ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

སྟོན་པ་བཀའ་དྲིན་ཅན་ཤཱཀྱ་ཐུབ་པ་རྗེས་སུ་དྲན་པའི་མགུར།

[རྩོམ་པ་པོ:ཨེ་མ་ཧོ།  ཡོང་ཁུངས:ངེད་  དུས་ཚོད:2012/5/28 20:48:35  བཀླགས་ཐེངས:2007][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །སྟོན་པ་བཀའ་དྲིན་ཅན་སངས་རྒྱས་ཤཱཀྱ་ཐུབ་པ་དྲན་མགུར་
གསེར་གྱི་མེ་ཏོག །

ན་མོ་གུ་རུ་ཤྰཀྱ་མུ་ན་ཡེ། །
ཐུགས་རྗེ་ཆེན་པོས་སྙིགས་དུས་འགྲོ་ལ་གཟིགས། །
མཁྱེན་བརྩེ་ནུས་པས་ཐེག་གསུམ་ཆོས་འཁོར་བསྐོར། །
འགྲོ་ཁམས་སྨིན་གྲོལ་འགོད་མཛད་སྤྲུལ་པའི་སྐུ། །
སྟོན་པ་མཚུངས་མེད་ཤྰཀྱ་སེངྒེ་རྒྱལ། །
རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཇམ་དཔལ་དབྱངས། །
བརྩེ་ཆེན་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །
མཐུ་སྟོབས་ནུས་པའི་མངའ་བདག་རྡོ་རྗེ་འཛིན། །
རྣམ་གསུམ་དབྱེར་མེད་ཡིད་བཞིན་ནོར་བུ་རྒྱལ། །
ཕྱི་ལྟར་ངུར་སྨྲིག་འཛིན་པའི་བླ་གྲྭ་དང་། །
ནང་དུ་ཞི་ལྷག་སྒོམ་པའི་ཏིང་ཤེར་ཅན། །
གསང་བ་སོར་བྱང་སྔགས་ཀྱི་དམ་ཚིག་བདག །
ངེས་གསང་རྫོགས་ཆེན་བསྟན་འཛིན་རྒྱལ་གྱུར་ཅིག །
འཕགས་པའི་ཡུལ་ནས་མཛད་པ་བཅུ་གཉིས་བསྟན། །
གངས་ཅན་ལྗོངས་སུ་མཛད་པའི་ཕྲིན་ལས་རྒྱས། །
སྙིགས་དུས་འགྲོ་ཁམས་འདྲེན་པའི་ཐུགས་རྗེ་ཅན། །
སྟོན་པ་མཉམ་མེད་ཤྰཀྱ་ཐུབ་པ་རྒྱལ། །
སྒོ་གསུམ་མི་ཕྱེད་དད་པས་གུས་ཕྱག་འཚལ། །
དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ། །
ཐོག་མེད་ནས་བསགས་སྡིག་ལྟུང་ཅི་མཆིས་བཤགས། །
འགྲོ་ཁམས་དགེ་བ་ཀུན་ལ་རྗེས་ཡི་རང་། །
སྲས་བཅས་རྒྱལ་ཀུན་རྣམས་ལ་ཆོས་འཁོར་བསྐུལ། །
བསྟན་འཛིན་དམ་པ་མྱ་ངན་མི་འདའ་གསོལ། །
སྐྱབས་སེམས་ཐོས་བསམ་སྒོམ་པའི་ལེགས་བཤད་ཀུན། །
ཀུན་བཟང་རྒྱལ་སྲིད་ཐོབ་པའི་རྒྱུ་རུ་བསྔོ། །
རྩ་བརྒྱུད་བླ་མའི་འབྱུང་གནས་སངས་རྒྱས་དད། །
ཡི་དམ་རྒྱ་མཚོའི་མངའ་བདག་བྱང་ཆུབ་སེམས། །
མཁའ་འགྲོ་ཆོས་སྐྱོང་གྲོགས་མཛད་དྲན་ཤེས་བཞིན། །
བག་ཡོད་བསྟན་པའི་བདག་པོ་རྒྱལ་གྱུར་ཅིག །
ངེས་འབྱུང་ཐར་བའི་དེད་དཔོན་ཤྰཀྱའི་རྒྱལ། །
བྱང་སེམས་བསྟན་པའི་བདག་པོ་བཅོམ་ལྡན་འདས། །
གསང་སྔགས་དེ་ཉིད་སྟོན་པའི་གུ་རུ་རྗེ། །
བདེན་པའི་ལམ་བཟང་བསྩལ་བའི་བཀའ་དྲིན་དྲན། །
ཆོས་དང་རིས་སུ་མ་ཆད་རྒྱལ་བའི་བསྟན། །
འགྲོ་ཁམས་རྒྱུད་ལ་མཆིས་པའི་བདེ་གཤེགས་སྙིང་། །
མ་ནོར་ཇི་བཞིན་སྟོན་པའི་དགེ་བའི་བཤེས། །
སྟོན་དང་བསྟན་པའི་བདག་པོའི་བཀའ་དྲིན་དྲན། །
ལས་འབྲས་ཚུལ་ཁྲིམས་གཙོར་འདོན་འདུལ་བའི་སྡེ། །
ཉོན་མོངས་ཀུན་སེལ་ཏིང་འཛིན་མདོ་སྡེའི་གཞུང་། །
བག་ཆགས་སྒྲིབ་བསལ་ཤེས་རབ་ཟབ་མོའི་སྒོ། །
བཟང་པོ་སྤྱོད་པའི་རིག་འཛིན་བཀའ་དྲིན་དྲན། །
བདག་སོགས་འདི་ནས་བྱང་ཆུབ་མ་ཐོབ་བར། །
མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་པས། །
འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་བཟུང་། །
བསྟན་དང་འགྲོ་བའི་དོན་ཆེན་ལྷུན་གྲུབ་ཤོག །
ཅེས་པ་རབ་རྒྱན་ཆུ་འབྲུག་ས་ག་ཟླ་བའི་ཡར་ཚེས་བརྒྱད་ཉིན་གསོལ་འདེབས་གདུང་དབྱངས་འདི་ཉིད་སྙིགས་དུས་ཀྱི་ཆོས་སྨྲ་བ་ཤྲྰིས་སྨྱོན་པས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གང་ཤར་དག་མ་བསྐུལ་དང་བླངས་ཀྱིས་དྲན་པའི་གསལ་འདེབས་སུ་བྲིས་པ་དགེའོ།། །།
·གསར་འགྱུར་གོང་མ:གསེར་ལྗོངས་བླ་མ་རུང་གིས་གཏན་ལ་ཕབ་པའི་དགེ་བཅུའི་ལུཊ་སྲོལ།
·གསར་འགྱུར་འོག་མ:འཇམ་དབྱངས་ཚོཊ་པས་བོད་ཡིག་སྒྱུར་ཆས་རིན་མེད་འགྲེམ་སྤེལ་གནང་འདུག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ས་འགུལ་རྗེས་ཀྱི་དྲན་འཆར་ཐན་ཐུན། 2010/4/25 11:12:53
·མྱི་ཆེན་ནས་རེ་སྐུལ་འདི་ལྟར་ཞུ་གིན་ཡོད། 2010/4/24 12:58:19
·པཎ་ཆེན་རིན་པོ་ཆེ་དྲན་པ། 2010/1/29 12:17:25
·བཀའ་དྲིན་དྲན་པའི་ཉིན་མོ། 2009/11/3 15:48:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 4:28:43 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:31:37 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 9:51:49 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 62 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS