ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

སྒ་ཁྲི་འདུ་རྫོང་དུ་མཁན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཆོས་ཁྲིད་གནང་བ།

[རྩོམ་པ་པོ:ཨེ་མ་ཧོ།  ཡོང་ཁུངས:ངེད་  དུས་ཚོད:2012/7/1 11:58:49  བཀླགས་ཐེངས:2890][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །སྒ་ཁྲི་འདུ་རྫོང་དུ་༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཆོས་འཁོར་བསྐོར་བ། །

ཨེ་མ་ཧོཿ
མཁས་བཙུན་བཟང་པོའི་ཡོན་ཏན་ཀུན་ལྡན་སྙིགས་མའི་དུས་ཀྱི་རྒྱལ་བ་དངོས། །
འཆད་རྩོད་རྩོམ་པའི་ཕྲིན་ལས་ཀུན་བཟང་བཀའ་བསྟན་ཆོས་ཀྱི་མགྲིན་ཚབ་དངོས། །
བཤད་སྒྲུབ་བསྟན་པའི་བདག་ཉིད་ཀུན་མཁྱེན་བརྒྱུད་གསུམ་བླ་མའི་སྤྱི་གཟུགས་དངོས། །
ཆོས་ལོངས་སྤྲུལ་སྐུའི་མཚན་ཉིད་ཀུན་རྫོགས་རིག་འཛིན་ཆོས་ཀྱི་རྒྱལ་པོར་འདུད། །
ཞེས་བསྟོད་ཕྱག་གུས་པས་མདུན་བསུས་ནས།  དེ་ཡང་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤྰཀྱ་ཐུབ་པའི་རྒྱལ་ཚབ་ཆེན་པོ་༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གསང་གསུམ་གྱི་ཕྲིན་ལས་ཀྱི་མཛད་པ་ཀུན་བསམ་ཡུལ་ལས་འདས་པ་ལོ་ཟླ་ཞག་དུས་ཆུ་ཚོད་སྐར་ཆ་ཚུན་ཆོད་ཚང་མ་བསྟན་འགྲོའི་དོན་དག་འབའ་ཞིག་དག་རེ་རེ་བཞིན་བརྗོད་ཡུལ་ལས་འདས་མོད།  གནས་སྐབས་ཉིན་གསུམ་རིང་ལ་སྔོན་ནས་ཁྲི་འདུ་སྡེ་དགོན་ཚང་མས་གསོལ་བ་བཏབས་པ་བཞིན།  ༡ ཡུལ་ཤུལ་ས་ཡོམ་ཆེན་མོའི་ཤི་གསོན་རྣམས་དགེ་བསགས་དང་མ་འོངས་ལམ་སྟོན་གྱི་ཆེད་དང་།  ༢ གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་མཁན་པོ་ཚོས་འབྱུང་འགྱུར་ཆོས་རིག་འཛིན་སྤེལ་གནས་བརྗེ་རེས་སྐོར།  ༣ ཆོས་དཔལ་རིག་གཞུང་ཇི་ལྟར་འཛིན་སྐྱོང་སྤེལ་བར་བཀའ་སློབ་ཀྱི་ཆེད་དུ་གདན་འདྲེན་ཞུས།
༧ཆོས་རྗེ་དམ་པ་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཟླ་འདིར་སྒ་ཨ་མྱེ་དམ་པའི་ཆོས་ར་འམ་ཁྲི་འདུ་རྫོང་གི་རྟ་རྒྱུགས་ཐང་དུ་སྦྲ་གུར་སྟོང་ཕྲག་མང་པོའི་བཀོད་སྒྲིག་དང་ཉེན་རྟོག་བརྒྱ་ཕྲག་དུ་མས་རོགས་དན་ལ་བརྟེན་ནས་བན་བོན་ཨེ་ཝྃ་ཆོས་སྨན་ཁང་གི་བླ་གྲྭ་དང་། སྔ་འགྱུར་སྐྱེན་པོ་དང་ཡང་ཤར། བཀའ་བརྒྱུད་སྒྲུབ་བརྒྱུད་དང་ཀར་དགོན། ས་སྐྱ་སྐལ་བཟང་དང་ཐུབ་དགོན། དགེ་ལུགས་ཟིལ་དཀར་དང་ལབ་སོགས་ནས་ཕེབས་པའི་དད་ལྡན་སྐྱ་སེར་སྔགས་པ་ཁྲི་ཕྲག་དུ་མ་ལ་གནའ་དེང་གི་སྙིང་ནོར་རིང་ལུགས་བཅུ་ཕྲག་རིག་པ་ལ་འཛིན་སྐྱོང་སྤེལ་ཚུལ་དང་། སྣོད་བཅུད་ཁོར་ཡུག་གྱི་སྲུང་སྐྱོབ་དང་ཆིག་སྒྲིལ་གྱི་མཐུན་ལམ་དང་ཆོས་དཔལ་རིག་གཞུང་སྐོར་ལ་ རང་རིགས་རྣམ་པས་འགན་བཞེས་དང་ལམ་ཕྱོགས་གཅིག་དུ་བསྐྱོད་དགོས་ཚུལ་གྱི་བཀའ་སློབ་ཟབ་རྒྱས་གནང་བ་རྒྱས་པ་གཟུགས་མཐོང་བརྙན་འཁོར་ལས་གསལ། །
སླར་སྨྲས་པ། །
ཆོས་བརྒྱད་གྲགས་པའི་ཆོ་ལོ་བྲལ་བས་མཆོག་གིས་གྲྭ་བཙུན་བཅོས་མིན་མཛད། །
མཐའ་བརྒྱད་བྲལ་བའི་སྟོང་ཉིད་རྟོགས་པས་མཆོག་གིས་སྙིང་རྗེ་བཅོས་མིན་མཛད། །
ཉེ་སྲས་བརྒྱད་ཀྱི་བྱང་ཆུབ་སྤྱོད་པ་བདག་གིར་མཛད་པའི་སེམས་དཔའ་ཆེ། །
༧ཀུན་མཁྱེན་རྒྱལ་བ་ཚུལ་ཁྲིམས་བློ་གྲོས་འཛམ་གླིང་ཞི་བདེའི་རྒྱན་དུ་བཞུགས། །
ཞེས་ཤྲྰིས་གུས་ཕུལ། །
·གསར་འགྱུར་གོང་མ:༧པཎ་ཆེན་སྐུ་ཕྲེང་བཅུ་བའི་ཨ་མ་སྐུ་གཤེཊ་པར་མྱ་ངན་ཞུ།
·གསར་འགྱུར་འོག་མ:བོད་ཀྱི་སློབ་གསོ་རྗེས་ལུས་ཀྱི་རྩ་བ་གང་ལ་ཐུག་ཡོད།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 20:51:01 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 2:20:51 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 12:33:05 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS