ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
 རྩོམ་ཡིག་ཀློག་པ།

ཨ་མཚར་མཚར་དགུ་བཀླགས་པའི་མྱོང་ཚོར།

  རྩོམ་པ་པོ:རེ་རྐང་གླིང་།ཡོང་ཁུངས:སེང་རྡོར་དྲ་བ།གཟིགས་གྲངས:8337ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/5/8 20:47:21ཚོགས་ཡར་སྤྲོད:admin

ཨ་མཚར་མཚར་དགུ་བཀླགས་པའི་མྱོང་ཚོར།

 

རེ་རྐང་གླིང་། 
     དཔེ་ཆ་གང་ཞིག་ཀློག་པའི་དུས་སུའང་མི་སྒེར་གྱི་བློ་དང་འཚམས་པའི་རྩོམ་ཡིག་རེ་གཉིས་ཀྱིས་རྩོམ་པོ་གང་དེས་བསམ་བློའི་ཁ་ཕྱོགས་དང་མི་ཚེ་ལྟ་ཚུལ་དེ་འདྲེས་སྦྱོར་གྱི་ལམ་ནས་ཕན་ཚུན་གཉིས་ཀྱི་སེམས་པ་མཚོན་ཐུབ་པས་ན་ད་གཟོད་རྩོམ་པ་པོ་དང་ཀློག་པ་པོ་གཉིས་གཞི་མཐུན་གྱི་ལམ་ཁ་ཞིག་ལ་དེད་པ་རེད་ལ། འགལ་བ་དེ་དག་གིས་མིའི་བློ་མིག་གི་ཟབ་ཚད་དང་གནས་ལུགས་ཀྱི་རིན་ཐང་སོགས་ལ་དངོས་དོན་གྱི་ཚད་འཇལ་ཐུབ་ཡོད།
   
    སྤྱིར་བཤད་ན་ད་ལྟའི་རང་ཅག་ཁ་བ་རི་པའི་ཀློག་པ་པོ་དག་ནི་མིག་ཕྱེ་མ་ཐག་གི་བྱིས་པ་བློ་ནུ་ཏག་ཏག་ཅན་ཏེ་བླུན་པོ་ཚོའི་ཆེད་དུ་རྩོམ་འབྲི་བྱེད་མཁན་ལ་རྟག་པར་མང་ཤོས་ཀྱིས་དགའ་བསུ་བྱེདཔ་ཡིན་ཕྱིས་རང་ཅག་གི་རྩོམ་པ་པོ་མང་པོ་ཞིག་ཀྱང་སྐབས་དར་གྱི་བསམ་བློ་དོག་པོའི་རྒྱ་རུ་ཚུད་དེ་མཇུག་འབྲས་མི་ལེགས་པའི་ལམ་ཁར་འགྱེལ་གྱིན་འདུག་པ་དེ་ཡང་མིག་མཐོང་ལག་ཟིན་གྱི་དོན་དངོས་ཤིག་ཏུ་བདོག་ཡོད་ལ།  དུས་རྒྱུན་བློ་འབྱེད་དང་སྲིད་དོན་ཞེས་སྦྱར་བྱང་ལྟ་བུ་དང་།   གྱོད་ཡིག་ལྟ་བུ་ཙམ་གྱི་ཡི་གེ་འགའ་རེ་བྲིས་རྗེས་དེ་ཉིད་༼སྲིད་དོན་དཔྱད་གླེང༽ཞེས་འགྲིག་འགྲིག་རྫིག་རྫིག་ཅིག་ཏུ་ངོམ་གྱིན་ཡོད་མོད།  སྒེར་སེམས་ཀྱིས་བརླག་པའི་རྩོམ་ཡིག་དེ་དག་གིས་ནི་ཁོ་པར་བསམ་བློའི་ཤུགས་ཚད་ཅི་ཡང་སྟེར་མ་ཐུབ་ཟེར་རྒྱུ་ལས་འོས་མེད་དོ། །  
    
