༄༅། །གློག་ཀླད་སྐོར་གྱི་གླེང་མོ་ཐུང་ངུ༌། །
༡ རྩིས་འཁོར་ནི་ཅི་ཞིག་རེད།
གློག་རྡུལ་རྩིས་འཁོར་གསར་གཏོད་བྱས་པ་ནི་དུས་རབས་ཉི་ཤུ་པའི་ཚན་རྩལ་གྲུབ་འབྲས་གནད་ཆེན་ཞིག་རེད། དེས་འགྲོ་བ་མིའི་རིགས་ལོ་རྒྱུས་ཀྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད་པ་རེད། གློག་རྡུལ་རྩིས་འཁོར་ནི་རང་འཕྲུལ་ངང་མགྱོགས་མྱུར་བའི་སྒོ་ནས་ཚད་ཐིག་པོས་ཨང་རྩིས་དང་མཚན་ཉིད། འཕྲིན་བརྡ་སྐོར་ཐག་གཅོད་བྱེད་ནུས་པའི་གློག་རྡུལ་སྒྲིག་ཆས་ཤིག་རེད།
༢ འཕེལ་རྒྱས་བྱུང་སྟེ་གློག་ཀླད་ཀྱི་རབས་བརྗེས་པའི་ཚུལ་ཅི་འདྲ་རེད།
རབས་དང་པོ། སྤྱི་ལོ༡༩༤༦ནས་༡༩༥༧ བར།
རབས་གཉིས་པ། སྤྱི་ལོ༡༩༥༨ནས་༡༩༦༤ བར།
རབས་གསུམ་པ། སྤྱི་ལོ༡༩༦༤ནས་༡༩༧༢ བར།
རབས་བཞི་པ། སྤྱི་ལོ༡༩༧༢ནས་ད་བར།
༣ མིང་སྔར་བོད་སྐད་དུ་དེ་ལ་མིང་གང་དང་གང་འདུག
མིང་སྔར་དེ་ལ་མིང་མི་འདྲ་བ་བཞི་འདུག་སྟེ། ཀ གློག་ཀླད། ཁ རྩིས་འཁོར། ག རྩིས་འཕྲུལ། ང ཀམ་པུ་ཊར་བཅས་སོ། །དེ་དག་ལས་མིང་དང་པོ་དེ་སྤྱོད་མཁན་མང་
ཞིང་བཀོལ་ཁྱབ་ཆེ། དངོས་སུ་གློག་ཀླད་ཀྱི་ཤེས་བྱ་སྟོན་པའི་སློབ་དེབ་འགའ་པར་སྐྲུན་
བྱས་པའི་ནང་དུ་མིང་གཉིས་པ་དེ་སྤྱོད་འདུག མིང་གསུམ་པ་དེ་ན་ལོར་རྒྱ་ཡུལ་ཁྲིན་
ཏུ་ལ་འདུས་པའི་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་རང་བཞིན་གྱི་ཡིག་སྒྱུར་ཚོ་
ཆུང་དེས་གཏན་ལ་ཕབ་པ་རེད། མིང་བཞི་པ་དེ་ཕྱི་སྡོད་བོད་མིའི་ཁྲོད་དུ་སྤྱོད་པ་སྟེ། དབྱིན་
སྐད་རྒྱ་གར་གྱི་གདངས་ལྟར་སྒྲ་སྒྱུར་བྱས་པ་རེད།
༢༠༠༦་༡༡་༡༣ ལ་ཨ་བྷྱས་སྨྲས།