ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ཁམས་དཀར་མཛེས་སུ་པཎ་ཆེན་རིན་པོ་ཆེའི་མ་ཡུམ་ལ་མྱ་ངན་ཞུས་པ།

[རྩོམ་པ་པོ:ཡིད་ལྷུང་  ཡོང་ཁུངས:ཡིད་  དུས་ཚོད:2012/7/2 11:30:27  བཀླགས་ཐེངས:1660][ཡིག་གཟུགས:ཡིག་གཟུགས་མདོག]

ཁམས་དཀར་མཛེས་སུ་པཎ་ཆེན་རིན་པོ་ཆེའི་མ་ཡུམ་ལ་མྱ་ངན་ཞུས་པ།

བོད་ཀྱི་སློབ་ཆེན་པའི་རྩོམ་རིག་དྲ་བ། ༼ཡིད་ལྷུང་བླ་མཚོའི་ནང་པཎ་ཆེན་རིན་པོ་ཆེའི་མ་ཡུམ་ལ་མྱ་ངན་ཞུ་བའི་མཆོད་འབུལ་གཟབ་རྒྱས་ཤིག་ཚོགས་ཡོད་པའི་སྐོར་བཀོད་འདུག་པ་གཤམ་ལ་འོས་སྦྱོར་ཞུས་ཡོད།      http://www.lhatso.com/

ཁམས་གཟའི་སྐབས་ཉེར་གཅིག་པ་པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་སྐུ་མྱང་འདས་ལ་མྱ་ངན་ཞུ་བ།

པད་མ་དབང་རྒྱལ།

ཚོགས་བྱང་།     ཁམས་ཀྱི་གཟའ་ཉི་མ།
ཚོགས་པའི་ལས་སྒྲུབ། པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་སྐུ་མྱང་འདས་ལ་སྟོང་མཆོད་ཕུལ་བ།
ཚོགས་ཐེངས།   སྐབས་ཉེར་གཅིག་པ།
ཚོགས་དུས།   གཟའ་སྤེན་པ།(༢༠༡༢ལོའི་སྤྱི་ཟླ༦པའི་ཚེས༣༠ཉིན)
ཚོགས་ཡུན།   དུས་ཚོད༡༣:༠༠~༡༨:༣༠
སྒྲུབ་ར།      དཀར་མཛེས་དགོན་དང་སྡེ་མགོན་པོ།
སྒྲུབ་མཁན། དཀར་མཛེས་རྫོང་ན་ཡོད་པའི་མཚོ་སྔོན་གྱི་མི་ཡོངས་དང་དཀར་མཛེས་ཡུལ་མི།

