ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
 རྩོམ་ཡིག་ཀློག་པ།

དཔེ་དེབ་དཔྱད་བརྗོད་བྱེད་པའི་བསམ་ཚུལ་ཁ་ཤས།

  རྩོམ་པ་པོ:དབུ་རུ་དོན་འདུར།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:2860ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/8/8 15:26:11ཚོགས་ཡར་སྤྲོད:admin

དཔེ་དེབ་དཔྱད་བརྗོད་བྱེད་པའི་བསམ་ཚུལ་ཁ་ཤས།

 
དབུ་རུ་དོན་འདུར།
 
   སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སོང་བ་དང་བསྟུན་ནས་རིག་གནས་ཤེས་བྱ་ཡང་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ལ་ཉེ་བའི་ལོ་ཤས་ནང་བོད་ཀྱི་རྩོམ་པ་པོའི་དཔུང་ཁག་དེ་ཡང་བསམ་བློ་གསར་པའི་མཐོ་རླབས་ཤིག་འཕྱུར་བཞིན་ཡོད་པ་ནི་དགའ་འོས་པ་ཞིག།  མ་ཟད་དཔྱོད་ཤེས་རྒྱང་འབོད་མི་ཡུལ་དུ་འཁྲུངས་པ་ནས་བཟུང་བསམ་བློ་གསར་རྙིང་གི་འཐབ་རྩོད་དེ་ཁུ་སིམ་ནས་འུར་ཟིང་གི་ཕྱོགས་སུ་གོམས་པ་སྤོས་ཤིང་མོས་གུས་ཁོ་ནས་གོང་དུ་བསྐུར་རྐྱང་བྱེད་པའི་གསུངས་རབ་དང་སྐྱེས་ཆེན་ཚོར་བདེན་རྫུན་བཤན་འབྱེད་བྱེད་པའི་དཔྱོད་ཤེས་ཀྱི་རུ་དཔུང་ཞིག་ཀྱང་འཚར་ལོངས་བྱུང་བཞིན་འདུག།
   འོན་ཀྱང་བརྟག་དཔྱད་དང་བདེན་རྫུན་དབྱེ་བའི་རུང་དཔུང་དེ་ནར་མ་སོང་གོང་ནས་གོང་དུ་བུད་པའི་སྐྱེས་ཆེན་མི་ཆེན་ཚོས་རིག་གནས་རང་ངོས་ལ་མེད་ཀྱང་སྤམ་རྫུ་སྟོན་པའི་གོ་སྐབས་ལ་རྫོགས་ཤད་རྒྱག་པར་སྐྲག་སྟེ་བསམ་བློ་བ་ཚོར་དམའ་འབེབས་སམ་འཚང་འབྲུ་བྱེད་དུས་གཞན་ཟེར་ཁོ་ནའི་རྗེས་སུ་རྒྱུགས་པའི་མང་ཚོགས་ཕལ་མོ་ཆེས་བརྟག་དཔྱད་ཙམ་ཡང་མ་བྱས་པར་འདི་དང་ཕ་ནི་ཞེས་སྨྱོ་ལབ་རྒྱག་ནཛམ་གླིང་ལ་དཀོན་པའི་བེ་དུར་ཡའི་བུམ་པ་རྡོ་ལ་བརྡབས་པའི་འདས་སོང་དྲན་ཤིང་ཤེས་རབ་ཀྱི་མིག་ཟུང་གྲི་ཡིས་བཏོན་པའི་སྐྱོ་གར་ལ་བདེན་ར་སྤྲད།  དུས་རབས་ཉི་ཤུ་རྩ་གཅིག་པའི་དེ་རིང་ཡང་དེ་ལྟ་བུའི་མ་བརྟག་མ་དཔྱད་པར་འུར་རྒྱག་དུས་སྟོན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གམ་མཁས་རྣམས་ཀྱིས།  བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡིས་བཀའ།  བླངས་པར་བྱ་ཡི་གུས་ཕྱིར་མིན། ཞེས་པའི་སྡོམ་ཚིག་ལ་བསམ་དགོས་ཤིང་རྨོངས་ཚོད་དང་དད་ཞེན་གྱི་དབང་དུ་མ་སོང་བར་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་བཟང་ངན་དབྱེ་དགོས་པའི་དགོངས་ཚུལ་བཏོན་པ་མ་ཟད་ཁོང་གི་རིག་གནས་དེ་བརྟག་ནས་སྤེལ་རྒྱུུ་ལས་ཡིན་མིན་ཙམ་ཡང་མ་དཔྱད་པར་རྨོངས་ཚོད་ཀྱི་བཞུགས་ན་ཕན་པ་མེད་པ་བསྟན་ཡོད།    དེར་མ་ཟད་བརྟག་དཔྱད་སློབ་སྦྱོང་བྱ་རྒྱུ་དེ་ཡང་ཁོང་གི་བསྟན་པ་སྐྱོན་མེད་དར་རྒྱས་འགྲོ་བའི་དགོས་པ་ཡོད།   ཡིན་ནའང་རིག་གནས་ཤེས་བྱ་རང་ངོས་ལ་མེད་པའི་སྐྱེས་ཆེན་ཚོས་ལྟ་ལོག་དང་དད་ལོག་ཟེར་བའི་མིང་བརྡ་འཚར་བོ་འགའ་ཆེད་དུ་དམིགས་སྟེ་རང་ཉིད་གོང་ནས་གོང་དུ་འཕགས་འདོད་དང་འགྲོ་བ་རྣམས་འོག་ནས་འོག་ཏུ་བསྣན་གང་ཐུབ་གནང་གི་མེད་དམ་སྙམ།  དེར་བརྟེན་ཁོ་བོས་ཀྱང་རིག་གནས་ཆུ་ཚད་སྐྱོ་བའི་ཞན་ཆ་བརྒྱབ་ཏུ་བསྐྱུར་ཏེ་དཔེ་དེབ་དང་རྩོམ་པ་པོ་བཟང་ངན་གླེང་བའི་བསམ་ཚུལ་ཁ་ཤས་བགྲོ་གླེང་དུ་འགོད་པར་འདོད།
     དང་པོ།   དཔེ་དེབ་ཁྱོན་ཡོངས་ཀྱི་ནང་དོན་ལ་བལྟ་དགོས།
    དེང་སྐབས་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་ཡི་གེ་ཤེས་མཁན་གྱི་མིའི་གྲངས་འབོར་དེ་དེ་སྔ་དང་བསྡུར་ན་མང་པོ་ཆགས་ཡོད་རུང་ཁྱི་རྒན་ཀུ་ཅོ་འདོན་པ་ལ།   རྒྱུ་མཚན་མེད་པར་གཞན་དག་རྒྱུགས་ཞེས་པ་ལྟ ར་གཞན་ཟེར་གྱི་རྗེས་སུ་བགྲངས་མཁན་སྔར་བཞིན་ཧ་ཅང་གི་མང་པོ་འདུག།  སྒོ་ཤེས་རབ་རྒྱ་མཚོའི་ང་ཚོ་སད་རན་དང་འབྲི་གུང་དཀོན་མཆོག་རྒྱ་མཚོའི་བོད་རེ་བ་ཅན་སོགས་ཀྱི་དཔེ་དེབ་དག་སྤྱི་ཚོགས་ཐོག་ཐོན་པ་དང་བསྟོད་པའི་མཐེ་བོང་ཀེར་སའི་གྲུ་ཟུར་གང་ས་ན་དམོད་པའི་དམའ་འབེབས་དང་སྐྱོན་ཅན་ལོག་ལྟར་སྒྲོག་མཁན་དེ་བས་ཀྱང་མང་པོ་འདུག།  འོན་ཀྱང་།  དེ་དག་གི་ཁྲོད་དུ་རྩོམ་པ་པོར་བཤིབས་མྱོང་མཁན་ཤིན་ཏུ་ཉུང་ལ་དཔེ་དེབ་དེ་དག་ཀློག་མྱོང་མཁན་དེ་བས་ཀྱང་ལྷག་ཏུ་ཉུང་།  རྩོམ་ཡིག་ཞིག་ལ་དཔྱད་བརྗོད་བྱེད་དགོས་ན་རྩོམ་ཡིག་དེའི་ནང་དོན་ཤེས་པ་བྱ་དགོས་ཤིང་རྩོམ་པ་པོ་ཞིག་ལ་གླེང་སློང་བྱ་དགོས་ན་རྩོམ་པ་པོ་དོན་དུ་མི་གང་འདྲ་ཞིག་ཡིན་པའི་བརྟག་དཔྱད་བྱ་དགོས་པའི་གནད་ལུགས་ནས་བལྟས་ན་སྒེར་གྱི་འཁོན་འགྲས་བཟུང་བ་འམ་ཕྲག་དོག་དུག་གི་ཚེར་མ་བཙུགས་འདོད་ན་ལས་འུར་རྒྱག་མི་རུང་ཞེས་བརྗོད་པར་སྤོབས།
   གཉིས་པ།  ནོར་འཁྲུལ་གྱི་ཆེ་ཆུང་དང་ཕན་གནོད་ཀྱི་ཡང་ལྕི།
   རྩོམ་ཡིག་གང་འདྲ་ཞིག་ལའང་བཟང་ངན་གྱི་ཆ་རེ་ཡོད་དེ་དེ་ནི་རྩོམ་པ་པོ་ཉིད་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་མིན་པས་རེད།  རྩོམ་ཡིག་ཁྱོན་ཡོངས་ནས་ང་ཚོའི་འབྱུང་འགྱུར་ལ་ཕན་ཐོགས་ཡོད་མིན་དང་མིག་སྔའི་དུས་རབས་ཀྱི་དགོས་མཁོ་དང་འཚམས་ཐུབ་མིན།  ཆོས་དང་འཇིག་རྟེན་གྱི་བདེན་དོན་ལ་ཕན་པ་ཡོད་མིན།  སྤྱི་ཚགས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་དོན་དུ་ཕན་པ་ཡོད་མིན་སོགས་སྤྱི་ཡིས་ཁེ་ཕན་ལ་བལྟ་དགོས་པ་ལས་ཟུར་རེ་རེ་དང་དོན་རེ་རེ་ཤོད་སྟངས་ནོར་བར་བརྟེན་ནས་རྩོམ་ཡིག་ལོག་བཤད་དང་རྩོམ་པ་པོ་ལོག་བལྟ་ཡིན་པའི་ཐག་ག་ལ་ཆོད།  མ་ཟད་རྩོམ་པ་པོ་དང་ཀློག་པ་པོའི་ལྟ་བ་མཐའ་གཅིག་ཏུ་མཐུན་དགོས་པའི་ངེས་པ་མེད་ཅིང་རྩོམ་པ་པོ་དང་ཀློག་པ་པོ་བསམ་པ་གཅིག་ཏུ་སྒྲིལ་དགོས་པ་ཞིག་ཀྱང་ཡིན་མི་སྲིད།  ཁོས་བཤད་པ་ལྟ་ལོག་དང་ཁྱེད་ཀྱི་གསུངས་པ་བདེན་པ་ཡིན་པའི་ངེས་དེ་བས་ག་ལ་ཡོད།  དེར་བརྟེན།  རྩོམ་ཡིག་དེའི་བདེན་དོན་གྱི་སྐད་ཆ་ལ་ཚད་བཟུང་རྒྱུ་ལས་ཤོད་སྟངས་གཅིག་གཉིས་མ་མཐུན་པར་ཁ་གཏད་དུ་ལངས་དགོས་དོན་གང་ཡང་མེད། 
   བཞི་པ།   དཔེ་དེབ་ཀྱི་ནང་དོན་ནས་དཔེ་དེབ་དེའི་ཁ་ཕྱོགས་མཐོང་དགོས།
  དཔེ་དེབ་ལ་རིགས་མང་པོ་ཞིག་ཕྱེ་རྒྱུ་ཡོད་ཀྱང་ད་རེས་ཀྱི་ནང་དོན་དེ་རིགས་གཉིས་ཀྱི་ཐོག་ནས་གསལ་བཤད་ཐུབ་པས་དེ་ལ་གཞི་བཅོལ་ན་ཆོས་དང་འཇིག་རྟེན་འཚོ་གནས་རིག་པ་གཉིས་རེད།
