ཆབ་མདོའི་བྲོ།
༡དགའ་ཆབ་མདོའི་རི་ལ་ནོར་བུའི་ས་ཆ་ལོ་ཆུང་། ནོར་བུའི་ས་ཆ་ལོ་ཆུང་།།
དེ་ནོར་བུའི་ས་ལ་བླ་ལུ་བཞུགས་ཞེས་ལོ་ཆུང་། བླ་ལུ་བཞུགས་ཞེས་ལོ་ཆུང་།།
ལྷ་བླ་མའི་ཆོས་ར་ཡར་དར་རེད་ཞེས་ལོ་ཆུང་། ཡར་དར་རེད་ཞེས་ལོ་ཆུང་།།
དེ་ཡར་དར་རེད་ན་དགའ་བ་ལ་ཞེས་ལོ་ཆུང་། སྐྱིད་པ་ལ་ཞེས་ལོ་ཆུང་།།
༢དགའ་ཆབ་མདོའི་རི་ལ་ནོར་བུའི་ས་ཆ་ལོ་ཆུང་། ནོར་བུའི་ས་ཆ་ལོ་ཆུང་།།
དེ་ནོར་བུའི་ས་ལ་དཔོན་ལུ་བཞུགས་ཞེས་ལོ་ཆུང་། དཔོན་ལུ་བཞུགས་ཞེས་ལོ་ཆུང་།།
གོང་དཔོན་ལུ་ཁྲིམས་ར་ཡར་དར་རེད་ཞེས་ལོ་ཆུང་། ཡར་དར་རེད་ཞེས་ལོ་ཆུང་།།
དེ་ཡར་དར་རེད་ན་དགའ་བ་ལ་ཞེས་ལོ་ཆུང་། སྐྱིད་པ་ལ་ཞེས་ལོ་ཆུང་།།
༣དགའ་ཆབ་མདོའི་རི་ལ་ནོར་བུའི་ས་ཞེས་ལོ་ཆུང་། ནོར་བུའི་ས་ཞེས་ལོ་ཆུང་།།
དེ་ནོར་བུའི་ས་ལ་མ་སྲུ་བཞུགས་ཞེས་ལོ་ཆུང་། མ་སྲུ་བཞུགས་ཞེས་ལོ་ཆུང་།།
མ་སྲིང་མོའི་གནས་ར་ཡར་དར་རེད་ཞེས་ལོ་ཆུང་། ཡར་དར་རེད་ཞེས་ལོ་ཆུང་།།
དེ་ཡར་དར་རེད་ན་དགའ་བ་ལ་ཞེས་ལོ་ཆུང་། སྐྱིད་པ་ལ་ཞེས་ལོ་ཆུང་།།