དེ་རིང་རྒྱལ་སྤྱིའི་དཔེ་ཀློག་ཉིན་མོ་ལ་དཔེ་ཆ་རེ་ཀློག་རྒྱུ་མ་བརྗེད།

དེ་རིང་སྤྱི་ཟླ་༤པའི་ཚེས་༢༣ཉིན་ནི་རྒྱལ་སྤྱིའི་དཔེ་ཀློག་གི་ཉིན་མོ་རེད་འདུག་པས་དེ་ཉིན་དཔེ་ཆ་དུམ་པ་རེ་ཀློག་པའམ་དཔེ་དེབ་ལེགས་པོ་རེ་ཀློག་རྒྱུའི་འགོ་འཛུགས་རྒྱུའི་གསལ་འདེབས་ཞུ་གི་ཡིན། དཔེ་ཀློག་ནི་ཚེ་སྲོག་གི་འཚོ་བཅུད་དང་སྙིང་པོ་དམ་པ་དེ་ཡིན་པས་ཁྱེད་ཀྱི་དུས་རྒྱུན་གྱི་འཚོ་བའི་ནང་དཔེ་ཀློག་གི་བྱ་བྱེད་དང་ཁ་བྲལ་མི་ཉན། ད་དུང་དེ་ཉིན་དགོང་མོའི་ཆུ་ཚོད་༢༠:༣༠ཐོག་ཀྲུང་དབྱང་བརྙན་འཕྲིན་ཚན་རྩལ་སློབ་གསོའི་འཕྲིན་ལམ་ཐོག་༼༢༠༡༢ལོའི་དཔེ་དེབ་ཀྱི་བསུང་ཞིམ་༽ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་གི་བརྙན་འཕྲིན་དགོང་ཚོགས་ཤིག་ཀྱང་བསྟན་རྒྱུ་ཡིན་པ་རེད་འདུག་ན་ལྷན་རྒྱས་ནས་ཆེད་མངགས་དུས་ཚོད་རེ་བཙལ་ཏེ་གཟིགས་རྒྱུ་མ་བརྗེད་པ་གནང་རོགས་ཞུ།