ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

མདའ་སྨྱུག་དྲན་ཆང་།

[རྩོམ་པ་པོ:དཔལ་ཁེར་རྒྱུགས།  ཡོང་ཁུངས:མཚོ་སྔོན་པོ།  དུས་ཚོད:2013/1/9 20:08:46  བཀླགས་ཐེངས:1218][ཡིག་གཟུགས:ཡིག་གཟུགས་མདོག]
མདའ་སྨྱུག་དྲན་ཆང་།

དཔལ་ཁེར་རྒྱུགས།

དབུགས་ཐག་གཅོད་པའི་ཉིས་སྟོང་བཅུ་གཉིས་ལ།།
ཀུན་གྱིས་གོད་ཆག་གླེང་ནས་བརྒྱལ་སོང་སྐད།།
བདག་གིས་མདའ་སྨྱུག་དྲན་ཏེ་དབང་བོ་ཤོར།།
ཤོར་ཀྱང་མཚང་འདི་མཚམས་ནས་སྐྱུར་ལ་ཞོག།
ཐོབ་ན་དགའ་བ་ཤོར་ན་འགྱོད་མེད་པའི།།
ལོངས་སྤྱོད་ར་རོས་རྨས་བའི་འཇིག་རྟེན་ནས།།
ཚེ་ཕྱེད་ཟད་ལ་ཕངས་བ་མ་སྐྱེས་ཀྱང་།།
ཁྱོད་མེད་ལོ་ཟླས་དངངས་འདར་བྱེད་དམ་ཅི།།
འཇིག་རྟེན་ལུགས་ཀྱིས་སྐྱོར་བའི་ཆོས་ཉིད་ཀྱི།།
མ་བརྟག་སྣང་ངོར་གོམས་པའི་དབང་ཐང་དེ།།
བག་ཆགས་དོང་སྤྲུག་ཞོགས་པའི་སྐྱ་རེངས་ཀྱིས།།
གཡོ་བའི་མིག་ལ་གཟི་ཡི་མཛེས་པ་ཟུམ།།
ནམ་ཕྱེད་རྨི་ལམ་ཐང་གི་རི་སྡེ་ན།།
རིག་རྟོག་གོ་བ་སད་པའི་ཕོ་སྐྱེས་འདི།།
ཁྱིམ་གྱི་མེ་ཁ་གསོ་བའི་བདག་མོ་ཚོས།།
འབར་ཞུན་རྐང་གཅིག་ཐབ་ཀར་སྒྲོན་དང་འདྲ།།
བྲང་ཁོག་གཤགས་པའི་ནང་གི་ཡང་སྙིང་དེ།།
དེབ་གསར་མངར་ཆང་འདྲ་བའི་ཁུད་དུ་འགུལ།།
དག་ཚར་ཐེངས་གཅིག་ཤར་སེ་བཀླགས་ཚོར་གྱིས།།
ཉི་ཟླའི་འོད་སྣང་ཁོང་ནས་བརྒྱུས་པ་འདྲ།
ཀླད་རྩ་གནའ་ནས་མི་དྭངས་རྒས་འཁོགས་ཚོས།།
ལོ་བརྒྱའི་དྲན་དབང་གསོ་བའི་དོན་གྱི་ཚིག།
དུས་ཀྱི་ཁོམ་སྐབས་བྱུང་ན་ཁ་འདོན་བྱས།།
སྨྱོན་པའི་ན་སར་རེག་པའི་སྨན་ཁབ་འདྲ།།
སྐྲ་རྩེར་འཁྱུག་པའི་རིག་པ་དྭངས་མོ་ཞིག།
ཡིད་སྨོན་ཙམ་གྱིས་རང་འཁོར་མི་བྱེད་པའི།།
བློ་ཁ་མཉེད་འགུག་ནུས་པའི་ཀླད་རྩ་འདི།།
སྤྱི་བོའི་དུང་ཁང་བཀོག་ནས་སྤྲོད་ལ་ཞོག།
གསར་བརྗེའི་མིང་བྱང་སྤྲད་ཀྱང་འགལ་བ་མེད།།
འུར་གྱི་རླུང་ཁར་བཞག་ཀྱང་གཡོ་བ་མེད།།
སྒེར་ཚུགས་རང་ལྕོགས་ཐུབ་པའི་མི་བོ་ཆེ།།
དུས་ཀྱི་ཉག་གར་འགོས་ཏེ་ཚུགས་ལ་ཞོག།
རྩོམ་རྩལ་གཞན་ལས་ཐུ་བའི་བརྩམས་ཆོས་དག།
རུས་པའི་སྦུབས་སུ་འཁྱིལ་བའི་རྐང་དང་མཚུངས།།
ཁ་མིག་རྣ་བའི་ལྟོག་སྐོམ་སེལ་བྱེད་ཅིང་།།
རྐང་གི་གོ་བས་ཁོག་ལ་བཟི་སྣང་སྟེར།།
གནམ་ས་གཡོ་འདར་ཐེབས་པའི་དྲང་གཏམ་གྱིས།།
ལུས་ངག་ཡིད་ཀྱི་དོན་སྣོད་སྤྲུགས་པ་ན།།
དྲན་པའི་གཏད་སོ་ཞིག་པའི་ཕྱི་ནང་དུ།།
སྙིང་གི་བུ་གར་མཆོད་ཆང་གཏོར་ཏེ་ཐལ།།
·གསར་འགྱུར་གོང་མ:བརྡ་རྙིང་གི་བག་ཞའི་ནུས་པ་འདོན་ཚུལ།
·གསར་འགྱུར་འོག་མ:དཔལ་བརྩེཊ་དཔེ་རྙིང་ཞིབ་འཇུག་ཁང་བཙུཊ་ནས་ལོ་བཅུ་འཁོར་བའི་དུས་དྲན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ན་གཞོན་འཁྲབ་ཁྲིད་པ་པདྨ་ཚེ་རིང་གི་དུང་བརྗོད་གློག་བརྙན། 2011/4/10 22:11:47
·བོད་ཀྱི་DVགློག་བརྙན་༼རྩྭ་ཐང་གི་ཁྲག་ཐིགས༽སྐོར་གྱི་འཕྲིན་གསར་རགས་བསྡུས། 2010/3/19 23:37:27
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 4:39:53 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:45:03 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 10:10:12 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS