ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལྗོངས་རྒྱུ།
 རྩོམ་ཡིག་ཀློག་པ།

ཡུལ་གནམ་ལུང་དུ་སྐྱོད་པའི་མཐོང་ཐོས།

  རྩོམ་པ་པོ:བཀྲ་ཤིས་ཚེ་རིང་།ཡོང་ཁུངས:ངེད་དྲ་བགཟིགས་གྲངས:7958ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/3/1 22:05:32ཚོགས་ཡར་སྤྲོད:admin
ཡུལ་གནམ་ལུང་དུ་སྐྱོད་པའི་མཐོང་ཐོས།
 
བཀྲ་ཤིས་ཚེ་རིང་།(ཆབ་མདོ།)
 
    རྣ་ཐོས་བརྒྱ་ལས་མཐོང་བ་གཅིག་དགའ་ཟེར་བ་ལྟར་ཡུལ་གནམ་ལུང་གི་སྐོར་དེ་སྔར་གཞན་གྱི་ངག་ལམ་བརྒྱུད་ནས་ཡུལ་དེའི་ངོ་མཚར་གནས་ཚུལ་གོ་ཐོས་ཡོད་པ་ཙམ་ལས་ད་བར་དུ་དངོས་སུ་འགྲོ་མ་མྱོང་། ད་རེས་བདག་གི་བཟའ་མོ་སོཊ་ཉེ་འབྲེལ་འགའ་དང་མཉམ་དུ་བོད་ཀྱི་ལོ་གསར་དང་བསྟུན་ནས་གནམ་ལུང་དུ་ཡོད་པའི་ཉེ་འབྲེལ་ཐུག་སར་ཕྱིན་ནས་ཡུལ་དེའི་གནས་ཚུལ་རྒྱུས་མངའ་ལེན་པའི་གོ་སྐབས་ཤིག་རྙེད་བྱུང་། 
   གནམ་ལུང་ནི་སྨར་ཁམས་རྫོང་རྨོག་ཤོད་ཤང་གི་གྲོང་པ་ཆུང་ཆུང་ཞིག་ཡིན་ཞིང་གྲོང་པ་དེ་ནི་ཚྭ་ཁ་ལྷོ་ནས་ཟླ་ཆུ་དེད་དེ་ཤར་ཕྱོཊ་ཡུན་ནན་ཕྱོགས་སུ་སྤྱི་ལེ་སུམ་ཅུ་ཙམ་བསྐྱོད་མཚམས་འཕྲེད་ལ་དཔྱང་ཟམ་ཞིག་བརྒྱུད་ཆུ་བོ་ཕ་རོལ་བརྒལ་རྗེས་གྱེན་མ་ཐུར་ཡིན་པའི་ལམ་ཕྲན་ཞིག་བདས་ཏེ་གང་འཚམས་སོང་རྗེས་གཞི་ནས་ཡུལ་དེར་འབྱོར།    རྒྱ་མི་ཆེ་ཤིང་གཤོང་རིང་བའི་གྲོང་པ་དེའི་ནང་དུད་ཚང་ཉེར་ཤུ་ཁ་གྲངས་ཡོད་པ་དག་ཐ་ཐོར་གནས་པ་ལས་གཅིག་ཏུ་འདུས་པ་དེ་འདྲ་མེད།   ལུང་པའི་ཕྱོཊ་ནས་བསྐོར་བའི་རི་བོ་དག་ནི་མཐོ་ཞིང་གཡང་གཟར་འཇིཊ་སུ་རུང་བ་རལ་གྲི་གྱེན་དུ་བསླངས་པ་དང་གཉིས་སུ་མེད།    ལུང་པ་མདའ་ཡི་རི་བོ་དག་རྩ་རྩི་ཤིང་གིས་མ་བརྒྱན་པའི་ཀླད་འདག་ཅན་ཡིན་མོད་ལུང་པ་ཕུ་ཡི་ས་འཛིན་ལ་བེ་ཤིང་དང་། ཤུག་པ།   ཐང་ཤིང་། ཚ་རུ།  གཡེར་པ།  སྒྲོན་ཤིང་།   སྨྱུག་མ་སོཊ་དང་ད་དུང་མིང་གིས་རྨོངས་པའི་ལྗོན་ཤིང་མཐའ་ཡས་པ་མཆིས།  རི་ཐང་འདྲེས་པའི་ལ་མ་ལུང་དག་རྩ་ལྗང་གིས་ཁེབས་པའི་ཁྲོད་རི་སྐྱེས་མེ་ཏོག་སྣ་ཚོཊ་ཀྱི་རང་རང་སོ་སོའི་ལང་ཚོའི་དཔལ་ཡོན་དང་།  ཚོན་མདོག་རྣམ་པར་བཀྲ་བའི་མཚར་སྡུག་ཅི་ཡང་གྲོལ།   བེར་ཤ།   བེར་རྣ།  བེར་སྨུག།  ཤ་གྲོད་དགོ་གྲོད།  གསེར་ཤ་སོཊ་ཟས་རིཊ་མཆོག་ཏུ་གྱུར་པ་དང་།  ཁྲོམ་རར་བྲིན་རྒྱུགས་ཆེ་ཞིང་རིན་གོང་མཐོ་བའི་རི་སྐྱེས་ཤ་མོང་གིས་ཡུལ་ལུང་གི་ཕུན་ཚོཊ་བསྣན་པར་བྱས།   ལྷག་པར་དུ། བེར་ཤའི་འབབ་ཡོང་ལོ་རེ་ལ་སྒོར་མོ་ཁྲི་ལ་བརྒལ་མཁན་གྱི་དུད་ཚང་མང་པོ་ཡོད། རྩྭ་རྩི་ཤིང་དང་མེ་ཏོག་སོཊ་སྐྱེ་དངོས་ཚོཊ་རྣམས་སེམས་ཅན་གྱི་ནད་འཇོམས་འབྱུང་ལུས་གསོ་བའི་གསོས་སུ་གྱུར་པའི་བདུད་རྩི་སྨན་རྫས་སུ་འགྲོ་བའང་དུ་མ་མཆིས།    ལུང་གཤོང་དེ་ནས་ཤང་ཤང་དུ་བཞུར་བའི་ཆུ་བོ་དེ་ནི་དངས་ཤིང་གསལ་ལ་ཆིལ་ཆིལ་གྱི་འབབ་སྒྲ་དེ་བྱེའུ་ཆུང་འཇོལ་མོའི་གླུ་ཆུང་བཞིན་སྙན། ལུང་གཞུང་དེ་ན་ཆུ་གློག་ཆུང་ཆུང་ཞིག་བསྐྲུན་ཡོད་པ་དེས་ཡུལ་སྡེ་ཡོངས་ལ་ཆུ་གློག་གི་མཁོ་འདོན་འབད་འབད་ལྷུག་ལྷུག་གི་མཛད་འཕྲིན་སྐྱོང་བཞིན་ཡོད།   གཞུང་ཆུ་དེ་ནི་སེམས་ཅན་གྱི་འཐུང་ཆུང་ཙམ་མ་ཟད་ཞིང་ཁ་གསོ་བའི་རྩི་སྨན་ཟུངས་ཁྲག་ཡིན་ལ་ཡུལ་སྡེ་དེ་མ་ཡིན་པའི་ཟླ་ཆུ་ཕ་རོལ་གྱི་བདེ་ཆེན་རྫོང་གི་གྲོང་པ་འགའ་ལའང་སྦུ་གུ་བརྒྱུད་ནས་འདྲེན་པར་བྱས་ནས་ཡུལ་གཞན་ལའང་འཕྲིན་ལས་བསམ་གྱིས་མི་ཁྱབ་པར་བསྐྲུན་པར་བྱས།   ལུང་པ་དེའི་ཕུཊ་སུ་དེས་བ་ཞེས་པའི་གྲོང་པ་ཆེས་ཤིན་ཏུ་ཆུང་ཆུང་དེ་རུ་རླངས་པ་ལང་ལོང་དུ་འཕྱུར་བའི་རང་བྱུང་ཆུ་ཚན་ཞིག་ཡོད་པ་དེར་ཞུཊ་ཚེ་གྲུམ་བུ་སོཊ་ནད་རིཊ་མང་པོ་བཅོས་ལག་ཐུབ་པ་དང་ཅུང་སོས་དལ་བའི་དུས་ཚོད་བྱུང་ཚེ་ཡུལ་ལུང་གི་སྡེ་འབངས་ཆུ་ཚན་དུ་ཞུཊ་ཤིང་དགའ་འདུན་གྱི་སྤྲོ་སྐྱིད་ལ་རོལ། དེར་རྒྱུན་ལྡན་ཆུ་ཚན་ལ་ཞུཊ་མཁན་ས་ཕྱོཊ་གཞན་ནས་ཡོང་བའི་འགྲུལ་པ་ཡང་མང་པོ་ཡོད།