   ཡིན་ནའང་ཨ་མཚར་མཚར་དགུ༽ལྟ་བུའི་རྩོམ་ཡིག་ནི་དེ་ལས་ལྡོག་སྟེ་དུས་རབས་ཀྱི་མགྲིན་ཚབ་པར་རུང་བའི་རྩོམ་ཡིག་དེ་དག་གི་གྲས་ཟིན་པ་ཙམ་དུ་འདུག་ན་ཆེད་དུ་རྩོམ་རིང་མོ་ཀློག་རྒྱུར་མི་དགའ་ཞིང༌།   ལབ་ཆེན་པོ་རྒྱག་རྒྱུར་སྐྱོ་ཡོད་པའི་“སྐབས་དར་ཀློག་པ་པོ“འམ་“ཁ་བཤད་དཔྱད་བརྗོད”པ་དག་ལ་དཔྱད་གཞི་ཞིག་གི་ཚབ་ཏུ་དང༌།  དཔྱོད་པའི་བློ་མིག་ཕུན་སུམ་ཚོགས་པའི་ཤེས་ཡོན་ཅན་དག་ལ་ངོ་སྤྲོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་ཆེད་དུ་རྩོམ་པ་པོ་ཞོགས་དུང་གི་མ་རྩོམ་དང་སྦྱར་ནས་བཀླགས་པའི་མྱོང་ཚོར་དེ་ངོ་སྤྲོད་ལྟ་བུ་ཞིག་དུ་བྲིས་པ་འདི་ཡང་ཀུན་ལ་ཕན་པའི་རྒྱུར་གྱུར་ཅིག་གུ
 
དགེ་མཚན་དང་པོ།
རྩོམ་ཡིག་འདི་རྩོམ་པ་པོ་ཞོགས་དུང་ལགས་ཀྱི་རྩོམ་ཡིག་སྔ་མ་དག་དང་མི་འདྲ་བའི་ཆ་དེ་གཙོ་བོ་རྗོད་བྱེད་ཀྱི་སྟེང་ན་ཡོད་ཅིང༌།བཀླག་གིན་བཀླག་གིན་གོང་ས་ལྔ་བ་ཆེན་མོའི་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཀློག་པ་བཞིན་གྱི་རྩམ་དྲི་བྲོ་བའི་ཡག་སྣང་གི་མཛེས་ཚོར་ཞིག་གིས་སྐབས་འགར་བརྩམས་ཆོས་ཧྲིལ་བོ་འབོལ་རྩོམ་ལས་རིང་དུ་གྱེས་བཞིན་ལྷུག་རྩོམ་གྱི་སྐད་ཆ་རྒྱག་གིན་ལོ་རྒྱུས་ཤོད་ཀྱིན་འདུག་པ་དེ་རྩོམ་ཡིག་འདིའི་ཨ་མཚར་མཚར་དགུའི་དགེ་མཚན་དང་པོ་རེད།
 
དགེ་མཚན་གཉིས་པ།
སྙན་ངག་མཁན་གྱི་པིར་རྩེ་ལས་བཞུར་བའི་སྒྱུ་རྩལ་གྱི་རླབས་རྒྱུན་རང་བཞིན་གང་སར་མཆེད་པའི་ཡིད་བརྙན་གྱི་བཞེངས་ཤུགས་དང༌། ཡུལ་ལྗོངས་དངོས་བྲིས་ཀྱི་ཐབས་རྩལ་དེ་ཙི་ནའི་སྙན་ངག་མཁན་པོ་ཀྲུའུ་ཙི་ཆིང་གི་《པད་རྫིང་གི་ཟླ་འོད》ལས་ཀྱང་བྱིན་ཆགས་པའི་ཚད་དུ་ལྡང་ཡོད་པ་ནི་རྩོམ་ཡིག་འདིའི་ཨ་མཚར་མཚར་དགུའི་དགེ་མཚན་གཉིས་པ་དེ་རེད།
 
