༄༅། །   སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་ཞལ་བཞེས་
བདམས་ཐོན་བྱུང་བ།
 
 
  སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་ལྔ་པ་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་སྐུ་ཞི་བར་གཤེགས་པ་དང།  ཉེ་ཆར་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་པའི་སྔ་འགྱུར་སྨོན་ལམ་ཆེན་མོའི་སྐབས་སྔ་འགྱུར་རྙིང་པའི་གནད་ཡོད་མི་སྣ་རྣམས་འཛོམས་ནས་སྤྱི་མོས་ཐག་གཅོད་བྱུང་བ་བཞིན།
༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་དང་། ༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་དང། ༧སྐྱབས་རྗེ་རྡོ་བྲག་རྩེ་སྤྲུལ་རིན་པོ་ཆེ་གསུམ་ལ་སྔ་འགྱུར་རྙིང་མ་པའི་དབུ་འཛིན་གནང་རྒྱུའི་གསོལ་འདེབས་སྔ་རྗེས་སུ་ཞུས་པ་ལྟར། ༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་དང་།  ༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེས་ཞལ་བཞེས་གནང་མེད་ཀྱང། ༧སྐྱབས་རྗེ་རྡོ་བྲག་རྩེ་སྤྲུལ་རིན་པོ་ཆེས་སྔ་འགྱུར་རྙིང་མ་པའི་དབུ་འཛིན་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་འདུག་པ་དང། ཁོང་ནི་སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་དེ་ཆགས་ཡོད་པ་རེད།།