   ཡུལ་དེའི་ནཊ་ཚལ་དུ་ཤ་བ་དང་།  གླ་བ།  རྒོ་བ།    དོམ།   གནའ་བ།   སྤྲེའུ།  འཕྱི་བ་སོཊ་རི་དྭགས་སེམས་ཅན་རྣམས་འཚེ་མེད་རྫོཊ་ལྡན་དཔལ་ལ་རོལ་བ་དང་། ཡུལ་ལུང་དེའི་སྟོད་སྨད་བར་གསུམ་དུ་བྱ་གར་དང་།  འཇོལ་ལུ།   ཐང་དཀར་རྒོད་པོ།   གོ་བོ་ལ་སོཊ་པའི་རིཊ་མི་འདྲ་བ་དང་།   མདོག་མི་གཅིག་པ།    ཆེ་ཆུང་སྣ་ཚོཊ་པའི་འདབ་ཆཊ་དག་བག་ཡངས་ཀྱི་ལྡིང་སྐོར་ཡང་ཡང་བརྒྱབ་ཅིང་རང་སྐད་ལྷུག་གྲོལ་གྱིས་སྐྱེ་བོ་རྣམས་ཡིད་ཀྱི་བརྟན་པ་ཕྲོགས་པར་བྱས།  ཡུལ་སྡེ་ལ་སྒོ་ཕྱུགས་ཕོན་ཆེན་པོ་མེད་རུང་ས་ཆུ་ཡུལ་བཅུད་བཟང་བ་དང་གསོ་ཚཊ་འབྱོར་བས་ཤ་ཤེད་རྒྱས་པ་དང་མར་ཆུ་འབེལ་བ།  ཚཊ་ཤ་དང་ཕག་ཤ་སོགས་གཞན་ནས་ཉོ་སྒྲུབ་མི་དགོས་པར་རང་ཡུལ་རང་ནས་ཐག་གཅོད་ཐུབ།  ཁྱིམ་བྱ་གསོས་པ་ལས་སྒོང་ང་དང་བྱ་ཤ་ཁྱིམ་གྱི་སྤྱོད་བྱ་ཙམ་མ་ཟད་གང་ལ་གང་འཚམ་གྱི་གཞན་ལ་འཚོང་བྲིན་བྱ་རྒྱུའང་ཡོད།
   ཡུལ་འདི་ས་ཆ་ཁ་དམའ་བས་ཆ་སྙོམས་རྒྱ་མཚོའི་ངོས་ལས་དཔག་ཚད་ཉིས་སྟོང་ལྷག་ཙམ་ལས་མེད་པས་གནམ་གཤིས་དྲོ་ལ་ལོ་གཅིག་ལ་སྟོན་ཐོག་ཐེངས་གཉིས་རག་གི་ཡོད།    དེ་ཡང་ཐོག་དང་པོ་ལ་གཙོ་བོ་ནས་དང་།  གྲོ།   དགུན་གྲོ་འདེབས་པ་དང་།   ཐོག་གཉིས་པ་ལ་དམ་འབོག་བཏབ་པ།  དམ་འབོག་གི་ཐོན་འབབ་ཕལ་ཆེར་བ་ནི་ཕག་དང་། ཕྱུཊ་ཟོག་གསོ་ཆས་བྱེད་ཀྱི་ཡོད།  ཞིང་ཁའི་ཐོན་འབབ་ཆ་སྙོམས་ཞིང་ས་མུའུ་རེ་ལ་སྟོན་ལོ་གཅིག་ལ་འབྲུ་རིཊ་ཐོན་འབབ་རྒྱ་མ་བདུན་བརྒྱ་བརྒྱད་བརྒྱ་ཟིན་པ་དང་།  ལོ་གཅིག་ལ་ཐོན་འབབ་རྒྱ་མ་ཆིག་སྟོང་དྲུག་བརྒྱ་ཡས་མས་ཟིན་གྱི་ཡོད།  ཐོན་འབབ་དེ་འདྲའི་ཡག་པོ་ཡོང་དོན་ནི་ཞིང་ས་གཤིན་པ་དང་།  ཆུ་བེད་བཟང་བས་ཡིན་ལ་གཙོ་བོ་ནི་ཡུལ་མི་ཚོས་དུས་ཐོག་ཏུ་ཆུ་འདྲེན་པ་དང་།  ལུད་བླུཊ་པ།    ལྡུམ་བུ་འབལ་པ།  ཡུར་མ་བརྒྱབས་པ་སོཊ་ཞིང་ཁ་འདེབས་ལས་གཡོག་ཚཊ་བཟང་བས་ཡིན། དཀའ་སྤྱད་འབད་བརྩོན་གྱི་རྒྱུན་མ་བསཊ་པས་ཐོན་འབབ་བཟང་པོ་ཞིག་བསྐྲུན་མི་ཐུབ་ཅེས་པ་ནི་ཁོ་ཚོས་རྒྱུན་དུ་འདོན་པའི་མ་ཎི་དང་ལག་ལེན་དངོས་ནང་མངོན་བཞིན་པའི་དན་རྟཊ་ཤིག་ཀྱང་ཡིན།
   ཡུལ་གནམ་ལུང་ལ་ཞིང་ཁའི་ཐོན་འབབ་ཡག་པོ་ཡོད་པ་མ་ཟད་ཤིང་འབྲས་ཀྱི་འབབ་ཡོང་དེ་བས་ཡག་པ་ཡོད་དེ་སྟར་ག་དང་།  ཤིན་ཅང་སྟར་ག། ཀུ་ཤུ།  གསེར་ཁམ།   ཏ་ར་ཁམ་བུ།  ཁམ་སྐྱ།  སིལ་ལུ། སིལ་འབུམ། ཨ་མྲའིའབྲས་བུ།  ཛོ་ཙི།  ལི་ཀུ་ཤུ། ཀུ་ལུམ།    ཚ་ལུ་མ།  གླི་མོང་།  གཡེར་མ་ལ་སོཊ་པའི་ཤིང་འབྲས་རིཊ་མི་འདྲ་བ་དང་། སྣ་མི་གཅིག་པ་བརྒྱ་ཕྲག་དུ་མ་ཡོད་པ་ནི་ཤིང་འབྲས་ཀྱི་འཇིག་རྟེན་གསོན་པོ་ཞིག་ཡིན། དེ་ལས་ཁག་ཅིག་ནི་རྒྱ་ནག་སོཊ་ཡུལ་གཞན་ནས་ནང་འདྲེན་བྱས་པ་རེད་འདུག།    ཤིང་འབྲས་ལའང་དུས་དུས་སུ་ལུད་བླུཊ་པ་དང་ཉིང་ལག་ཡན་པ་སོཊ་སྐྱོན་ཅན་རྣམས་བཀོག་ཅིང་ཤིང་བཟོ་བྱེད་པ། ཆུ་འདྲེན་པ་སོཊ་གཡོག་ལས་ལ་བརྩོན་པས་འབྲས་བུ་གཡུར་དུ་ཟ་བ་སྨིན་པ་ལས་ལེ་ལོ་སྒྱིད་ལུག་དང་སྒུག་སློང་བརྟེན་འབའ་ཞིག་གིས་ཕུན་སུམ་ཚོཊ་པའི་འབྲས་བུ་དང་བདེ་སྐྱིད་ག་ལ་འབྱུང་སྲིད།   གྲོང་པའི་ཕ་རྒན་རྒྱ་མཚོ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན།  ཤིང་འབྲས་ཀྱི་ཡོང་འབབ་དེ་ལོ་གཅིག་ལ་གྲོང་མི་ཁྱིམ་དུད་རེ་ལ་ཆ་སྙོམས་བྱས་ན་སྒོར་མོ་ཁྲི་གཅིག་ལྷག་ཙམ་ཡོད་ལ་འགའ་ཤས་ལ་ཁྲི་གཉིས་གསུམ་གྱི་ཡོང་འབབ་ཟིན་གྱི་ཡོད།
     བདག་ཁྱིམ་ཚང་འགའ་ཞིག་སར་མགྲོན་དུ་སོང་ཚེ་དགའ་མགུ་ཡི་རངས་ཀྱིས་སྣེ་ལེན་ཟབ་རྒྱས་བྱས་བྱུང་བ་དང་ཁོ་བོས་བཀོད་ཆ་ལེཊ་ཤིང་རབ་ཏུ་དཀར་བའི་ཐོག་བརྩེཊ་ཅན་གྱི་ཁང་པ་དང་ནང་གི་གཅོད་ཆ་དང་ཀ་གཞུ་གདུང་ལྕམ་གོར་གདན་སོཊ་ཀྱི་བཟོ་བཀོད་མཛེས་རིས་འབུར་དོད་དང་།  སྟར་གའི་སྒྲོག་ཙེ་སོཊ་གཙང་ཞིང་ཚར་དུ་དངར་བའི་དེང་རབས་དཔེ་གསར་ཅན་གྱི་སྒྲིག་ཆས་དང་སྣོད་ཆས། དེ་བཞིན་ཆ་འཕྲིན། བརྙན་འཕྲིན་སོཊ་གློག་ཆས་སྤུས་ལེཊ་ཅན་མ་ཚང་བ་མེད་པ་དེ་དག་མཐོང་ཚེ་ཡུལ་འདིའི་མི་རྣམས་ཀྱི་དཀའ་སྤྱད་འབད་བརྩོན་དང་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དང་ཁྱད་དུ་འཕཊ་པའི་བློ་གྲོས་ལ་སྨྲ་མི་ཤེས་པའི་དད་བཀུར་ཞིག་རང་ཤུཊ་སུ་སྐྱེ་བྱུང།  
      ཞིང་འདེབས།  སྟོན་བསྡུ།  ལོ་ཏོག་འཕྱར་རྡུང་གི་ལས་བྲེལ་ཆེ་བའི་སྐབས་རང་མགོ་རང་ཐོན་ཁོ་ན་ཙམ་མ་ཡིན་པར་ངལ་རྩོལ་ནུས་ཤུཊ་ཞན་གྲས་ལ་རྒྱབ་སྐྱོར་རོཊ་རམ་གྱིས་སྟོན་ལས་མཉམ་འགྲུབ་བྱས་པའི་གོམས་སྲོལ་བཟང་པོ་ལྡན་པ་དང་རྒན་རབས་ཀྱིས་གཞོན་རབས་ལ་རང་དཔེ་གཞན་སྟོན་ཐོག་ནས་བསླབ་བྱ་གདམས་ངག་བསྩལ་བ་དང་གཅེས་སྐྱོང་བྱེད་པ། དེ་བཞིན་གཞོན་རབས་ཀྱིས་ཀྱང་རྒན་རབས་ལ་གུས་བཀུར་སྲི་ཞུ་སྒྲུབ་པའི་མཐུན་པ་སྤུན་བཞིའི་རྣམ་ཐར་སྐྱོང་བའི་ཡ་རབས་ཚུལ་ལྡན་གྱི་རྣམ་པ་བཟང་པོས་ཁེངས་འདུག།
     ཁྱིམ་ནང་གློག་ཆས་ཀྱི་སྒྲིག་ཆས་ཕུན་སུམ་ཚོཊ་པོ་ཡོད་པ་མ་ཟད་ལོ་ཏོག་བརྔ་ཆས་དང་རྡུང་ཆས་འཕྱར་ཆས་གློག་འཐག་ཇ་དཀྲོཊ་འོ་དཀྲོཊ་བཅས་གློག་གི་འཕྲུལ་ཆས་རེད་འདུག་ལ་ཉི་འོད་ལ་བརྟེན་ནས་གློག་མཁོ་འདོན་བྱས་པ་སོཊ་ཡོད་ལ་ཁྱིམ་ཚང་ཕལ་ཆེར་བར་འདྲུད་འཐེན་འཕྲུལ་འཁོར་དང་རླངས་འཁོར་མེད་པ་ཧ་ལམ་མེད་ཅིང་དེས་ཡུལ་ལུང་གི་དཔལ་འབྱོར་འཕེལ་རྒྱས་དང་ཐོན་སྐྱེད་འགྲིམ་འགྲུལ་སྟབས་བདེ་བསྐྲུན་པ་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་ཡོད།
         གནམ་ལུང་གི་གནམ་གཤིས་ས་བབ་དང་མི་རྣམས་རང་རང་གི་ལག་གཉིས་དང་རྣམ་དཔྱོད་ལ་བརྟེན་ནས་ཕ་ཡུལ་འཛུཊ་བསྐྲུན་དང་འཚོ་བ་བདེ་སྐྱིད་ལྡན་པ་ཆཊ་ཡོད་པ་ནི་མིག་མཐོང་ལག་ཟིན་གྱི་དོན་དངོས་ཤིག་ཡིན་ལ་འབྲས་བུ་དེ་ལྟར་འབྱུང་བའི་རྒྱུ་རྐྱེན་གཞན་ཞིག་ནི་སློབ་གསོ་ལ་མཐོང་ཆེན་བྱེད་པ་ལ་རཊ་ལས་ཡོད་དེ། ཁོ་ཚོའི་གྲོང་པ་ནས་རྨོག་ཤོད་ཤང་སློབ་ཆུང་དུ་ལ་ལུང་འགའ་ཞིག་བརྒལ་དགོས་ཤིང་ཐད་ཀར་བསྐྱོད་ན་རྐང་ལམ་ཕྲ་མོ་ཞིག་ལས་མེད་སྟབས་སློབ་གྲྭ་ཤིན་ཏུ་འགྲིམས་དཀའ་བ་དང་དེ་བཞིན་དམའ་རིམ་སློབ་འབྲིང་འདོན