དགེ་མཚན་གསུམ་པ།
རང་བྱུང་ས་རྒྱུས་ཀྱི་ཤེས་བྱ་དང་སྦྱར་ཏེ་སྣང་ལ་མ་ངེས་པའི་ཁྱད་པར་ཅན་གྱི་གསང་བ་མང་པོ་ཞིག་གི་གློ་ཐག་གྲོལ་བའི་ཐབས་རྩལ་དེ་སྲོལ་རྒྱུན་གྱི་རྐ་ལམ་ནས་དེང་རབས་ཁ་སྐད་ཀྱིས་མཚོན་པར་བྱས་པ་ནི་ཨ་མཚར་མཚར་དགུའི་དགེ་མཚན་གསུམ་པ་རེད།
 
དགེ་མཚན་བཞི་བ།
རྒྱ་མོ་ཀོང་ཇོས་ཁྱེར་ཡོང་བའི་ཇོ་བོའི་རིན་ཐང་དེ་ཇི་སྲིད་དེ་ཉིད་དུ་གསུང་མི་འབྱོན་པ་ཞིག་ཏུ་བལྟས་པ་བཞིན་བོད་ཀྱི་རིག་གནས་ལོ་རྒྱུས་སོགས་ཀྱང་གསུངས་མི་འབྱོན་པའི་འཇུམ་བག་གི་སྐུ་བརྙན་ཞིག་ཏུ་བལྟ་ཐུབ་ཡོད་པ་ནི་རྩོམ་ཡིག་ཨ་མཚར་མཚར་དགུའི་དགེ་མཚན་བཞི་བ་རེད།
 
དགེ་མཚན་ལྔ་བ།
ཕྱི་རྫིག་ནང་སྟོང་དུ་གྱུར་བའི་ཕོ་བྲང་གི་ཚོགས་དེ་བོད་མིའི་ཆོས་ཀྱི་སྙིང་སྟོབས་ཁོ་ནས་འཛམ་གླིང་གི་ཆེས་མཐོ་བའི་དུར་ཁང་དག་ཏུ་བསྒྱུར་བ་ནས་ཐ་གུས་བསྒགས་པའི་གླེགས་བམ་ནུས་ཆོད་མེད་པ་དག་རོ་སྒམ་ཞིག་གི་ཚུལ་དུ་གཉིད་འདུག་པ་བྲིས་ཡོད་པ་དེ་ཨ་མཚར་མཚར་དགུའི་དགེ་མཚན་ལྔ་བ་རེད།
 
དགེ་མཚན་དྲུག་པ།
རྗེ་ཙོང་ཁ་པ་མི་ཡི་ཚུལ་དུ་བཞག་སྟེ་སྐྱེས་རྒྱུན་བཅད་པའི་ནག་ཉེས་ལས་བོད་མིའི་གྲངས་ཀ་ཇེ་ཉུང་དུ་སོང་ཚུལ་དང༌། ས་ཁྱོན་ཧྲིལ་བོ་དབྱིན་ཇི་ལས་ལྡབ་10 ཡིས་ཆེ་བའི་བོད་ཡུལ་ལུང་བ་དེ་ཁ་ཤོ་སྣ་ཤོ་རུ་གྱུར་ཚུལ་བྲིས་ཡོད་པ་ནི་རྩོམ་ཡིག་ཨ་མཚར་མཚར་དགུའི་དགེ་མཚན་དྲུག་པ་རེད།
 
དགེ་མཚན་བདུན་པ།
བོད་ཀྱི་ཚད་ལྡན་གྲོང་ཁྱེར་གཅིག་པུ་སྟེ་ལྷ་སའི་སྡོད་འབངས་ཀྱི་བོད་མིའི་མི་གྲངས་གྲངས་ཉུང་མི་རིགས་སུ་ཆགས་ཉེར་ཡོད་པ་དང་”བྲན་གཡོག་སྤྱི་ཚོགས་ཀྱི་འཇིགས་པ་ལས་བསྐྱབས་ཟིན“པའི་ལྷ་སའི་ཡུལ་མི་དག་གི་གདོང་མིག་ལས་དགའ་སྐྱིད་སྤྲོ་གསུམ་གྱི་རྣམ་འགྱུར་མ་མཐོང་ཞིང་བོད་མི་ནམ་ཡང་ཨང་གཉིས་པ་ཡིན་པར་སེམས་བྱུང་བཀོད་པ་ནས་སྔོན་ཆད་ཀྱི་རིག་གནས་ཚབ་ཚིག་དེ་ད་ལྟ་བླ་འཚོང་གི་ཚབ་ཚིག་ཏུ་གྱུར་ཡོད་པ་བཀོད་ཡོད་པ་དེ་ཨ་མཚར་མཚར་དགུའི་དགེ་མཚན་བདུན་པ་རེད།
 
