཟླ་བ་སྐུ་འཁོར་དང་། བོད་ལྗོངས་དྲིལ་བསྒྲགས་པུའི་དབུ་འཛིན་ཟུར་པ་རྣམ་རྒྱལ་ལགས་སོགས་དབུ་ཁྲིད་ལྷན་རྒྱས། བོད་ལྗོངས་སློབ་གྲ་ཆེན་མོའི་སློབ་དཔོན་དགེན་གསང་བདག་རྡོ་རྗེ་ལགས་དང་། སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དགེན་ནོར་བྲང་ཨོ་རྒྱན། ཁམས་སྤྲུལ་བསོད་ནམས་དོན་འགྲུབ་སོགས་མཁས་དབང་ལྷན་རྒྱས།  གསོ་རིག་སློབ་གླིང་དཔེ་མཛོད་ཁང་གི་འགན་འཛིན་རྡོ་རྗེ་སྒྲོལ་དཀར། སེར་གཙུག་ནང་བསྟན་དཔེ་རྙིང་བསྡུ་སྒྲིག་ཁང་གི་དགེ་སྟོབས་བཅུ་ལགས་དང་ཆུང་བདག་ལགས་སོགས། བོད་ལྗོང་དཔེ་སྐྲུན་ུཁང་གི་ཚེ་དབང་རྡོ་རྗེ་སོགས་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་མང་པོ་བཅས་ཕེབས་ཡོད་འདུག །

གསུང་བཤད་དངོས་གཞི་གྲུབ་རྗེས་སྐུ་མགྲོན་རྣམས་ནས་རང་མོས་ངང་མཇལ་དར་སྒྲོན་པ་དང་བཅས་དེ་སྔོན་ཐོབ་པའི་གྲུབ་འབྲས་ལ་གདེངས་འཇོག་དང་། མ་འོངས་པའི་བསམ་ཕྱོགས་རེ་བཅངས་ཤིས་སྨོན་སོགས་ནང་མོལ་ལྷུག་གླེང་གནང་ཞིང་།

ཞིབ་འཇུག་ཁང་གི་སློབ་མ་དང་ལས་མི། སྐུ་མགྲོན་འཐུས་མི་རྣམ་པས་གླུ་གར་འཁྲབ་སྟོན་གཟིགས་འབུལ་ཞུས་པའི་ཐོག་ནས་དུས་དྲན་ལ་རྟེན་འབྲེལ་ཞུས་པ་དང་ཕན་ཚུན་བཀའ་དྲིན་ལེགས་འབུལ་མཚོན་རེས་བྱས། དེ་ནས་གུང་ཚིགས་སྟབས་བདེ་སྤྲོ་པོ་ཞིག་ཕུལ་བ་དང་སྐུ་མགྲོན་རྣམ་པར་དྲན་རྟེན་ཕྱག་རྟགས་རེ་གྲ་སྒྲུག་ཞུས་པ་བཅས་དེ་ཉིན་གྱི་མཛད་སྒོ་གཟབ་རྒྱས་ངང་མཇུག་སྒྲིལ་སོང་།

·གསར་འགྱུར་གོང་མ:མདའ་སྨྱུག་དྲན་ཆང་།
·གསར་འགྱུར་འོག་མ:ཨེ་ཛི་ལས་འཕྲོས་པའི་གཏམ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:00:57 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:38:59 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 14:20:10 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS