ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
 རྩོམ་ཡིག་ཀློག་པ།

བྱ་གཞུང་དབྱངས་བྷའི་༼རྩོམ་རིག་དང་མི༽ཞེས་པ་བཀླཊ་རྗེས།

  རྩོམ་པ་པོ:རླུང་ནག་འཚུབ་མ།ཡོང་ཁུངས:སེང་རྡོར་དྲ་བ།གཟིགས་གྲངས:9685ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/5/15 11:05:04ཚོགས་ཡར་སྤྲོད:admin

མ་ཤེས་ན་མི་ཉན་བའི་དཔེ་ཆ་ཞིག

              ----བྱ་གཞུང་དབྱངས་བྷའི<<རྩོམ་རིག་དང་མི>>ཞེས་པ་བཀླགས་རྗེས།
 
 
()
    ལར་དཔེ་ཀློག་གི་འཚོ་བའི་ཁྲོད་ནས་ཉིན་མཚན་གྱི་དུས་ཚོད་སྐར་ཆ་དང་བསྡོངས་ནས་བསྐྱལ་དང་སྐྱེལ་བཞིན་པའི་དཔེ་ཆ་བ་དང་།དཔེ་ཀློག་གི་འཚོ་བའི་ཁྲོད་ནས་རང་ཉིད་ལ་དབང་བའི་འཇིག་རྟེན་ཆུང་ཆུང་རེ་རང་སྟོབས་ཀྱིས་བཙལ་དང་འཚོལ་བཞིན་པའི་སློབ་གཉེར་པ་ཞིག་ལ་མཚོན་ན།དཔེ་ཆ་ལས་ལོག་པའི་ཉེ་དུ་དང་གྲོགས་པོ་ནི་གང་དུ་བཙལ་ཡང་རྙེད་པར་དཀོན་ཏེ།ཇི་སྐད་དུ།ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན།།བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང་།།རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས།།བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན།།འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང་།།ཞེས་ནན་གྱིས་སྐུལ་བ་ལྟར་ང་ཚོ་འདིར་འོངས་དོན་ཡང་ཐོས་བསམ་གྱི་ཆེད་དུ་ཡིན་པ་ཡིད་ལ་དམ་པོར་འཆང་དགོས་ལ་རྟོགས་ཀྱང་དགོས།ཡང་ཕྱི་གླིང་བ་ཞིག་གིས་གལ་ཏེ་ང་རང་ད་དུང་མི་ཚེ་གཅིག་ལ་འཚོ་ཐུབ་ན།ངས་རང་ལ་དཔེ་ཀློག་གི་དུས་ཚོད་ཅིག་ཆེད་དུ་བཀོད་སྒྲིག་བྱེད་ངེས་ཡིན་ཞེས་ཕངས་སེམས་ཤིག་འདྲ་བ་ཞིག་གི་ཤུགས་སུ་ཧམ་སེམས་རི་རབ་འདྲ་བ་ཞིག་བཅངས་ཡོད་པའང་མདོར་ན་དཔེ་ཀློག་གི་ཆེད་དུ་མ་ཡིན་ནམ།ཡིན་ནའང་།མི་ཚེ་གཅིག་གི་དུས་ཡུན་ནི་མ་བསམ་ན་རི་བོའི་ཕ་རོལ་ཕ་རོལ་ཞིག་ཡིན་ན་ཡང་བསམ་ཞིང་བསམ་ན་སེ་གོལ་གཏོགས་ལྟར་ཐུང་ཞིང་ཚད་ཡོད་པ་ཅན་ཞིག་དང་།དེ་ལས་ལྡོག་སྟེ་རི་བོའི་གཏོས་དང་མཉམ་པའི་གླེགས་བམ་དང་གཙུག་ལག་ནི་མུ་མཐའ་བྲལ་བའི་རྒྱ་མཚོ་བཞིན་མཐའ་མི་མངོན་པས་ན།ཚད་ཡོད་ཀྱི་དུས་ཚོད་ནང་ཚད་མེད་ཀྱི་དཔེ་ཆ་གང་ཞིག་གདམ་ཞིང་བལྟ་བ་དང་།ཇི་ལྟར་ལྟ་བ་སོགས་ཀྱང་ཤེས་ཤིང་གོམས་རྒྱུ་ནི་གནད་དུ་ཆེ་ལ།དཔེ་ཀློག་གི་མྱོང་ཚོར་ཐན་ཐུན་རེ་ཟིན་བྲིས་སུ་འགོད་རྒྱུ་ནི་དེ་བས་ཀྱང་གལ་ཆེན་ནང་གི་འགངས་ཆེན་དང་གཙོ་བོའི་ནང་གི་རྒྱལ་བོ་ཞིག་ཡིན་པར་སེམས།
()
ལར་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པ་ཀུན་གྱིས་ཁས་འཆེས་པ་ལྟར།རྩོམ་རིག་ལ་འཇུག་པའི་ལས་དང་པོ་བ་ཞིག་ལ་མཚོན་ན།སྐད་ཆ་ནི་ཐོག་མའི་འཇུག་སྒོ་ལྟ་བུ་སྟེ།སྐད་ཆ་ལེགས་པོ་ཞིག་བཤད་མི་ཤེས་པར་རྩོམ་ཡིག་ལེགས་པོ་ཞིག་འབྲི་རྒྱུ་ཟེར་བ་ནི་ཨ་མའི་པང་གི་ཞོ་འཐུང་བཞིན་གོམ་པ་སྤོ་མི་ཤེས་པར་རྒྱུགས་འདོད་ཚ་པ་དང་གཉིས་སུ་མེད་ལ།སྐད་ཆ་ལེགས་པོ་ཞིག་བཤད་ཤེས་པའི་དབང་དུ་སོང་ཀྱང་ཡི་གེའི་སྦྱོར་བ་རྣལ་མ་ཞིག་མ་བསླབ་པར་རྩོམ་པའི་ལས་སུ་འཇུག་འདོད་ནི་ཁྲོན་པའི་སྦལ་བ་བཞིན་རང་སྣང་སྐྱིད་པོ་ལས་ནམ་མཁའི་མཐོངས་སུ་སྙེག་པའི་གོ་སྐབས་ནམ་ཡང་ཡོད་རེ་སྐན།ཇི་ལྟ་ཇི་ལྟར་ཡི་གེའི་སྦྱོར་བ་ནས་རྩོམ་པའི་རྣམ་གཞག་བར་ཨ་མའི་མངལ་གྱི་བུས་པ་ཞིག་ནས་ཤ་དར་ཁྲག་དར་གྱི་གཞོན་ནུ་ཞིག་དང་དེ་ནས་རྒས་ཤིང་འཁོགས་པའི་རྒན་པོ་ཞིག་ཏུ་གྱུར་བའི་ལོ་ཟླའི་ཕྲེང་སྐུད་ཀྱི་བརྒྱུད་རིམ་རིང་མོ་ཞིག་མེད་ན།དེ་ལྟ་དེ་ལྟར་རྩོམ་ཡིག་ལེགས་པོ་ཞིག་རྩོམ་པའི་རེ་འདུན་ནི་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་ཉག་ཕྲ་བར་འདུགདེ་ན་རྩོམ་པ་ལ་འཇུག་པའི་རྨང་གཞི་སྲ་ཞིང་བརྟན་པོ་ཞིག་རང་རྒྱུད་ལ་འཇོག་རྒྱུ་ནི་སློབ་ཆེན་པ་གཙོས་པའི་དེ་རིང་གི་གཞོན་སྐྱེས་ཚོར་ཁ་ཚ་དགོས་གཏུག་གི་དོན་ཆེན་ཞིག་རེད།འོ་ན་དེ་ལྟ་བུའི་གོ་རིམ་སླེབས་སོ་ཅོག་བརྒྱུད་ཅིང་མྱོང་བ་མ་ཟད་རྩོམ་པའི་འབྲས་བུ་ཁུར་དུ་ལྗིད་པ་མང་དུ་མཆིས་ཀྱང་རྩོམ་པ་ལེགས་ཤིང་ཀློག་མཁན་མང་བའི་ངེས་པ་ནི་སྔ་ན་མེད་ལ་ད་ཡང་མ་མཆིས།རང་ཅག་གི་ཆོས་ཀྱི་རྣམ་གྲངས་བཞིན་བགྲང་མི་ཚར་བའི་རྩོམ་རིག་བརྩམས་ཆོས་རྣམས་ཀྱི་ཁྲོད་ན་ཉི་ཟླ་བཞིན་འོད་དུ་འབར་ཞིང་ངེས་དོན་གྱིས་ཏོག་ཏུ་གྱུར་བའི་དཔེ་ཆ་ནི་གཞར་ཡང་མཁའ་ཡི་པདྨོ་ལྟར་མཐོང་དཀོན་པ་མ་ཡིན་ནམ།
()
   ང་ཚོ་ལ་ང་ཚོའི་རྩོམ་རིག་གསར་བའི་གནས་བབ་ག་འདྲ་ཡིན་པ་ཞིབ་འཇུག་གནང་ཡོད་པའི་དཔེ་ཆ་ག་ཚོད་ཡོད།ང་ཚོ་ལ་ང་ཚོའི་རྩོམ་རིག་གསར་བའི་འགོག་རྐྱེན་དང་དར་རྐྱེན་སོགས་ཞིབ་འཇུག་གནང་ཡོད་པའི་དཔེ་ཆ་ག་ཚོད་ཡོད།ང་ཚོ་ལ་ང་ཚོའི་རྩོམ་རིག་གསར་བའི་འོས་འགན་དང་སྤྱི་ཚོགས་ཕན་ནུས་ག་འདྲ་ཡིན་པ་ཞིབ་འཇུག་གནང་ཡོད་པའི་དཔེ་ཆ་ག་ཚོད་ཡོད།ང་ཚོ་ལ་ང་ཚོའི་རྩོམ་རིག་གསར་བའི་འདས་མ་ད་གསུམ་ལ་ངེས་པ་དོན་དང་ཀུན་སློང་རྣམ་པར་དག་པས་ཞིབ་འཇུག་གནང་ཡོད་པའི་དཔེ་ཆ་ག་ཚོད་ཡོད།རྒྱ་ནག་ལྟ་བུར་མཚོན་ན།<<ཀྲུང་གོའི་ལོ་རབས་བརྒྱད་ཅུ་པའི་རྩོམ་རིག་གི་སྣང་ཚུལ་ཞིབ་འཇུག>>དང<<དུས་རབས་ཉི་ཤུ་བའི་མཇུག་གི་ཀྲུང་གོའི་རྩོམ་རིག་གི་སྣང་ཚུལ་ལ་ཞིབ་འཇུག>>སོགས་ལྟ་བུ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་བརྩམས་དང་རྩོམ་མུས་སུ་གནང་།བོད་རྒྱ་གཉིས་ཀས་རྩོམ་རིག་གི་འགོ་ཁུངས་གཏུགས་སའི་ཕྱི་གླིང་བ་ཚོ་ནི་སྨོས་ཅི་དགོས།ཧོལ་གྱིས་བལྟས་ན་རང་གིས་རང་ལ་འཁང་ར་དང་ལེ་བདའ་བྱེད་པ་ལྟ་བུར་སྣང་ཡང་ཞིབ་ཏུ་བསམ་ན་གནས་ལུགས་དང་བདེན་པ་ནི་གསེར་གྱི་སྦྲམ་བུ་བཞིན་ལྷང་ལ་འབུད་ཡོང་བ་མ་ཡིན་ནམ།
()
    སྙན་ངག་པ་ཞིག་གི་མགྲིན་པ་ལས།ང་ཚོ།དབུལ་ཕོངས་ཀྱི་འབྱོར་བས་བཟི་ནས་ལོ་མང་འགོར།ང་ཚོ།རེ་སྒུག་གི་མནར་གཅོད་ཁྲོད་ནས་ཡུན་རིང་ལུས་ཞེས་པ་ལྟར།ང་ཚོ་དབུལ་ཕོངས་ཀྱི་འབྱོར་བ་དང་རེ་སྒུག་གི་མནར་གཅོད་ཁྲོད་ནས་ཡུན་རིང་ལུས་མཐར་སླར་ཡང་དཔྱོད་ཤེས་ཀྱི་བསམ་བློ་དང་དགག་སྒྲུབ་ཀྱི་སྙིང་སྟོབས་སོགས་ཀྱིས་དབུལ་ནས་དུས་ཡུན་རིང་བོ་ཞིག་ལུས་སོང་བས།དཔྱོད་ཤེས་ཀྱི་བསམ་བློ་མངའ་བརྙེས་པའི་མི་བུ་ཞིག་གིས་ཐོག་མར<<དཔྱོད་ཤེས་རྒྱང་འབོད>>བརྩམས་ཏེ་དཔྱོད་ཤེས་ཀྱི་བསམ་བློ་རྒྱང་འབོད་བཏང་བྱུང་ལ།དེ་ནས་བདག་ཉིད་རིས་སུ་མ་བོར་བའི་མི་བུ་དྲུག་གིས<<དགག་སྒྲུབ་སྙིང་སྟོབས>><<དོགས་སློང་སྙིང་སྟོབས>><<བདེན་འཚོལ་སྙིང་སྟོབས>><<འཚོལ་རྟོག་སྙིང་སྟོབས>><<རིག་གནས་སྙིང་སྟོབས>>བཅས་བརྩམས་ཏེ་དགག་སྒྲུབ་ཀྱི་སྙིང་སྟོབས་དང་དོགས་སློང་གི་སྙིང་སྟོབས།བདེན་འཚོལ་གྱི་སྙིང་སྟོབས།འཚོལ་རྟོག་གི་སྙིང་སྟོབས།རིག་གནས་ཀྱི་སྙིང་སྟོབས་སོགས་འཛུགས་སྐྲུན་བྱ་དགོས་པའི་འབོད་སྐུལ་བཏང་བྱུང་།དེ་ལྟའི་དཔྱོད་ཤེས་ཀྱི་བསམ་བློ་དང་དགག་སྒྲུབ་ཀྱི་སྙིང་སྟོབས་སྔོན་དུ་སོང་བའི་དེ་རིང་གཞར་ཡང་སྙིང་སྟོབས་གཞན་ཞིག་ལ་རྒྱང་འབོད་གཏོང་གི་ཡོད་དེ།དེ་ནི་ལོ་ངོ་ཉི་ཤུ་ལྷག་གི་བོད་ཀྱི་རྩོམ་རིག་གསར་བའི་འདས་མ་ད་གསུམ་ལ་ཞིབ་འཇུག་དང་དགག་སྒྲུབ་མཛད་པའི་སྒོ་ནས་སྐྱོ་གར་གྱི་འདུས་ཤེས་སད་རྟོགས་དང“སྐྱོ་གར་གྱི་སྙིང་སྟོབས་འཛུགས་སྐྲུན”བྱ་དགོས་པར་འབོད་སྐུལ་བཏང་ཡོད་ལ།བོད་ཀྱི་རྩོམ་རིག་གསར་བའི་གར་སྟེགས་སུ་ངེས་དོན་གྱི་རྩོམ་རིག་པ་ཞིག་འཁྲུངས་ཐུབ་མེད་པ་ནས་བརྩམས་ཏེ“རྩོམ་པ་པོའི་བློ་སྦྱོང”གསོ་སྐྱོང་གནང་དགོས་པའི་འབོད་སྐུལ་ཡང་བཏང་ཡོད།དེ་ལྟའི་བསམ་བློ་སྔོན་དུ་སོང་བ་ཡོད་ན་ཡང་།དེ་ལྟའི་སྦྱོར་བ་ལག་ཏུ་བསྟར་མཁན་མི་བུ་ཁོང་ཉིད་ལྟ་བུ་རེ་གཉིས་རེད།གང་ལྟར“སྐྱོ་གར་གྱི་སྙིང་སྟོབས་འཛུགས་སྐྲུན”དང“རྩོམ་པ་པོའི་བློ་སྦྱོང”གཉིས་ནི་དཔེ་ཆ་འདི་ལ་མཚོན་ན་སྒོ་དང་སྒེའུ་ཁུང་ལྟ་བུ་དང་རྩོམ་པ་པོའི་བརྗོད་འདོད་ཀྱི་གཏམ་ཚ་པོ་ཞིག་ཀྱང་ཡིན་ངེས་ལགས།
()
   མི་བུ་སྒེར་གྱི་བསམ་བློ་དང་སྙིང་སྟོབས་སོགས་ཁོག་ཏུ་མ་ཆུག་པར་ཁ་རུ་འབྱིན་པར་འབོལ་རྩོམ་གྱི་རྩོམ་ལུས་ཉིད་ཁ་མཐུན་ཁོག་མཐུན་དང་མ་གྲོས་རང་མཐུན་དུ་གྱུར་ཡོད་པས།སྔ་དུས་ཀྱི་སྙན་ངག་བཞིན་དུས་འདིར་འབོལ་རྩོམ་གྱི་མཁའ་དབུགས་ཤིག་ལྷོད་ཀྱིས་ཆགས་ཤིང་འབོལ་རྩོམ་གྱིས་གནམ་འོག་དབང་དུ་བསྒྱུར་དང་སྒྱུར་བཞིན་ཡོད་ཀྱང་།སྙན་ངག་དར་དུས་ངེས་དོན་གྱི་སྙན་ངག་པ་ཞིག་བྱོན་མ་ཐུབ་པ་བཞིན་འབོལ་རྩོམ་གྱི་དུས་འདིར་འབོལ་རྩོམ་པ་རྣལ་མ་ཞིག་འབྱོན་རྒྱུ་ཡང་ལས་སླ་བོ་ཞིག་མ་ཡིན་པར་སེམས།འབོལ་རྩོམ་གཅིག་བྲིས་པས་བོད་ཀྱི་གཞུང་གཉེར་རྩོམ་རིག་དུས་དེབ་སྣ་བརྒྱའི་ཏོག་ལྟར་གྱུར་བའི<<སྦྲང་ཆར>>དང་དེ་འབྲེལ་གྱི་སྡེ་ཐམས་ཅད་སྔར་ཞོ་འཆག་འཆག་བྱས་ནས་བསྡད་ཡོད་པ་ད་ནི་ཁྲག་བཞིན་ཉག་ཉོག་དང་རྣག་བཞིན་དཀྲུགས་དཀྲུགས་བྱས་སོང་ལ།འབོལ་རྩོམ་གཅིག་བྲིས་པས་བོད་ཀྱི་སློབ་ཆེན་པ་གཙོས་པའི་རིག་གནས་ཀྱི་ལས་ཀ་གཉེར་མཁན་ཚོའི་སེམས་ཀྱི་སློབ་དཔོན་ཆེན་མོ་དེ་སྐད་ཅིག་གིས་མཐོན་པོའི་ཁྲི་ནས་དམའ་མོའི་ཐང་ལ་ཕབ་སོང་ལ།དེ་དང་ཆབས་ཅིག་སློབ་དཔོན་ཆེན་མོ་རྣམ་སྲས་དང་རྣམ་སྲས་རྣམས་དང་།གཅོད་པ་དོན་གྲུབ་དང་གཅོད་པ་དོན་གྲུབ་རྣམས་ཀྱི་གདོང་འབག་མཐུག་པོ་དེའང་བཤུས་ཚར་ཏེ་གཅེར་བུར་ཕུད་སོང་།འབོལ་རྩོམ་གཅིག་བྲིས་པས་བོད་ཀྱི་སེར་མོ་བའི་སྡེ་ལ“སྡེ་གཟར”ཞིག་བསླངས་བྱུང་ལ་དེ་དང་ལྷན་ཅིག་རྩོམ་པ་པོ་སྨོས་ཅི་དགོས་བྱེབྱེད་པོ་ཉིད་ཀྱི་ཕ་མ་དང་བཅས་པའི་གཉེན་ཉེ་དག་ཀྱང་དོགས་མི་བདེ་བ་ཞིག་ཏུ་བཏང་བའི་གཏམ་ཡང་ཁ་ཁོག་མ་འདྲེས་པར་བདེན་ཐུབ་ཀྱིས་བཤད་ཡོད།
()
   དཔེ་ཆ་འཇོན་པོ་ལེགས་པོ་ཞིག་རྩོམ་པའི་ཆ་རྐྱེན་ལ་ཐོག་མར་མིང་བརྡ་ཐ་སྙད་ཀྱི་ཞུར་བརྡར་ཐོགས་རྡུགས་མེད་དགོས་ཤིང་།བར་དུ་འཚོ་བ་དངོས་ལ་ཟབ་ཞུགས་ཀྱིས་ཉམས་མྱོང་ཕུན་སུམ་ཚོགས་པ་བསྡུ་ལེན་དང་།མཐའ་མར་ཚད་མའི་དགོངས་དོན་ནམ་གཏན་ཚིགས་རིག་པ་སོགས་ལ་མངའ་བརྙེས་པ་ཞིག་ཡིན་དགོས་ཞེས་མཁས་པའི་ངག་ལས་ཡང་དང་བསྐྱར་དུ་བྱུང་བ་ལྟར།བདག་ལའང་དཔེ་ཆ་འདི་ཞིབ་ཀློག་གི་གོ་རིམ་ཁྲོད་ནས་དེ་ལྟའི་དྲན་ཚུལ་དང་བློ་སྐྱེད་མི་དམན་པ་བྱིན་ཐུབ་སོང་།དཔེ་ཞིག་བཞག་ན།དཔེ་ཆ་ནི་དེ་ལྟར་ཤོག་ངོས་དང་པོ་ནས་དབུ་བརྩམས་ཏེ་རྫོགས་བཞིན་རྫོགས་བཞིན་ཤོག་ངོས་མཐའ་མར་ཐོན་དུས་རྫོགས་ཚར་འགྲོ་བ་ཞིག་ཡིན་ཀྱང་།དེ་ལས་ཐོབ་པའི་བློ་སྐྱེད་དང་བསམ་གཞིག་སོགས་ནི་ནམ་ཡང་མུ་མེད་ཀྱི་སྤང་ལྗོངས་ལྟར་མཐའ་ཅན་ཞིག་མ་ཡིན་པ་བཞིན་ནོ།།དེ་ལྟར་བསམ་གྱིན་བསམ་གྱིན་དཔེ་ཆ་འདི་ལྟ་བུ་ནི་རང་ཅག་གི་རྩོམ་རིག་བརྩམས་ཆོས་རྣམས་ཀྱི་སྡེ་ན་ཤིན་ཏུ་མཐོང་དཀོན་པར་སེམས་ལ།དཔྱོད་ཀྱིན་དཔྱོད་ཀྱིན་དཔེ་ཆ་འདི་ལྟ་བུ་ནི་ང་ཚོས་ཅིས་ཀྱངམ་བཀླག་ཚད་མེད་པའི་དཔེ་ཆཞིག་ཀྱང་ཡིན་པར་འདོད།
 