དགེ་མཚན་བརྒྱད་པ།
སྒྱིད་ལུག་དང་རྣམ་གཡེང་གི་དབང་དུ་གྱར་བའི་ལྷ་སའི་སྤྲང་ཚོགས་དག་ལ་རེ་བ་མེད་པ་ཤེས་བཞིན་རྒྱ་རིགས་དག་གིས་ཕྱི་རྒྱལ་བ་དག་གི་མདུན་སར་”ང་ཚོའི་པོ་ཏ་ལ“ཞེས་བདག་པོ་རྒྱག་གིན་པ་དེས་རྒྱུ་གཡོག་ཏུ་འགྱུར་སྲིད་པའི་ལྷ་སའི་ལྷ་ཚོགས་ཕྱུག་ཀྱང་མི་ཚོགས་དབུལ་བའི་གནས་ལུགས་བསྟན་པ་དེ་རྩོམ་ཡིག་ཨ་མཚར་མཚར་དགུའི་དགེ་མཚན་བརྒྱད་པ་རེད།
 
དགེ་མཚན་དགུ་བ།
ལོ་རྒྱུས་ཀྱི་བདེན་པ་བཅོམ་བརླག་བཟོས་ཏེ་ཚེ་འདས་ཀྱི་བེམ་རོ་དུམ་བུར་གཏུབ་ནས་བྱ་ལ་གཏོར་བ་འདྲ་བའི་ལྷ་ས་དེ་ནའང་ནོར་བུ་གླིང་ག་སོགས་ཀྱིས་མཚོན་པའི་འཇིག་རྟེན་གྱི་བསམ་བློ་མཚོན་ཐུབ་པ་རེ་ཟུང་གནས་པའི་དགའ་སྤྲོ་མཚོན་ཐུབ་ཡོད་པ་དེ་རྩོམ་ཡིག་འདིའི་ཨ་མཚར་མཚར་དགུའི་དགེ་མཚན་དགུ་བར་བཞག་ཡོད་དོ།།
                                                                      
2008.9.14
 
·རྩོམ་ཡིག་གོང་མ:ང་ཚོས་ཟས་ཟ་བཞིན་ཡོད་དམ་དུག་ཟ་བཞིན་ཡོད་།
·རྩོམ་ཡིག་འོག་མ:གླུ་དབྱངས། སེམས་གསོའི་རེ་འབོད།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·བོད་མིའི་གཤིས་ཀ་ཡ་མཚན། 2011/11/26 22:46:11
·ཆང་དང་མ་ཅཱང་གངས་ཅན་ཡུལ་ལ་དར། 2011/7/14 20:11:35
·བླ་རུང་ནས་གྲྭ་གཞོན་བསྐྲད་པ་མ་རེད་བརྒྱུད་ཚོང་བསྐྲད་པ་རེད། 2011/5/30 23:27:04
·རྒྱལ་བསྟན་འཇིག་རྟེན་འདི་ནས་ཡལ་གྱིས་དོཊ་པའི་སྨྲེ་སྔཊ།༢ 2011/5/4 13:01:20
·མང་ཚོཊ་ལ་མགོ་བསྐོར་ཐེབས་རྒྱུར་གཟབ། 2011/3/27 19:52:58
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 10:08:21 [来自: 112.5.236.197]

 评论者:btjsnpjbhq
aan0oV  <a href="http://beavdtvxcaaa.com/">beavdtvxcaaa</a>, [url=http://wwyyygeitwck.com/]wwyyygeitwck[/url], [link=http://lsijtycajpat.com/]lsijtycajpat[/link], http://ddshrkpxnmfr.com/
发表时间:2016/11/2 16:55:47 [来自: 46.161.9.32]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/5 23:19:57 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།33.20MS