་སྐབས་ཚྭ་ལྷོ་སློབ་འབྲིང་དུ་འགྲོ་དགོས་སྟབས་ལམ་ཐག་ཆེས་རིང་བ་ཞིག་ཡིན་མོད་ཁོ་ཚོས་གསལ་གསལ་ཐིང་ཐིང་ཤེས་པ་ཞིག་ལ་ཤེས་རིག་ལ་བརྟེན་ནས་མི་ཚེའི་ལས་དབང་བསྒྱུར་བ་དང་ཤེས་རིག་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་བ། ཤེས་རིག་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་བསྐྱུན་པ་སྟེ་ཤེས་རིག་ནི་ཐམས་ཅད་ཀྱི་ཐམས་ཅད་ཡིན་པས་གྲོང་པའི་སློབ་ལོ་ཟིན་པའི་ན་ཆུང་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་སློབ་གྲྭར་བསྐྱོད་པ་དང་ཁྱིམ་བདག་གིས་ཀྱང་ཕྲུ་གུས་ཤེས་རིག་ཡོན་ཏན་སྦྱང་རྒྱུ་ནི་མི་ཚེའི་དོན་ཆེན་ལ་བརྩིས་ཏེ་རྒྱུན་ལྡན་ཤེས་སྤྱོད་བསྐྱེད་བསྲིང་ཐད་ལ་གཙིཊ་མཐོང་དོ་འཁུར་ཆེན་པོ་འཛིན་གྱི་ཡོད། བདག་ད་རེས་གནམ་ལུང་དུ་འགྲོ་སྐབས་སློབ་གྲ་ཁག་དགུན་གནང་དུ་འཁེལ་ཡོད་རུང་ཞོཊ་པ་སྔར་པོར་དུད་ཚང་གང་སར་དཔེ་དེབ་ཀློག་པའི་སྒྲ་དབྱངས་ལྷང་ལྷང་དུ་གོ་རྒྱུ་འདུག་ལ། ལས་ཡང་བར་གསེང་གི་དུས་ལའང་དཔེ་དེབ་ལྟ་ཀློག་གི་སློབ་སྦྱོང་བྱེད་མཁན་ནི་ག་ས་ག་ལ་མཐོང་རྒྱུ་འདུག ། དེ་ནི་ཞག་གཅིག་དང་ཟླ་གཅིག་ཙམ་མ་ཡིན་པར་ལོ་ཡི་ཉག་མ་རྒྱུན་བསགས་པའི་མི་འགྱུར་རྟག་བརྟན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད།  ཤེས་རྟོཊ་བྱུང་བ་ལ་གཞིཊ་ན།   མིག་སྔར་གྲོང་ཚོ་འདི་ནང་སློབ་གྲ་ཆེན་མོ་དང་ཆེད་ལས་སློབ་འབྲིང་སོཊ་ནས་མཐར་ཕྱིན་ནས་ལས་རིཊ་ཁག་ཏུ་ལས་ཀ་་བྱེད་མཁན་མང་པོ་ཡོད་པ་དེའི་ཁྲོད་ཐིང་རིམ་པའི་འགོ་ཁྲིད་དང་རྫོང་རིམ་པའི་འགོ་ཁྲིད་ཤང་རིམ་པའི་འགོ་ཁྲིད་ཀྱང་མི་ཉུང་བ་ཞིག་ཡོད་པ་དེ་དག་གིས་ཕ་ཡུལ་འཛུཊ་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱ་གཞག་ཐད་ནུས་པ་ཡོད་རྒུ་འདོན་བཞིན་ཡོད། ཁོང་ཚོའི་ཤུགས་རྐྱེན་དང་སྐུལ་སློང་འོག་བུ་ཕྲུག་སློབ་གྲར་མངཊ་པའི་ཕན་ཡོན་གསལ་པོ་ཤེས་རྟོཊ་བྱུང་ནས་མུ་མཐུད་དབུལ་བཅོས་ཕྱུག་འགྱུར་གྱི་ལམ་ཆེན་དུ་སྐྱོད་བཞིན་ཡོད་ལ་མ་འོངས་པའི་འཚོ་བ་ལ་དེ་བས་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།  
   ས་ཆ་ཁ་དམའ་ལ་ཡུལ་ལུང་མཛེས་ཤིང་ཐོན་འབབ་ཕུན་སུམ་ཚོཊ་པའི་ཐུན་མོང་མ་ཡིན་པའི་གྲོང་ཚོ་འདི་དང་ལས་ལ་བརྩོན་ཞིང་བློ་གྲོས་མཆོག་ཏུ་མངའ་བ།  ཚན་རྩལ་སློབ་གསོའི་འདུན་པ་བླ་ལྷག་ཆེ་བའི་འདི་གའི་མང་ཚོཊ་རྣམས་མཐོང་ཚེ་བདག་ལ་སེམས་འགུལ་ཚད་མེད་ཐེབས་པ་དང་། གལ་སྲིད།  རང་རེའི་བོད་ཀྱི་ཡུལ་ཁམས་གཞན་ལ་ཡང་འདི་ལྟ་བུའི་བརྩོན་ཤུཊ་དང་འདུ་ཤེས་ཡོད་གྱུར་ན་ཅི་མ་རུང་སྙམ་པའི་ལྡོག་མེད་ཀྱི་བློ་ཞིག་ཀྱང་ངང་གིས་སྐྱེ་བྱུང་།
 
·རྩོམ་ཡིག་གོང་མ:མི་ཁོམ་པའི་རྒྱལ་སྲས་དྲན་པ་རྨི་ལམ་ནང་གི་ནོར་བུ།
·རྩོམ་ཡིག་འོག་མ:ཏཱ་ན་དགེ་འདུན་བློ་བཟང་ལགས་
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་མེ་ཏོག་སྐྱེད་ཚལ། 2011/6/12 11:17:39
·ཟངས་མདོག་དཔལ་རིའི་ཕོ་བྲང་གི་སྐོར་ཚད་དང་ཕན་ཡོན། 2011/2/17 15:37:54
·དབེན་གནས་གངས་རི་ཐོད་དཀར་དང་ཤུག་གསེབ་དགོན། 2010/9/5 13:34:08
·གནས་མཆོག་རྒྱ་ནག་མ་ཎིའི་དཀར་ཆག 2010/4/28 16:46:42
·གནས་མཆོག་ཁ་བ་དཀར་པོ། 2010/2/7 16:22:30
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 17:53:03 [来自: 112.5.236.197]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 11:49:03 [来自: 111.144.227.221]

 评论者:7SijLE0v
http://www.3145.com/list/18youxiang.htm
http://www.3456.cc/Dianzi_Youxiang/index.html
http://www.3456.cm/mail.htm
http://www.6296.com.cn/s/res.html
http://www.3721.cc/youxiang/
发表时间:2015/12/2 20:09:49 [来自: 111.144.226.138]

འབྲེལ་ཡོད་དཔྱད་བརྗོད 35 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།24.41MS