ཡོང་ཁུངས།
[སེང་རྡོར་དྲ་བ།]    
དཔྱད་བརྗོད།


    # 1  Time:2011-5-15 3:48:12         Ip:221.207.37.5
  •    མ་བཀླག་ཚད་མེད་ཟེར་བ་ཞིག་ཡོད་ན་བྱ་གཞུང་དབྱངས་བྷའི་རྩོམ་དག་ཡིན།  ཁོས་ཉེ་ཆར་བྲིས་པའི་འདི་གའི་འཇིག་རྟེན་འུར་ཆལ་ཆལ་ཞེས་པ་དང་། སྔོན་སྦྲང་ཆར་ལ་བྲིས་པའི་དགག་སྒྲུབ་རིང་མོ་དེ་དང་། རྣམ་སྲས་སམ་འུ་ཚོར་བྱས་པའི་ཚ་འདྲི་དང་པུ་ཧ་ཆུ་བོ་ཟེར་བའི་སྙན་ངག་དེ་སོགས་ནི་དངོས་གནས་མཁོ་ཡོངས་སུ་སོད་པའི་ཡི་གེའི་ལོངས་སྤྱོད་འབའ་ཞིག་རེད། ད་དུང་ཁོའི་སྙན་རོ་ལྟེམ་གྱིས་མེར་བའི་ལྷུག་རྩོམ་སྙན་ངག་དག་ཤོད་དང་། བྱ་གཞུང་དབྱངས་བྷ་སོགས་ཀྱི་འདི་འདྲ་ཡིན་ན་ཡི་གེའི་མཐུད་བསྒྲིགས་ལ་དུས་ཚོད་གྲོན་པར་དངོས་གནས་རྒྱུ་མཚན་ཡོད་པ་ཞིག་སྟེ། གཞན་དུ་རྩོམ་ཡིག་ཟེར་བ་མང་ཆེར་ཞིག་ལ་དྲང་ཕྱོགས་ཀྱི་དད་པ་ལས་ལྡོག་ཕྱོགས་ཀྱི་ལོག་ལྟ་སྐྱེས་རྒྱུ་མང་ངོ་། ___སེང་རྡོར་གྱིས།      
    1
·རྩོམ་ཡིག་གོང་མ:བྱིས་གླུ། གྲུ་ཆར་གྱི་དབྱངས་ཆུང༌།
·རྩོམ་ཡིག་འོག་མ:བོད་ལ་དྲ་ཚིཊ་ཉུང་སྐྱོན་ལས་མང་སྐྱོན་མེད།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གནམ་འོག་གི་དོན་བཟང་རྩེ་གྲས་ནི་གང་ལྟར་དཔེ་ཀློག་ཉིད་དོ།། 2015/6/9 15:02:06
·ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དཔེ་དེབ་བཀླགས་པ། 2014/6/20 16:48:22
·ཀྲུང་གོ་བའི་དཔེ་དེབ་ཀློག་ཚད་འཛམ་གླིང་གི་ཉུང་ཤོས་ཡིན་པ། 2012/10/31 11:02:43
·ང་དང་༼གངས་རྒྱན་ན་ཆུང་ཚགས་པར༽ 2011/6/12 11:39:24
·འཛམ་གླིང་དཔེ་ཀློག་ཉིན་མོའི་ངོ་སྤྲོད་བསྡུས་མ། 2011/4/23 19:51:47
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 15:12:40 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 19:29:39 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 5:25:44 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 1007 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS