ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

མཆོག་སྤྲུལ་རྨད་བྱུང་མཐའ་ཡས་ཀྱི་ཆོས་སྦྱིན་ལ་ཕུལ་བའི་སྨོན་ཚིག

[རྩོམ་པ་པོ:གཟུགས་ཅན།  ཡོང་ཁུངས:ངེད་  དུས་ཚོད:2012/7/7 12:23:16  བཀླགས་ཐེངས:1561][ཡིག་གཟུགས:ཡིག་གཟུགས་མདོག]
༄༅༅༎ མཆོག་སྤྲུལ་རྨད་བྱུང་མཐའ་ཡས་ཀྱི་ཆོས་སྦྱིན་ལ་ཕུལ་བའི་སྨོན་ཚིག

རྨད་བྱུང་ཐུགས་བསྐྱེད་རྩ་བ་རབ་བརྟན་ཞིང་༎
མཐའ་ཡས་བཟང་པོ་སྤྱོད་པའི་བློ་གྲོས་ཀྱིས༎
དུབ་པའི་འགྲོ་ལ་བདེ་བའི་བསིལ་བྱིན་མཁན༎
སྐྱེས་བུ་ལྗོན་པའི་དབང་པོ་མཆོག་དེ་ཡིས༎
བདེ་གཤེགས་བདེ་བར་གཤེགས་པའི་ལམ་གང་ཡིན༎
ཚོགས་གཉིས་སྤྱོད་པ་བླ་ན་མེད་པའི་ལམ༎
མ་ནོར་ལེགས་པར་གདམས་པའི་ཕྲིན་ལས་ཀྱིས༎
སྐྱེ་དགུའི་ཡིད་ཀྱི་མུན་པ་འཇོམ་ལ་རིངས༎

ཞི་བ་མྱ་ངན་འདས་པའི་ཁང་བཟང་དུ༎
བདེ་བར་འཇུག་པའི་སྟེགས་བུ་འདི་འདྲ་བ༎
ཀུན་གྱིས་ཡང་ཡང་རྙེད་པར་ནུས་མིན་པས༎
སྐལ་བཟང་སྐྱེ་བོའི་བསོད་ནམས་དཔལ་དུ་ཆེ༎

ངན་འགྲོའི་གནས་ནི་མེ་ཡི་འོབ་དོང་བཞིན༎
རྨོངས་པའི་བློ་ནི་རྒྱ་མཚོའི་གཏིང་བཞིན་གནག།
དེ་བས་ཡང་དག་ལམ་བཟང་འདི་འདྲ་བར༎
མ་བརྟེན་གཞན་ནས་ཞི་བའི་ཐབས་མི་རྙེད༎

ཚོགས་བསགས་དཔལ་གྱིས་འབྱོར་བའི་སྐལ་བཟང་དག།
མཐོ་རིས་རྟེན་བཟང་གྲུ་བོ་ཆེར་ཞུགས་ཏེ༎
རྣམ་མཁྱེན་རིན་ཆེན་གླིང་དུ་བགྲོད་པའི་ཕྱིར༎
གནད་ཀྱི་མན་ངག་སྙིང་པོ་ད་ལོངས་ཤིག།

ཀྱེ་མ་སྣ་ཚོགས་གྲུབ་མཐས་བྲེལ་ཟིང་གིས༎
ཤིན་ཏུ་ངལ་བར་བྱས་པའི་སྐྱེ་བོ་རྣམས༎
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་ཡི༎
ཆོས་འདི་ལོངས་དང་སེམས་ལ་ངལ་གསོ་རྙེད༎

གང་དུ་རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི༎
ཕྲིན་ལས་སྣང་བས་བརྒྱན་པའི་འཇིག་རྟེན་དུ༎
དལ་བའི་རྟེན་བཟང་རྙེད་པའི་དགེ་མཚན་ལས༎
དེ་རིང་ཁྱོད་ལ་ཤེས་རབ་དཔའ་འདི་ཐོབ༎

སླད་ཀྱང་རྨད་བྱུང་མཛད་པ་མཐའ་ཡས་པའི༎
རྒྱལ་བའི་སྲས་འདིའི་ཐུགས་རྗེས་ཉི་འོད་ཀྱིས༎
སྐྱེ་དགུའི་བློ་ཡི་མུན་པ་རྣམ་བཅོམ་ནས༎
བདེ་གཤེགས་ཕྲིན་ལས་སྲིད་མཐར་སྐྱོང་གྱུར་ཅིག།

ཅེས་པ་འདིའང་ལུགས་གཉིས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་ཆོས་གྲོགས་དམ་པ་མཆོག་སྤྲུལ་རྨད་བྱུང་མཐའ་ཡས་ཀྱིས། ཐེ་ཝན་དུ་་་་ཆོས་སྦྱིན་བླ་མེད་གནང་བའི་དགའ་སྟོན་ཆེད་རྟེན་འབྲེལ་མཚོན་ཙམ་དུ་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་དགའ་དད་སྤྲོ་གསུམ་གྱིས་ཕུལ་བ་དགེ་ལེགས་འཕེལ༎
·གསར་འགྱུར་གོང་མ:སྐད་ཡིག་སློབ་དེབ་ཀྱི་བརྡ་དག་ལ་ཟུར་ཙམ་དཔྱད་པའི་གཏམ་
·གསར་འགྱུར་འོག་མ:མཁན་པོ་བསོད་དར་རྒྱས་ཀྱི་དཔེ་དེབ་དུས་ཀྱི་ཟླ་འོད་འགྲེམ་སྤེལ་ཟིན་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·༼སྨོན་ལམ་ཚིག་མཛོད་ཆེན་མོ།༽རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན་པ། 2016/5/18 22:39:55
·རྔ་བ་རྒྱལ་ཁམས་པའི་བུ་ཆུང་བདེ་ཐབས་སུ་སྨོན་པ་ 2013/4/26 10:38:26
·ཨ་རིའི་ཆེད་དུ་སྨོན་པ། ། 2012/10/31 21:09:11
·གསོལ་བ་སྨོན་ལམ་རེ་བཏབ་ན། 2012/1/4 9:20:24
·སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ། 2011/5/29 8:37:51
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:47:54 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:28:50 [来自: 112.5.248.152]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:27:55 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 46 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.00MS