སྨོན་ལམ་ཚིག་མཛོད་Android མ་ལག་ནང་དུ་ལེགས་འགྲུབ་བྱུང་བ་དང། སྨོན་ལམ་ཡིག་གཟུགས་ Android Samsung Mobile མ་ལག་ནང་ལེགས་འགྲུབ་བྱུང་བ།
བཀྲ་ཤིས་བདེ་ལེགས།
རྒྱ་ཆེ་བའི་བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་པའི་སྐྱེ་བོ་ཀུན་གྱི་སྙན་ལམ་དུ། སྤྱི་ལོ་ ༢༠༡༢ ཤར་ལ་ཉེ་བའི་མཚམས་འདིར་སྨོན་ལམ་ཚིག་མཛོད་Android ལག་འཁྱེར་ཁ་པར་མ་ལག་ནང་ལེགས་འགྲུབ་བྱུང་སྟེ་ Android Market བརྒྱུད་ནས་རིན་མེད་དུ་ལེགས་སྐྱེས་ཤིག་གི་ཚབ་ཏུ་འགྲེམས་སྤེལ་ཞུས་ཡོད།
ཚིག་མཛོད་འདི་ནི་དེ་སྔོན་ Windows ནང་བཀྲམ་པའི་ཚིག་མཛོད་དང་གཅིག་མཚུངས་ཡིན་པ་མ་ཟད་ Android ལག་འཁྱེར་ཁ་པར་མང་ཆེ་བར་བཀོལ་ཐུབ།
ཁྱེད་ཀྱིས་ Android Market རྒྱུད་ནས་ཕབ་ལེན་བྱ་ཐུབ།
དང་པོ། མཉེན་ཆས་ཕབ་ལེན་བྱེད་སྟངས་ཀྱི་དཔེ་རིས།

གཉིས་པ། ཡིག་གཟིགས་སྒྲིག་འཇུག་བྱེད་སྟངས་ཀྱི་དཔེ་རིས།

གསུམ་པ། མཛུབ་གནོན་སྒྲིག་འཇུག་བྱེད་སྟངས་ཀྱི་དཔེ་རིས།
