ང་དང<<གངས་རྒྱན་ན་ཆུང་ཚགས་པར>>
ཨ་རྟ་མགྲིན་སྐྱབས།
ང་རང་སློབ་འབྲིང་དུ་གས་པ་ནས་བཟུང་། <<གངས་རྒྱན་ན་ཆུང་ཚགས་པར>>དང་འབྲེལ་འདྲིས་ཇེ་ཆེ་རུ་སོང་།
གཟའ་ཉི་མའི་ཉིན་ཞིག་ལ། ཚགས་པར་ཁང་གིས་རྩོམ་བསྡུ་བརྡ་ཐོ་ལྟར་ཡིག་འབྲུ་བདུན་བརྒྱ་ཡས་མས་ལས་མེད་པའི་ལྷུག་རྩོམ་སྟེ་<<ཆུ་ཕྲན་གྱི་རང་གཏམ>>ཞེས་པ་ཞིག་<<གངས་རྒྱན་ན་ཆུང་ཚགས>>རྩོམ་སྒྲིག་ཁང་དུ་བསྐུར་རྗེས། རྨ་བྱས་འབྲུག་སྒྲ་ལ་རེ་བ་བཞིན་རྩོམ་ཡིག་དེ་ཚགས་པར་དུ་ནམ་འགོད་ལ་སྒུག་པ་ཡིན། དུས་ཚོད་ནི་རི་གཟར་གྱི་རྦབ་ཆུ་བཞིན་གནས་གཅིག་ཏུ་སྐད་ཅིག་ཉིད་ཙམ་ལ་ཡང་མི་སྡོད་པར་ཉི་མ་རེ་རེ་བཞིན་ཕར་འདས། དགའ་འོས་བ་ཞིག་ལ།དེ་སྔ་ངས་སྐུར་པའི་<<ཆུ་ཕྲན་གྱི་རང་གཏམ་>>ཞེས་པ་དེ<<གངས་རྒྱན་ན་ཆུང་ཚགས་པར་སྟེང་དངོས་སུ་བཀོད་འདུག་པས། ང་ལ་སྤྲོ་ས་སྣང་ཚད་མེད་ཅིག་སྐྱེས་ཤིང་། ང་ལ་མཚོན་ན་སྤྲོ་སྣང་དེ་རྩོམ་ཡིག་འབྲི་བར་སྐུལ་ལྕག་ཏུ་གྱུར་བྱུང་། དུས་དེ་ནས་བཟུང་<<གངས་རྒྱན་ན་ཆུང་ཚག་ས་པར>>ནི་ང་དགའ་དུས་དགོད་གྲོགས་དང་སྐྱོད་དུས་སྐྱོ་བ་སེལ་རོགས་ཀྱི་གྲོགས་མཆོག་ཏུ་གུར་བླ་ན་མེད་པ་ཟད། ཡ་རབས་ལམ་སྟོན་གྱི་སྒྲོན་མེ་དང་མ་རབས་མཚང་འབྱིན་གྱི་མེ་ལོང་དུ་གྱུར། <<གངས་རྒྱན་ན་ཆུང་ཚགས་པར>>གྱིས་ང་ལ་རྩོམ་འབྲིའི་སྤོབས་པ་བསྩལ་ཅིང་། འབྱུང་འགྱུར་ལ་ཡིད་ཆེས་གནང་པས། ངས་ནམ་ཡང་<<གངས་རྒྱན་ན་ཆུང་ཚགས་པར་>>ལ་བསྟོད་གླུ་འབུལ་བཞིན་ཡོད་དོ།
<<གངས་རྒྱན་ན་ཆུང་ཚགས་པར>>སྟེང་བཀོད།