ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

གཟིགས་རིན་ཡོད་པའི་གློག་བརྙན་ཞིག

[རྩོམ་པ་པོ:དཔལ་བེའུ།  ཡོང་ཁུངས:རེབ་གོང་ཁ་བའི་མེ་ཏོག  དུས་ཚོད:2013/1/1 12:38:01  བཀླགས་ཐེངས:1116][ཡིག་གཟུགས:ཡིག་གཟུགས་མདོག]

ངེས་པར་དུ་གཟིགས་དགོས་པའི་བརྙན་འཕྲིན་ཞིག

དཔལ་བེའུ་ལགས་ཀྱིས་མཁོ་སྤྲོད་གནང་བ་ཡིན།  རེབ་གོང་ཁ་བའི་མེ་ཏོག་དྲ་བ་ལས་དྲངས།

དྲ་གནས་འདིར་གཟིགས་དང་བརྙན་འཕྲིན་འདི་ལ་གཟིགས་ཐུབ་བོ།།

http://www.iqiyi.com/dianying/20120222/479a31e0ba118a65.html

བརྙན་འཕྲིན་འདིར་ཐེ་བན་ནས་ཡིན་པའི་ཕོ་གསར་ཞིག་གི་ལྷ་སར་འགྲུལ་བཞུད་བྱེད་པའི་རྣམ་པ་ཇི་བཞིན་དུ་བཀོད་ཡོད་ལ། ཞ་དང་ཞོར་ནས་སེམས་འདུན་གྱི་སླད་དུ་རང་སྲོག་ལའང་སེར་སྣ་མེད་ཚུལ་བསྟན་འདུག  རྐྱེན་ངན་གྱི་དབང་གིས་ཁོའི་ཕུ་བོ་ལྔ་ལམ་དུ་བཞུད་རྗེས་ཁོ་ལའང་ཕྱོགས་སྣ་སྒོར་མོ་ནས་ཕུ་བོ་དྲན་པའི་གདུང་བ་དང་ཤི་རྗེས་ཀྱི་གནས་བབ་་སྐྱོ་བོ་དེས་སུན་བཙེར་མང་དུ་བཟོས་མོད་ལས་དབང་ལ་བསྒྱུར་ཐབས་མེད་པས་ཁོས་དང་དུ་མི་ལེན་ག་མེད་བྱུང་། བར་མཚམས་ཤིག་ལ་ཁོས་རང་གི་ཕུ་བོའི་ཉིན་ཐོ་དེ་ཁ་རོག་གེར་ཁྱེར་བ་རེད། ཕུ་བོའི་ཉིན་ཐོ་ཐོག་རང་ཉིད་ལྷ་སར་འགྲོ་འདོད་ཡོད་སྐོར་དང་། ལྷ་ས་ནི་མི་ཚེའི་འདིའི་རྨི་ལམ་ཡིན་པ་བྲིས་ཡོད་ཚུལ་མཐོང་མྱོང་བ་དྲན་པས་ཕུ་བོའི་རེ་འདུན་བསྐང་ཆེད་ཁོས་སྙིང་རུས་སྐྱེད་དེ་ཆེད་དུ་ལྷ་སར་སོང་བ་རེད། ལམ་བར་ནས་ཡུའུ་ནན་ནས་ཡིན་པའི་སྐྱེས་པ་ཞིག་དང་འཕྲད་ནས་མཉམ་དུ་གང་མཚམས་སོང་རྗེས་བོད་མི་ཞིག་གི་ཁྱིམ་དུ་གནས་ཚང་གཡར་ནས་བསྡད། ཁྱིམ་ཚང་དེའི་ཁྱིམ་མི་ཡོངས་ཀྱིས་ཁོ་གཉིས་ལ་སྣེ་ལེན་མང་དུ་བྱས་པར་མ་ཟད། ཁོ་གཉིས་ཀྱིས་བོད་ཟས་ཀྱི་མཆོག་སྟེ་རྩམ་པའི་རོ་བཅུད་ལ་རོལ་རྗེས་བོད་ཀྱི་རྩམ་པ་ནི་གྲོང་ཁྱེར་དུ་དར་སོ་ཆེ་བའི་ཀ་ར་གོ་རེ་ལས་ཀྱང་ཞིམ་པོ་ཡིན་ཚུལ་གསལ་བོར་ཤེས། བར་སྐབས་ཤིག་ལ་ཁོ་གཉིས་ཁ་བརྡའི་དབང་དུ་གྱུར་ནས་འཕྲུལ་རྟ་ཞོན་ནས་སྐྱོད་དུས་སུ་སྟབས་མ་ལེགས་པར་ས་ལ་འགྱེལ། ཁོའི་རོགས་པ་དེར་རྨས་ཚབས་ཆེན་ཕོག་རྐྱེན་ཁོ་གཅིག་པུ་ལམ་ལ་ཆས་དགོས་བྱུང་།  ལམ་སྐབས་ནས་རྒྱ་མི་རླངས་འཁོར་ཁ་ལོ་བ་གཉིས་ལ་འཕྲད་ཀྱང་གཅིག་གིས་ཁོ་ལ་གཅར་རྡུང་བྱས་པ་དང་། གཅིག་གིས་ཁ་ཡག་ཅིག་བཤད་ནས་བུད་སོང་།དེའི་ཕྱི་ཉིན་ཞིག་ལ་ཁོ་རང་ས་ཆུ་མ་འཕྲོད་པའི་དབང་གིས་འཆི་ལ་ཉེ་སྐབས་སུ་བོད་མི་ཞིག་གིས་མཐོང་སྟེ་ཡུལ་དུ་འཁྲིད་པར་མ་ཟད། སྨན་པར་བསྟན་ཏེ་ནད་ལས་གྲོལ་ཐབས་བྱས། མཚམས་ཤིག་ལ་ལྷ་སའི་བར་བརྐྱངས་ཕྱག་འཚལ་ནས་འགྲོ་མཁན་གྱི་བུད་མེད་འགའ་ཁ་ཤས་དང་ འཕྲད་དེ་ཁོ་ལ་དེ་དག་གི་གཅེས་སྐྱོང་ཐོབ། མཐར་ལྷ་ས་དང་གངས་རི་སོགས་ལ་བདེ་བླག་ངང་མཇལ་རྗེས་ཕྱིར་རང་ཤག་ཏུ་ལོག་ཐུབ་པ་བཅས་སོ། བརྙན་འཕྲིན་འདིས་འགྲུད་བཞུད་པ་ཞིག་གི་ལམ་ཁའི་མཐོང་སྣང་དེ་གཙོ་བོ་བྱས་ནས་་བྲིས་འདུག་མོད། དངོས་ཤུགས་སྣ་ཚོགས་ཀྱི་སྒོ་ནས་བོད་མིའི་རྒྱུད་ཀྱི་བཅོས་མིན་གྱི་བྱམས་བརྩེ་དང་།  གཞན་ཕན་གྱི་ལྷག་བསམ་སོགས་གསལ་བོར་བསྟན་འདུག་ལ། བོད་མིའི་ཡུལ་སྲོལ་གོམས་གཤིས་དང་འཚོ་བ་བཅས་ལའང་སྣོན་འཕྲི་གང་ཡང་མེད་པར་ཇི་བཞིན་ཏུ་བཀོད་འདུག་པས་སུས་བལྟས་ཀྱང་དུས་ཚོད་བརླག་པའི་རྒྱུ་རུ་མི་འགྲོ་བ་འདྲ།  འདི་ནི་ལོ་སྔོན་མར་གླུ་བ་བསམ་ཁོ་སོགས་ཀྱིས་ཕབ་བསྐྲུན་གནང་བའི་《ལྷ་སའི་གཏམ་རྒྱུད་》ལས་ལྡབ་འགྱུར་གྱིས་འཕགས་ཡོད་ལ། 《དར་མདོ་མཛའ་གཞས་》སོགས་སུ་བོད་སྲོལ་ཡིན་མདོག་གིས་གཞན་ལུགས་བསྲེས་སྦྱོར་བྱེད་པའི་སྐྱོ་གར་དང་དཔག་ཚད་འབུམ་གྱིས་ཆོད་འདུག་གོ། བརྙན་འཕྲིན་འདིའི་ཕབ་བསྐྲུན་པ་དང་རྩོམ་པ་པོ་སོགས་ཀྱིས་མི་རིགས་རིང་ལུགས་ཀྱི་གློ་གྲི་འཕྱར་ནས་བོད་མི་ལྟ་བུའི་མི་རིགས་གཞན་གྱི་རང་གཤིས་དང་། འཚོ་བ། བསམ་བློའི་འཁྱེར་སོ་བཅས་ལ་གཅོད་འབྲེག་དང་གཞོག་གཏུབ་བྱས་མི་འདུག་ལ། ཤེས་མེད་ཚོར་མེད་ཀྱི་མུན་པའི་ཀློང་ནས་བོད་མི་དག་ནི་ཅི་ཡང་མི་ཤེས་ལ། གང་ཡང་མི་ལྡན་པའི་གཅན་གཟན་གདུག་པ་ཅན་ཞིག་ཏུ་ཡེ་ནས་བཟོས་མི་འདུག་ན་རྣམ་པ་ཚོས་ལྷོད་ཀྱིས་གཟིགས་རོགས།

·གསར་འགྱུར་གོང་མ:མི་ཚེའི་སྐྱ་ཡ།
·གསར་འགྱུར་འོག་མ:སྤྱི་ལོ་གསར་པའི་སྙན་ངག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:59:59 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:52:35 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:07:30 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།22.95MS