ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> གླིང་སྒྲུང་།
 རྩོམ་ཡིག་ཀློག་པ།

དཔལ་དགྲ་ལྷའི་ཚངས་དབྱངས་དྲུག་འགྱུར།

  རྩོམ་པ་པོ:ཨེ་མ་ཧོ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:3277ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/1/7 11:54:03ཚོགས་ཡར་སྤྲོད:admin

 

དཔལ་དགྲ་ལྷའི་ཚངས་དབྱངས་དྲུག་འགྱུར། །

 

 དཔལ་དགྱེས་པ་རྡོ་རྗེ།

 

ཨོྃ་ཛྙྰ་ན་གུ་རུ་བཛྲ་སིདྡྷི་ཧྰུྃ། །
གླུ་ཨ་ལ་ཨ་ལ་ཨ་ལ་རེད། །
ཐ་ལ་ངག་གི་བཀུག་ལུགས་རེད། །
ཨ་ལ་གླུ་ཡི་ལེན་ལུགས་རེད། །
ཐང་གསུམ་གླུ་ཡི་མཆོད་ལུགས་རེད། །
གླུ་ཡར་མཆོད་ཀུན་བཟང་ཡབ་ཡུམ་མཆོད། །
ཆོས་རྫོགས་ཆེན་ཉི་མ་ཤར་བར་ཤོག །
བར་མཆོད་རིག་འཛིན་ཕོ་མོ་མཆོད། །
སྒྱུ་ལུས་འཇའ་ཚོན་ཤར་བར་ཤོག །
མར་མཆོད་བསྟན་སྲུང་རྒྱ་མཚོ་མཆོད། །
ཉམས་ལེན་མེ་ཏོག་བཀྲ་བར་ཤོག །
གནས་དག་པ་སྤྲུལ་བའི་ཞིང་ཁམས་ལ། །
ཕྱི་ནང་ཟང་ཐལ་ཆེན་པོའི་དབུས། །
སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །
ཕ་གླིང་རྗེའི་བླ་མ་པདྨ་འབྱུང་། །
སྐུ་དཀར་དམར་མདངས་ལྡན་འོད་ཟེར་འབར། །
ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས། །
གཡོན་བྷནྡྷ་ཁ་ཊྭྃཿགྲུ་མོར་བརྟེན། །
སྐུ་ཟབ་བེར་ཆོས་གོས་དམར་སྨུག་གསོལ། །
དབུ་པད་ཞྭ་སྒྲོ་དར་ཉི་ཟླས་བརྒྱན། །
སྙན་བརྒྱན་དར་འཕྱང་པུ་རུ་རུ། །
ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས། །
འཁོར་དུ་མཆོག་གསུམ་རྒྱ་མཚོས་བསྐོར། །
དབུ་གཙུག་འཇའ་ཟེར་ཐིག་ལེའི་ཀློང་། །
དགའ་རབ་རྡོ་རྗེ་ལོངས་སྐུའི་ཆས། །
འཁོར་དུ་ལོངས་སྐུའི་ཚོགས་ཀྱིས་བསྐོར། །
དེ་ཡི་དབུ་གཙུག་མི་མངོན་དབྱིངས། །
ཐོག་མའི་མགོན་པོ་ཡབ་ཡུམ་བཞུགས། །
ཕྱི་འཁོར་པདྨ་འདབ་བརྒྱད་ལ། །
རིག་འཛིན་བརྒྱད་ཀྱིས་སྤྲུལ་པ་འགྱེད། །
བར་མཚམས་རྒྱ་བོད་པཎ་གྲུབ་དང་། །
སྤྲུལ་བའི་རྗེ་འབངས་ཉེར་ལྔ་བཞུགས། །
ཕྱི་ཁྱམས་དམ་ཅན་རྒྱ་མཚོ་ལ། །
དཔའ་བོ་དཔའ་མོ་རླུང་ལྟར་འཚུབས། །
སྒོ་བཞི་གིང་ཆེན་བརྒྱད་ལ་སོགས། །
ཏིལ་གྱི་གོང་བུ་ཕྱེ་བ་བཞིན། །
དེ་རིང་མདུན་གྱི་ནམ་མཁར་བྱོན། །
མོས་གུས་ཅན་ལ་བྱིན་གྱིས་རློབས། །
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །
ས་འདི་ས་ངོ་མ་ཤེས་ན། །
རང་ཡུལ་གླིང་དཀར་ནོར་བུའི་ས། །
རྨ་གཡང་ཀུན་དགའ་ར་བ་རེད། །
ང་འདྲ་ང་ངོ་མ་ཤེས་ན། །
ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ཡིན། །
གླུ་འདི་གླུ་ངོ་མ་ཤེས་ན། །
དགྲ་ལྷའི་ཚངས་དབྱངས་དྲུག་འགྱུར་ཡིན། །
དེ་ནས་གླིང་དཀར་ལྷ་སྡེ་དང་། །
ཆོས་བྱང་ཆུབ་སྒྲུབ་པའི་སློབ་མ་རྣམས། །
ཆོས་བཤད་པའི་ཚིག་ལ་ལེགས་པར་ཉོན། །
དོན་ཡིད་ལ་བཟུང་ཞིག་སྙིང་གྲོགས་ཚོ། །
རྟེན་དལ་འབྱོར་མི་ལུས་རིན་ཆེན་ལ། །
ཆོས་ཚུལ་བཞིན་སྡོམ་བརྩོན་ཉམས་ལེན་འབོད། །
ངེས་འབྱུང་དང་བྱང་སེམས་གསང་ཆེན་ལ། །
མོས་གུས་ཀྱིས་ཐོས་བསམ་བསྒོམ་པར་གྱིས། །
རྒྱུད་དབང་ལུང་ཞུས་ལ་ཏིང་འཛིན་བསྒོམ། །
ལམ་ལྷ་མཐོང་མན་ངག་སྙིང་པོ་བསྒྲུབ། །
ཚེ་མི་རྟག་སྒོམ་ལ་རང་ཉམས་སྐྱོང་། །
སེམས་སྡུག་ཀུན་རྩ་བ་སྡིག་པ་སྤངས། །
རྒྱུ་རྣམ་གཡེང་མེད་པར་དགེ་རྩ་སྒྲུབ། །
ལས་རྒྱུ་འབྲས་བསམ་ནས་ཚུལ་ཁྲིམས་བསྲུངས། །
མ་འགྲོ་དྲུག་མ་བརྗེད་སེམས་བསྐྱེད་གྱིས། །
སེམས་བྱང་སེམས་བསྒོམ་དང་སངས་རྒྱས་མཐོང་། །
སྡིག་སྲོག་གཅོད་སྤངས་དང་སྙིང་རྗེ་འབྱུང་། །
ཐབས་བསྐྱེད་རྫོགས་སྒོམ་དང་གསང་ཆེན་རྟོགས། །
ཆོས་ཁ་ཙམ་མིན་པར་ཉམས་ལེན་མཛོད། །
དོན་འབྲས་བུ་ཐོབ་པར་གདོན་མི་ཟ། །
ཚེ་འདིར་སྣང་དཀོར་ལ་མ་ཆགས་པར། །
ནང་རང་སེམས་འདུལ་བའི་ཐབས་ཤེས་བསྒོམ། །
ཕྱི་ཆགས་སྡང་རྨོངས་པར་མི་གཡེང་བར་། །
དོན་བཤད་སྒྲུབ་འཛིན་ན་དགེ་བཤེས་ཡིན། །
ཕ་རིག་འཛིན་དྲིན་ཆེན་བླ་མ་དང་། །
བུ་དམ་ཚིག་འགྱུར་མེད་སྐལ་བཟང་གཉིས། །
ཐུགས་དབྱེར་མེད་བསྲེས་པར་ཤིན་ཏུ་གཅེས། །
དེ་བླ་མ་རྣམས་ཀྱི་ཐུགས་ལ་ཞོག །
ཕྱི་བསྐྱེད་རིམ་ཐབས་ཀྱི་ཡ་སོ་གཅིག །
ནང་རྗོགས་རིམ་ཤེས་རབ་མ་སོ་གཉིས། །
དོན་ཟུང་འཇུག་ཐབས་ཤེས་དམིགས་པ་གསུམ། །
འཛོམས་ཡོད་ན་སྔགས་འཆང་མཚན་ལྡན་ཡིན། །
ཇོ་བཙུན་མ་རྣམས་ཀྱིས་ང་ལ་ཉོན། །
གཞི་འཁོར་བའི་དུག་ཚང་མ་བཅའ་བར། །
མ་ཡེ་ཤེས་མཁའ་འགྲོའི་རྗེས་སུ་གཤེགས། །
སྡོམ་དམ་ཚིག་མིག་དང་སྙིང་བཞིན་སྲུང་། །
གྲོང་ཁྱི་ལྡོམ་བཞིན་དུ་མ་འཁྱམས་པར། །
ལུས་ཕ་བོང་བཞིན་དུ་དགོན་ལ་སྡོད། །
སེམས་བསླབ་པ་སློབ་གཉེར་གནང་བ་དེ། །
གྲྭ་བཙུན་པ་ཞིག་གི་ཕྱག་ལས་ཡིན། །
རྗེ་དཔོན་པོ་རྣམས་ཀྱིས་ང་ལ་ཉོན། །
སེམས་བྱམས་དང་སྙིང་རྗེའི་གོ་ཆ་གྱོན། །
འབངས་མཐོ་དམན་ཉེ་རིང་མི་བྱེད་པར། །
ལྷ་དྲང་སྲོང་རིག་འཛིན་མཛད་པ་སྐྱོང་། །
གོང་ཚོང་དཔོན་རྣམས་ཀྱིས་ང་ལ་ཉོན། །
མི་གཞན་གྱི་ནོར་རྫས་སྙིང་དམར་དེ། །
གཡོ་ལྐོག་ཕུད་མ་ཟ་འདི་ཕྱི་སོམས། །
དོན་རང་གཞན་གཉིས་ཀ་མ་ཕུངས་བར། །
ཁྲིམས་བདེན་རྫུན་མ་ནོར་ཚོགས་བསགས་གྱིས། །
སྨན་བུ་མོ་རྣམས་ཀྱིས་ང་ལ་ཉོན། །
ཕྱོར་ཟ་ཟི་མ་མང་རྒྱུ་ནོར་བསོགས། །
གྱོད་འཁྲུགས་ཀྱི་རྩོད་གཞི་མི་བཞག་པར། །
བཟའ་ཚེ་རོག་གི་འདོད་པ་བསྐོང་ན་ལེགས། །
སྟག་ཤར་པ་རྣམས་ཀྱིས་ང་ལ་ཉོན། །
ཕ་མེས་པོའི་རིག་གཞུང་བདག་པོ་རྒྱོབ། །
རྗེ་ལྷ་ཆོས་མ་སྨད་ཕ་ཆོས་བསྒྲུབ། །
དགྲ་འདུལ་དང་གཉེན་སྐྱོང་རང་སྲིད་ཟུངས། །
ཆུང་བྱིས་པ་རྣམས་ཀྱིས་ང་ལ་ཉོན། །
ན་གཞོན་པའི་དུས་སུ་རིག་གནས་སློབས། །
དྲིན་ཕ་མ་རྒན་པའི་ཁ་ལ་ཉོན། །
ཕ་ཤུལ་བུ་ཡིས་ཟིན་པར་གྱིས། །
གཡོག་ཕོ་མོ་ཚང་མས་ཅུང་ཞིག་ཉོན། །
སྤྱི་རང་ལུས་འདོམ་གང་གྲུ་བཞི་དེས། །
ལས་གང་ལ་འཚམས་པའི་ཞབས་ཏོག་གྱིས། །
ཁྱད་པར་དུ་རང་ལས་དམའ་བ་ཡི། །
ཕྱུགས་སེམས་ཅན་ཀུན་ལ་བྱམས་བརྩེ་མཛོད། །
ཡང་གསོན་དང་གླིང་དཀར་ཁྲོམ་འཚོགས་ཚོ། །
རྗེ་སེང་ཆེན་ཆེན་རྒྱལ་པོའི་གདམས་ངག་དང་། །
ངས་ལྷག་བསམ་བཟང་པོའི་ཁ་ཏ་འདི། །
གླིང་ལྷ་སྡེ་ཀུན་གྱིས་འབད་པར་འཚལ། ། །
གླིང་མང་ཚོགས་ཐུགས་ལ་དེ་ལྟར་ཞོག །
གླུ་གོ་ན་རྣ་བའི་བུ་རམ་གྱིས། །
མ་གོ་གླུ་ལ་འབྲེལ་བ་མེད། །
              ཅེས་པ་འདི་ནི་བདག་གིས་བྲིས་པའི་དཔལ་དགྲ་ལྷའི་གཏེར་རྫོང་ནས་བཤུས་པ་དགེའོ། །
 
 
 
·རྩོམ་ཡིག་གོང་མ:འབྲོང་གི་གླུ་ཚིག བླ་སྲོག་གི་སྒྲོན་མེ།
·རྩོམ་ཡིག་འོག་མ:སངས་རྒྱས་པའི་ལུཊ་ཀྱི་རིན་ཐང་གི་ལྟ་ཚུལ་འགའ་ཞིག་བརྗོད་པ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·སྒྲུང་གླུ་བསོད་ནམས་ཉི་ཤར། 2009/11/19 12:15:42
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 10:10:28 [来自: 112.5.236.197]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/5 23:28:11 [来自: 111.144.227.221]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/4 7:48:29 [来自: 123.157.70.112]

འབྲེལ་ཡོད་དཔྱད་བརྗོད 60 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།32.23MS