psb.jpg

འཕྲིན་ལམ་དང་དྲ་ལམ་ནས་གོ་ཐོས་ལྟར་ན།པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་བསོད་ནམས་སྒྲོལ་མ་མཆོག་སྤྱི་ལོ༢༠༡༢ལོའི་སྤྱི་ཟླ༦པའི་ཚེས༢༩ཉིན་གྱི་ནངས་མོའི་ཆུ་ཚོད་བརྒྱད་ཡས་མས་སུ་པེ་ཅིང་ནས་སྐུ་གཤེགས་པར་གྲགས། དེར་ཁམས་དཀར་མཛེས་ན་ཡོད་པའི་མཚོ་སྔོན་གྱི་ལས་བྱེད་པ་ཚོ་ལས་བྲེལ་ཧ་ཅང་ཆེ་ཡང་། གཏམ་དེ་གོ་མ་ཐག་ང་ཚོ་མ་བགྲོས་རང་མཐུན་གྱིས་གཞི་གཅིག་ཏུ་འཛོམས། རང་མོས་ཀྱིས་སྦྱིན་པའི་དཀར་ཐིགས་ལ་དམངས་སྒོར་སྟོང་ཕྲག་གཅིག་ལྷག་ཡོད། དེ་ནས་མྱུར་དུ་དཀར་མཛེས་རྫོང་ན་ཡོད་པའི་སྡེ་མགོན་པོ་སྟེ། བསྟན་སྲུང་གུར་མགོན་བཞུགས་ཡུལ་དུ་སོང་ནས་སྟོང་མཆོད་ཕུལ་ཞིང་དཀར་མཛེས་དགོན་གྱིི་ཚོགས་ཐོག་ལ་བསྔོ་བ་སྨོན་ལམ་ཞུ། མ་ཡུམ་ཚང་གི་མྱང་འདས་ནི་ང་ཚོ་ལ་མཚོན་ན། སེམས་པ་རབ་ཏུ་གདུང་ཞིང་ཡིད་བློ་རབ་ཏུ་འཁྲུག་པའི་སྐྱོ་གར་ཞིག་ཡིན་རུང་། མ་ཡུམ་ཁོང་ཚང་ནི་མི་ཡུལ་དུ་བཞུགས་པའི་སྐུའི་ཚེ་ཐག་ཧ་ཅང་རིང་ཞིང་ཕལ་ཆེར་མི་ལོ་བརྒྱ་ཕྲག་ཙམ་ཡིན་པས། འདིས་ང་ཚོ་བོད་གངས་ཅན་གྱི་ལས་བསོད་དང་སྐུ་ཚེ་ཅིག་ཅར་དུ་ཅི་ལ་མི་མཚོན། དེ་བས། ང་ཚོའི་ཡབ་མེས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་གཏམ་དཔེ་སྟེ། སྡུག་དུས་སེམས་དཔང་མཐོ་དགོས། སྐྱིད་དུས་སེམས་དཔང་དམའ་དགོས་ཞེས་པ་ལྟར། རང་རང་སོ་སོས་སྐབས་བབ་ཀྱི་དོན་མཐུན་སྒྲུབ་འོས་དག་ཅི་ནུས་ཀྱིས་སྒྲུབ་དགོས་ལ། དེ་ལྟར་བསྒྲུབས་ཚར་རྗེས་མ་མཐའ་ཡང་རང་སེམས་སུ་གནོང་འགྱོད་ཅིག་གཏན་ནས་ཡོད་མི་སྲིད། འདི་ཙམ་གྱིས་ང་ཚོའི་སེམས་དཔང་ཡར་ཡར་ལ་གཏད་ཆོག་ལ། རྒྱུན་ལྡན་གྱི་ལས་ཀར་སྔར་བཞིན་འབད་ཆོག ཡང་ན་ང་ཚོའི་ལས་སྒྲུབ་བྱེད་པ་དག་ཀྱང་དགེ་བ་འདི་ཙམ་མོ་ཟེར་ཡང་ཆོག

psb.jpg

ང་ཚོའི་སྟོང་མཆོད་ལ་སྡེ་མགོན་པོ་འདེམས་རྐྱེན་ནི་ལྷ་ཁང་འདིའི་རྟེན་གཙོ་བོ་ལ་བསྟན་སྲུང་གུར་མགོན་ཡིན་པས་སོ།། བསྟན་སྲུང་གུར་མགོན་ནི་ང་ཚོའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་རུས་རྒྱུད་དང་ཧ་ཅང་འབྲེལ་ཆེ་སྟེ། པཎ་ཆེན་ཁོང་ཚང་གི་ཁྱིམ་རྒྱུད་ནི་ས་སྐྱ་འཁོན་རྒྱུད་ཡིན་ལ། དེར་ཡབ་མེས་འཁོར་དང་བཅས་པ་སྟོད་ཕྱོགས་དབུས་གཙང་ནས་སྨད་ཕྱོགས་ཨ་མདོར་ཕེབས་དུས་སུ། ལམ་བར་གྱི་བགེགས་བར་ཆད་སེལ་བའི་བསྡོངས་གྲོགས་ལ་ཆེད་ཁྲིད་དུ་འདེམས་པའི་བསྟན་སྲུང་ཡིན་ཞིང་སྲུང་མ་འདིས་ཁོང་ཚང་གི་མི་རབས་ཚ་རྒྱུད་ལ་ནམ་ནམ་ཞ་ཞར་མགོན་སྐྱབས་མཛད་བཞིན་ཡོད་པས་སོ།། དེ་བས། འདི་ནི་མ་སྒྲིག་རང་འགྲུབ་ཡིན་པར། ང་ཚོ་ལ་གནས་ཡུལ་ལེགས་པའི་ང་རྒྱལ་གྱི་སེམས་བྱུང་བཅོས་མིན་དུ་ཡོད། ཡང་ན་ང་ཚོའི་ཚོགས་བསགས་ཀྱི་དགེ་སྒྲུབ་མངོན་མེད་ཀྱི་སྟོབས་ཤུགས་ཅིག་ཅར་དུ་མཚོན་ཡོད།

3.jpg

ང་ཚོས་མཆོད་མེ་རེ་རེ་བཞིན་མཆོད་ཁྲི་ལ་བཞག་ཅིང་མཆོད་མེ་རེ་རེ་ལ་མེ་བསྒོ་དུས། ཡིད་སེམས་ལ་སྨྲ་བྲལ་གྱི་སེམས་བྱུང་རྒོད་པར་སྐྱོ་སྡུག་གཉིས་ཀའི་ངོ་བོར་གནས། ཁྱོན་དུས་ཚོད་དྲུག་གི་ཡུན་ལ་ལས་ཀ་རབ་དང་རིམ་པ་སྒྲུབ་པ་སྟེ། མཆོད་མེའི་མེ་གཟིམས་པ་སླར་ཡང་སྒྲོན་པ་དང་། སྡོང་བུ་ལོག་པ་ཡར་སློང་པ། མཆོད་མེ་འདྲེན(ཡི་གེ་འདི་འགྲིག་མིན་མི་ཤེས། དག་ཐེར་བྱ་བར་དགའ་བསུ་ཞུ)ཚར་རྗེས་མཆོད་རྐོང་རེ་རེ་བསལ་ཏེ། མཆོད་མེ་གཙང་ཕྱིས་བྱེད་པ། མཆོད་མར་ཟངས་སྐོལ་གྱིས་ཞུ་བ། ཡང་དེ་ནས་མཆོད་རྐོང་ལ་སྡོང་བུ་བཙུགས་ཤིང་མར་ཁུ་ལྡུག་པ་སོགས་ཚང་འོས་ཀྱི་གོ་རིམ་མ་འཁྲུག་པར་ལས་ཀ་དག་གཙང་མར་བསྒྲུབས།
མ་ཡུམ་ཁོང་ཚང་གི་ཐུགས་དགོངས་ལྟར་ཁོང་ཉིད་དག་ཞིང་དུ་ཕེབས་ཤིང་ཤུལ་ལུས་ཀྱི་མི་ཚོའི་རེ་སྨོན་ཡིད་བཞིན་འགྲུབ་གྱུར་ཅིག ཞོར་དུ་འཇིག་རྟེན་གྱི་མ་ཡུམ་ཐམས་ཅད་ཀྱི་ཚེ་ཐག་དེ་པཎ་ཡུམ་ལྟར་རིང་ཞིང་སྐུ་བསོད་སྐུ་ཚེ་རྒྱས་པའི་སྨོན་འདུན་ཞུ། འཇིག་རྟེན་འདིར་མ་བུ་བར་གྱི་བརྩེ་སེམས་དང་བརྩེ་དུངས་དེ་སུས་ཀྱང་གཞལ་བར་དཀའ་ཞིང་གང་གིས་ཚབ་བྱེད་
མི་བཏུབ། དེ་བས། ང་ཚོ་གཞི་བྱས་ང་ཚོ་དང་འདྲ་བར་ས་མཐའ་ན་ཡོད་པའི་མི་ཚང་མའི་མ་ཡུམ་ཐམས་ཅད་དུས་རྒྱུན་གྱི་འཚོ་བའི་ཁྲོད་ནད་མེད་ཚེ་རིང་དང་སྐུ་ལུས་བརྟན་པའི་སྨོན་ལམ་རྒྱ་ཆེར་འདེབས།

·གསར་འགྱུར་གོང་མ:བོད་ཀྱི་སློབ་གསོ་རྗེས་ལུས་ཀྱི་རྩ་བ་གང་ལ་ཐུག་ཡོད།
·གསར་འགྱུར་འོག་མ:འཛམ་གླིང་སྤྱི་བསངས་ལ་ཕུལ་བའི་མཆོད་སྤྲིན་དཀར་པོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 20:48:10 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:42:28 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 21:14:00 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS