ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> མིང་བརྡ
  གསར་འགྱུར་ཀློག་པ།

ལྷ་ས་ཞེས་པའི་མིང་ཐོགས་དོན།

[རྩོམ་པ་པོ:ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།  ཡོང་ཁུངས:ཆབ་སྤེལ་གསུང་རྩོམ།  དུས་ཚོད:2009/10/26 23:06:48  བཀླགས་ཐེངས:1456][ཡིག་གཟུགས:ཡིག་གཟུགས་མདོག]
    ང་ཚོ་གནས་སའི་གྲོང་ཁྱེར་ལྷ་ས་འདི་ནི།  རང་ལྗོངས་ཀྱི་སྲིད་དཔལ་རིག་གནས་དང་བཅས་པའི་ལྟེ་བ་ཡིན་ལ།  རྒྱལ་ཁབ་ཕྱི་ནང་གང་སར་སྙན་གྲགས་ཡོད་པའི་རང་རྒྱལ་གྱི་གནའ་རབས་གྲགས་ཅན་གྲོང་ཁྱེར་གྱི་གྲས་ཤིག་ཀྱང་ཡིན།  གྲོང་ཁྱེར་འདི་ལ་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པས་གནའ་བོའི་རིག་གནས་དངོས་པོ་འབོར་ཆེན་དང་།  དམངས་ཁྲོད་ཀྱི་་རིག་གནས་ཤོད་རྒྱུན་ཡང་མང་པོ་ཡོད།  དེ་དག་ཐམས་ཅད་ནི་མི་རིགས་རང་ཉིད་ཀྱི་བརྗེད་པར་ཕངས་པའི་ཤེས་བྱ་ཞེ་གཅིག་ཡིན།  གལ་སྲིད་ང་ཚོས་ཁ་ནས་རྒྱུན་དུ་ཤོད་པའི་སྤྱིར་བཏང་གི་མིང་ཚིག་ཙམ་ལའང་འགྲེལ་བཤད་བྱེད་མ་ཐུབ་ན་མི་རིགས་གཞན་གྱི་མདུན་དུ་ཐབས་སྐྱོ་པོ་ཞིག་ལོས་ཡིན།  དེར་བརྟེན་འདིར་ཆེས་རྒྱུན་ལྡན་དང་མངོན་གསལ་དོད་པའི་དོག་གནས་ཁ་ཤས་ཤིག་ངོ་སྤྲོད་ཞུ་འདོད་འཆར།   ཐོག་མར་ང་ཚོའི་གྲོང་ཁྱེར་འདི་ལ་ལྷ་ས་ཞེས་མིང་ཐོགས་དོན་ནི།  ད་ཕན་མི་ལོ་༡༣༥༠ལྷག་ཙམ་གྱི་གོང་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་སྐྱིད་ཤོད་འོ་ཐང་གི་མཚོ་ཡོད་སར་གཙུག་ལག་ཁང་འདི་བཞེངས་སྐབས་རྒྱ་བཟའ་འུན་ཤིང་ཀོང་ཇོས་སྤོར་ཐང་གི་རྩིས་ལ་བརྟེན་ནས་ས་དཔྱད་བརྟགས་པའི་དོན་ལྟར།   ར་དཀར་མོ་ལ་ས་བཀལ་ཏེ་མཚོ་བསུབ་དགོས་པར་བསྟན་པ་བཞིན་བྱས་ནས་བཞེངས་པས་ལྷ་ཁང་འདིའི་ཐོག་མའི་མཚན་ལ་ར་ས་གཙུག་ལག་ཁང་ཞེས་བཏགས་པ་ནི།  བཙན་པོའི་སྐབས་ཀྱི་བསམ་ཡས་དང་།  དཀར་ཆུང་གི་རྡོ་རིང་ཡི་གེ་ལའང་གསལ་པོར་འཁོད་ཡོད།   དེ་རྗེས་བཙན་པོ་ཁྲི་ལྡེ་གཙུག་ལྡེ་བཙན་རལ་པ་ཅན་གྱི་སྐབས་སུ་ར་ས་ཞེས་པ་དེ་ལེགས་བསྒྱུར་གྱི་ལྷ་ས་ཞེས་པའི་མིང་ཐོག་མར་ཆགས་པ་དེ་ཡང།  སྤྱི་ལོ་༨༢༣བོད་སྐྱིད་རྟག་ལོ་དགུ་པ་ཆུ་ཡོས་ལོར་བཙུག་པའི་ལྷ་ས་གཙུག་ལག་ཁང་མདུན་གྱི་དབོན་ཞང་དབུ་བསྙུང་རྡོ་རིང་གི་ཡི་གེར་དངོས་སུ་འཁོད་པ་ད་ལྟའང་ཁྲ་ལྷམ་མེར་མཇལ་རྒྱུ་ཡོད།  ལྷ་ས་ཞེས་པའི་གོ་དོན་ནི་རྒྱ་བཟའ་འུན་ཤིང་ཀོང་ཇོས་གདན་དྲངས་པའི་གསེར་གྱི་ལྷ་ཤཀྱ་མུ་ནེ་བཞུགས་ས་ཞེས་པའི་དོན་ཡིན།  རྗེས་སུ་གཙུག་ལག་ཁང་གི་མཐའ་སྐོར་དུ་རིམ་བཞིན་གྲོང་ཁྱེར་ཆགས་ཤིང་།  ལྷ་ཁང་གི་མཚན་དེ་གྲོང་ཁྱེར་ལ་ཚུར་འཇགས་ནས་གྲོང་ཁྱེར་ལྷ་ས་ཞེས་ད་ལྟ་འཛམ་གླིང་ཀུན་ཏུ་གྲགས་པ་དེ་ལྟར་ལགས་སོ།    
·གསར་འགྱུར་གོང་མ:རིགས་རུས་ཆོ་འབྲང་གི་འབོད་མིང་།
·གསར་འགྱུར་འོག་མ:བོད་ཟླ་༩་ཚེས་ཉེར་གཉིས་ཉིན་ནི་དྲིན་ཆེན་ཕ་མར་དྲིན་ལན་འཇལ་བའི་དུས་ཆེན་ཡིན།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·འབའ་ཐང་ཞེས་པའི་མིང་དོན་འཇུག་སྟངས་། 2011/8/30 10:09:20
·མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་ས་མིང་འགའི་བྱུང་ཁུངས། 2010/7/5 22:54:28
·ས་མིང་ནོར་བཅོས་བྱ་རྒྱུ་གལ་ཆེ་སྙམ། 2010/6/2 18:32:14
·བེ་རི་ཞེས་པའི་མིང་ཇི་ལྟར་བྱུང་ཚུལ། 2010/3/12 22:26:55
·མལ་གྲོ་གུང་དཀར་ཞེས་པའི་མིང་ཐོགས་ཚུལ། 2009/10/27 11:27:27
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 10:54:23 [来自: 112.5.248.229]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/14 9:50:50 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/11 11:33:23 [来自: 112.5.243.142]

འབྲེལ་ཡོད་དཔྱད་བརྗོད 89 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།171.88MS