ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> དམངས་རྩོམ།
 རྩོམ་ཡིག་ཀློག་པ།

བསམ་ཡས་བྱ་དེ་དཀར་པོ།

  རྩོམ་པ་པོ:བོད་ལྗོངས་རིག་རྩལ་ལྷན་ཚོཊཡོང་ཁུངས:བོད་ལྗོངས་རིག་རྩལ་ལྷན་ཚོཊགཟིགས་གྲངས:8834ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/3/19 19:12:18ཚོགས་ཡར་སྤྲོད:admin
བསམ་ཡས་བྱ་དེ་དཀར་པོ།
 
    བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་སྤྲུལ་པའི་གཙུག་ལག་ཁང་གི་སྐོར་ལམ་ནང་མའི་ཤར་ལྷོའི་མཚམས་ཀྱི་འོག་ཐོག་ལྡེབས་རིས་ཀྱི་ངོས་སུ་བྱ་དེ་དཀར་པོ་ཞིག་བྲིས་ཡོད་པ་དེ་ནི་དམངས་ཁྲོད་དུ་ཡོངས་སུ་གྲགས་པའིབསམ་ཡས་བྱ་དེ་དཀར་པོ་ཞེས་པ་དེ་ཡིན་ལ་དེར་མི་ཚང་མས་དད་གུས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།
    མ་གཞི་ཚང་མས་མཁྱེན་གསལ་ལྟར་ལྡེབས་རིས་ངོས་སུ་འདབ་ཆགས་དང༌། རི་དྭགས། གཅན་གཟན་སོགས་བྲིས་པ་གང་སར་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་པས་དེ་ནི་ངོ་མཚར་ཆེ་བ་གང་ཡང་མ་ཡིན་པ་སྨོས་མེད་ལགས་ཀྱང༌།   བསམ་ཡས་ཀྱི་བྱ་དེ་དཀར་པོར་སྐྱེ་བོ་ཀུན་གྱིས་དད་གུས་ཆེན་པོ་དེ་འདྲ་བྱེད་དགོས་དོན་གང་ཡིན་ནམ།   བྱ་དེ་དེའི་མིང་གྲགས་གང་སར་ཇི་ལྟར་ཁྱབ་བམ་ཞེ་ན།  དེའི་རྒྱུ་མཚན་དམངས་ཁྲོད་དུ་ངོ་མཚར་ཆེ་བའི་ཤོད་རྒྱུན་དུམ་བུ་ཞིག་ཡོད་པ་སྟེ།    སྔོན་སྤྱི་ལོའི་དུས་རབས་དགུ་པའི་དུས་མཇུག་ཏུ་ཉིན་ཞིག་བསམ་ཡས་དགོན་པའི་འོག་ཐོག་གི་མཆོད་མེའི་མེ་ལྕེ་མཇལ་དར་བརྒྱུད་མཆོད་གཤོམ་ལ་མཆེད་དེ་གཙུག་ལག་ཁང་ལ་མེ་སྐྱོན་ཤོར་ཉེན་ཆེ་བའི་དུས་དེར། གང་ནས་ཡོང་མིན་མི་ཤེས་པའི་བྱ་དེ་དཀར་པོ་ཞིག་གིས་སྐད་ཤུགས་ཆེན་རྒྱག་བཞིན་པར་དགོན་པའི་ནང་འཕུར་བས་ཚང་མ་ཡ་མཚན་སྐྱེས་ཏེ་བྱ་དེ་དཀར་པོ་དེའི་རྗེས་སུ་བསྙེགས་པ་ན་མཆོད་གཤོམ་ལ་མེ་མཆེད་ཡོད་པ་དང༌།   བྱ་དེས་རང་སྲོག་ཕངས་མེད་ངང་གཤོག་རྡེབ་བྱས་ཏེ་མེ་གསོད་བཞིན་ཡོད་པས་ཚང་མས་རང་ནུས་ཡོད་རྒུས་མེ་བསད་པས་མེ་སྐྱོན་འགོག་ཐུབ་པ་བྱུང་ཡང་། ཡ་མཚན་ཅན་གྱི་བྱ་དེ་དཀར་པོ་དེའི་གཤོག་སྒྲོར་མེ་འབར་ནས་དེ་གར་ཤི།  ཕྱིས་བྱ་དེ་དཀར་པོ་དེར་དྲན་གསོ་བྱེད་ཆེད་གྱང་ལྡེབས་སུ་བྱ་དེ་དཀར་པོ་དེ་ཆེད་དུ་བྲིས་པས་ཚང་མས་དེ་ལ་དད་གུས་ཧ་ཅང་ཆེན་པོ་བྱེད་པ་མ་ཟད་དམངས་ཁྲོད་གཞས་ཚིག་ནང་དུའང་བསམ་ཡས་བྱ་དེ་དཀར་པོའི་སྐོར་མང་པོ་གསར་རྩོམ་བྱས་ཡོད་ཅིང༌། (ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་དུ།  བསམ་ཡས་བྱ་ཕོ་དཀར་པོ། །  བྱ་སྐད་སྔ་པོ་མ་རྒྱག ། ང་དང་ཆུང་འདྲིས་བྱམས་པའི། ། སྙིང་གཏམ་བཤད་འཕྲོ་ལུས་སོང་ )  ཁྱད་པར་དུ་ཤོད་རྒྱུན་ལ་དུས་ཕྱིས་ཀྱང་བསམ་ཡས་དགོན་པར་མེ་དགྲ་ཡོང་ཉེན་ཡོད་ན་ལྡེབས་རིས་ངོས་ཀྱི་བྱ་དེ་དཀར་པོ་དེས་བྱ་སྐད་བརྒྱབ་ནས་ཉེན་བརྡ་གཏོང་གི་ཡོད་ཅེས་པའི་ངོ་མཚར་གྱི་ཤོད་སྲོལ་དེས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་བཞིན་ཡོད།
        (བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་མཁོ་འདོན་གནང༌།)
·རྩོམ་ཡིག་གོང་མ:ཚྭ་ཁུ་བཏབ་པའི་སྙན་ངག
·རྩོམ་ཡིག་འོག་མ:སྒེར་གཅོད་པ་བསྟན་འཛིན་དར་རྒྱས་དག་ལ་བསྒྲཊ་དོན།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ཉི་ཧོང་གི་བསམ་གཏན་པའི་གཏམ་རྒྱུད་ཅིག 2011/5/27 17:18:53
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:zofbekmj
vn2V4d  <a href="http://crfsgpkkaxdz.com/">crfsgpkkaxdz</a>, [url=http://vyyhwpjabkho.com/]vyyhwpjabkho[/url], [link=http://msvymxobcveu.com/]msvymxobcveu[/link], http://gvjdlwzlwqpa.com/
发表时间:2016/7/24 13:45:45 [来自: 46.161.9.32]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/6 4:09:45 [来自: 111.144.227.221]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/6 4:09:40 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།30.27MS