    རྩོམ་པ་པོས་རྩོམ་ཡིག་དེའི་ནང་དོན་ནས་ཆོས་ལུགས་རིག་པ་གསལ་བཤད་དང་མི་རྣམས་ཆོས་ལ་སྐུལ་རྒྱུའི་དམིགས་ཡུལ་བཟུང་ནས་བརྩམས་པར་ཤེས་ན་རྩོམ་ཡིག་དེའི་རིན་ཐང་ཡང་ཆོས་ལུགས་རིག་གནས་ཀྱི་ཁེ་ཕན་ཐོག་ནས་བལྟ་དགོས་པ་ལས་དེས་སྤྱི་ཚོགས་འཕེལ་རྒྱས་ལ་གནོད་རབས་དང་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་རབས་འཚོ་གནས་ལ་ཕན་པ་མེད་རབས་བཤད་ག་ལ་རུང་སྟེ་དེ་ནི་མ་གཞི་ནས་འཇིག་རྟེན་འཁོར་བ་ལས་སྒྲོལ་ཐབས་ཤིག་ཡིན་པ་ལས་དེ་ལ་ཞེན་ཆགས་བྱེད་པའི་བསླབ་བྱ་སུ་ཡིས་བྱེད།  དེ་དང་ཕྱོགས་མཚུངས། རྩོམ་པ་པོས་འཇིག་རྟེན་འཚོ་གནས་རིག་པའི་ཕྱོགས་ནས་རྩོམ་ཡིག་གི་ནང་དོན་བསྟན་ཡོད་ན་དཔེ་དེབ་དེའི་རིན་ཐང་ཡང་སྤྱི་ཚོགས་འཚོ་གནས་ལ་ཕན་པ་ཡོད་མེད་ཀྱི་ཐོག་ནས་བལྟ་རྒྱུ་ལས་དེས་ཆོས་ལུགས་ལ་གནོད་རབས་དང་དེས་ཆོས་བྱེད་པར་འགོག་རྐྱེན་བཟོས་རབས་བཤད་ན་ག་ལ་འགྲིག།  རྩོམ་པ་པོས་ཆོས་ལུགས་བཤད་ཆོག་པ་མ་ཟད་འཇིག་རྟེན་འཚོ་གནས་ཀྱང་བཤད་ཆོག་པས་འདི་མི་འགྲིག་དང་ཕ་གི་མ་རེད་ཞེས་ཁ་ཚོན་གཅོད་པའི་དབང་ཆ་ག་ལ་ཡོད།  དེ་ན་ང་ཚོས་ལྟ་བ་སྣ་ཚོགས་ཀྱི་དགེ་མཚན་གླེང་ཆོག་ཀྱང་ལྟ་བ་འདི་འདོན་མི་ཆོག།  ལྟ་བ་འདི་སྤེལ་མི་ཆོག་ཟེར་བའི་བཀག་རྒྱ་ཞིག་བཟོ་དགོས་དོན་མེད།
     བཞི་པ།  སྐད་ཆ་གང་ལའང་བརྟག་ཤིང་དཔྱོད་དགོས།
    བོད་མི་རིགས་ནི་དད་པའི་སྟོབས་ཤུགས་ལྷག་ཏུ་ལྡན་པའི་མི་རིགས་ཤིག་ཡིན་པ་ནི་དགའ་འོས་པ་ཞིག་ཡིན་ཀྱང་ཡོད་ཚད་དད་པས་ཐག་གཅོད་པར་ནོར་འཕྲུལ་ཡང་ཆེན་པོ་ཞིག་འདུག་ཨང་སྙམ།  རྩོམ་པ་པོ་ཞིག་གིས་ཡུན་རིང་ཞིབ་འྭཇུག་དང་བརྟག་དཔྱད་བྱས་ཏེ་གནའ་སྲོལ་ཞིག་ལ་དོགས་སློང་བྱས་ན་གནའ་སྲོལ་དེ་ལ་བརྟེན་ནས་མི་དམངས་ཀྱི་གུས་བཀུར་བླ་མེད་ཐོབ་པའི་སྐྱེས་ཆེན་འགའ་ལ་ཕོག་ཐུག་ཤོར་བ་དང་དེ་དག་གིས་ཕར་ཕྱིན་གྱི་ནང་དོན་ཤེས་བཞིན་དུ་ཁྱད་གསོད་བྱས་ཏེ་ཁོང་ཁྲོ་ཆེན་པོས་རྩོམ་པ་པོ་ལྟ་ལོག་ཡིན་པར་སྒྲོག་ཤིང་བསྟན་པ་ལ་གནོད་རབས་བཤད་པས་མི་དམངས་ཚོས་གཡག་ཞར་བས་རྩྭ་ཟ་བ་བཞིན་མིག་ཡ་གཅིག་བཙུམ་ཏེ་རྩོམ་པ་པོ་མི་ངན་ཡིན་ལུགས་ཤེས་པ་ལས་སྐྱེས་ཆེན་ཚོའི་གསུངས་རྫུན་ལ་བསམ་བློ་ཙམ་ཡང་གཏོང་གི་མེད།  ནོར་འཁྲུལ་གྱི་རྩ་བ་གང་ཡིན་མི་ཤེས་པར་བླ་མས་གང་བསྟན་ཤར་ཞེས་པའི་དཔེ་ལྟར་བྱས་ན་དེ་ཡང་ནོར་འཁྲུལ་ཆེན་པོ་ཞིག་ཤོར་བའི་གཞི་མ་ཡིན་པར་བསམ།  ང་ཚོས་བརྟག་ཤིང་བརྟག་པར་མ་བྱས་ན། དུ་བ་རླངས་པར་ནོར་ཉེན་ཡོད་ཞེས་པ་ལྟར་སྐད་ཆ་གང་ལའང་བརྟག་ནས་བདེན་རྫུན་བརྡར་དགོས་པ་ལས་ཆུ་སྣ་གར་ཁྲིད་བྱེད་མི་ཉན།
  བཞི་པ། བགྲོ་གླེང་བྱས་ན་འགྲིག་པ་ལས་ཁ་གཏད་ལངས་ན་མི་འགྲིག།
བསམ་ཆར་འདོན་རེས་དང་བཟང་ངན་གླེང་རེས་བྱེད་པ་ནི་བྱ་གཞག་ལེགས་གྲུབ་ཡོང་བའི་ཆ་རྐྱེན་བཟང་པོ་ཞིག་ཡིན་པ་རེད།  འོན་ཀྱང་མི་རེ་འགས་ལྟ་བ་མ་མཐུན་ན་ཁ་གཏད་དུ་ལངས་རྒྱུའི་སྔོན་འགྲོར་བརྩིས་ཤིང་དོན་དངོས་སྐྱོན་ལ་ཡོ་བསྲང་མ་བྱས་པར་རྩོམ་པ་པོ་མི་དམངས་མདུན་དུ་ཁ་གྲགས་རྒྱུ་མེད་པ་བཟོ་བསམ་པ་ནི་ཐུན་མོང་གི་བསམ་བློ་དོར་ནས་སྒེར་གཤིས་ཀྱི་ཕྲག་དོག་རླངས་ལ་བུད་པ་ཞིག་རེད་ཨང་།  ང་ཚོས་གོང་དུ་བརྗོད་པ་ལྟར་རྩོམ་པ་པོ་དེ་སྐྱོན་ཀུན་ཟད་དང་ཡོན་ལྡན་ཀུན་ལྡན་གྱི་སངས་རྒྱས་མིན་པས་སྐྱོན་དང་ནོར་འཁྲུལ་ཡོད་སྲིད་ཀྱང་ཕན་ཚུན་གླེང་རེས་དང་ལྟ་ཚུལ་འདོན་རེས་བྱས་ན་འགྲིག་པ་ལས་ཁ་གཏད་དུ་ལངས་ཏེ་རྩ་མེད་བཟོ་དགོས་དོན་མེད།
     རྗེ་ཙོང་ཁ་བ་ཆེན་པོས་ཀྱང་ལྟ་བའི་བསྐོར་གྱི་ཤེས་བྱ་མང་པོ་སློབ་སྦྱོང་དང་ཉམས་ལེན་བྱས་རྗེས་རང་གི་ལྟ་ཚུལ་ལའང་འགྱུར་བ་བྱུང་ཡོད་ན་སོ་སྐྱེ་ཕལ་པའི་ལྟ་ཚུལ་ལ་སྐྱོན་དང་ནོར་འཁྲུལ་འབྱུང་སྲིད་པ་ཞིག་ཡིན་པས་དེ་ལ་ཡོ་བསྲང་ལེགས་བཅོས་བྱས་ན་འགྲིག་པ་དང་རྩོམ་པ་པོས་ལེགས་བཅོས་མ་བྱས་ཀྱང་ཀློག་པ་པོ་ཡིན་གཅིག་རྩོམ་པ་པོའི་རྗེས་སུ་བཞུགས་ག་ལ་དགོས།
              མཇུག་སྡོམ།
    ངས་རྩོམ་པ་པོ་ཚང་མ་ཡག་པོ་རེད་ཅེས་བརྗོད་ཀྱི་མེད་ལ་སྐྱེས་ཆེན་དང་མི་ཆེན་ཡོད་ཚད་སྡུག་པོ་རེད་ཅེས་དེ་བས་ཤོད་ཀྱི་མེད་ལ་ཤོད་ཀྱང་མི་ཐུབ།  ཡིན་ནའང་ང་ཚོས་བདེན་རྫུན་དཔྱོད་པའི་རང་གི་རྣམ་དཔྱོད་དེ་དོན་དངོས་བྱ་བ་ལ་འཇུག་དགོས་པ་དང་གཞན་ལུགས་ཁོ་ནའི་རྗེས་སུ་མ་རྒྱུགས་པར་བདེན་དོན་གྱི་ཕྱོགས་སུ་འགྲོ་དགོས་པའི་འདོད་ཚུལ་འཛིན་བཞིན་ཡོད།  ལྷག་པར་དུ་གསར་པ་གཅིག་ཐོན་ན་འུར་མ་རྒྱག་པར་ཕན་གནོད་ལ་བསམ་དགོས་ཤིང་རྙིང་པ་གཅིག་བཅོས་པར་ལོག་ལྟར་མི་འཛིན་པར་གནད་ལུགས་དང་མཐུན་མིན་བལྟ་དགོས་ཞེས་བརྗོད་བཞིན་ཡོད།
