བོད་ཀྱི་ནང་བསྟན་གློག་རྡུལ་དཔེ་ཆ།༽
༄། །བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ནས་ཐོན་པའི་༼TBRC eBooks ༽གློག་རྡུལ་་དཔེ་ཆ།
ཁྱེད་ཀྱིས་གཤམ་གསལ་དཀར་ཆག་གཞིར་བཟུང་གིས་གློག་རྡུལ་དཔེ་དེབ་རྣམས་སྐུ་ཉིད་ཀྱིས་ལྗགས་ཀློག་དང་ཉམས་བཞེས་གནང་བའམ་སློབ་གཉེར་གྱི་ཆེད་དུ་རིན་མེད་དུ་ཕབ་ལེན་གནང་ཆོག
འདི་ནི་བོད་ཀྱི་ནང་ཆོས་དང་རིག་གཞུང་ལ་དོ་སྣང་དང་དད་གུས་ཡོད་དོ་ཅོག་ལ་ང་ཚོས་དམིགས་སུ་བཀར་བའི་ལེགས་སྐྱེས་ཞིག་ཡིན་པས་ཀློག་པ་པོ་རྣམས་ཀྱིས་དགྱེས་པ་ཆེན་པོའི་ངང་བེད་སྤྱོད་ཡོང་བར་ཞུ།
དགེ་བ་འདི་ཡིས་དགེ་མཚན་དུ་མ་དང་ལྡན་པའི་བོད་ཀྱི་ཆོས་དང་གཞུང་འདི་ཉིད་དཔྱིད་ཀྱི་མཛེས་སྡུག་ལྟར་བཞད་པ་དང་། དབྱར་གྱི་མཚོ་མོ་ལྟར་རྒྱས་པ། སྟོན་གྱི་དཔལ་་ཡོན་བཞིན་དར་བ། དགུན་གྱི་གངས་རི་ཇི་བཞིན་དུས་ནམ་ཡང་བརྗིད་པའི་རྒྱུར་གྱུར་ཅིག་གུ།། །།
ཚངས་དབྱངས་དྲ་བའི་གསར་འགྱུར་མེ་ལོང་དུ་ཤྲྰིས་གུས་ཕུལ། །