     ང་ཚོས་སྔར་སོང་ལོ་རྒྱུས་ཀྱི་བསླབ་བྱ་ཡིད་ལ་བཟུང་སྟེ་བསམ་བློ་དཀྱེལ་ཡངས་ཀྱི་བཅིངས་འགྲོལ་གཏོང་དགོས་པ་ལས་གུ་དོག་གི་འདོད་ཚུལ་བཟུང་ནས་བསམ་བློ་གསར་པ་ཡོད་ཚད་འབུར་འཇོམས་བྱས་ན་ག་ལ་འགྲིག།    ད་ལྟའི་ཆར་བོན་ཆོས་དང་སངས་རྒྱས་ཆོས་ལུགས།  གཡི་སི་ལམ་ཆོས་ལུགས།  ཏའོ་ཅོའོ་ཆོས་ལུགས་སོགས་གང་ཞིག་ཡིན་ཀྱང་བརྟག་དཔྱད་ཞིབ་འཇུག་བྱས་ནས་བདེན་རྫུན་ཤེས་པ་བྱས་ཏེ་དད་པ་དང་དད་ལོག་བྱས་ཆོག་ཅིང་བཟང་ངན་ཕན་གནོད་ལ་བརྟག་ཤིང་དཔྱད་དེ་འཇུག་དགོས་པ་ལས་རྨོངས་ཚོད་དད་ཞེན་ཁོ་ནས་མུན་ནག་སྦར་མྱུལ་བྱས་ན་གོང་འཕེལ་ཤུགས་ཆེན་འགྲོ་བའི་དེང་རབས་སྤྱི་ཚོགས་ཀྱི་སྲོལ་ལུགས་དང་མཐུན་ཐབས་མེད།  དེ་ན། བསམ་བློ་གསར་པས་རྙིང་པ་གཏོར་ཡོང་བསམ་པའི་དོགས་པ་བྱེད་མི་དགོས་ལ་བསམ་བློ་རྙིང་པས་གསར་པའི་འགྲོ་ལམ་བཀག་ཡོང་སྙམ་པའི་སེམས་ཁྲལ་བྱེད་མི་དགོས་པར་བདེན་དོན་གྱི་གནད་ལུགས་སུ་ལ་ཡོད་ན་དེ་ལ་དར་རྒྱས་ཀྱི་ལམ་བུ་ཡོད་པ་དང་ཆོས་ལོག་དང་རྫུན་གཏམ་གྱི་རིགས་ནི་རང་བཞིན་གྱིས་གནས་མི་ཐུབ་པ་ཡང་སྔར་སོང་ལོ་རྒྱུས་ཀྱི་ར་སྤྲོད་ཐུབ་པས་རྩོད་པ་དང་ཁ་གཏད་ལངས་ནས་ངར་ངར་བྱེད་པའི་དགོས་མེད་དོ།
  
·རྩོམ་ཡིག་གོང་མ:གཡང་ཟོག་བཤས་ཚོང་ལག་ཏུ་མ་བཞག་རོཊ།
·རྩོམ་ཡིག་འོག་མ:༢༠༡༡ལོའི་་ཕུལ་བྱུང་ན་གཞོན་སྙན་ངག་པ་བཅུ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 17:03:16 [来自: 112.5.236.197]

 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 17:03:14 [来自: 112.5.236.197]

 评论者:JimmiXzS
z4GMqr http://www.FyLitCl7Pf7kjQdDUOLQOuaxTXbj5iNG.com
发表时间:2016/10/15 17:59:55 [来自: 188.143.232.41]

འབྲེལ་ཡོད་དཔྱད་བརྗོད 46 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།30.27MS