ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> གླིང་སྒྲུང་།
 རྩོམ་ཡིག་ཀློག་པ།

བོད་ཀྱི་དཔའ་བོ་སེང་ཆེན་ནོར་བུ་དགྲ་འདུལ།

  རྩོམ་པ་པོ:རྨ་མདུད་གྲོལཡོང་ཁུངས:མཚོ་སྔོན་པོ་གཟིགས་གྲངས:3203ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/12/13 15:10:06ཚོགས་ཡར་སྤྲོད:admin

 

 བོད་ཀྱི་དཔའ་བོ་སེང་ཆེན་ནོར་བུ་དགྲ་འདུལ་ལ་

བཏེགས་པའི་ཆོད་སེམས།

ལོ་རྒྱུས་གླེང་ན་ཁོངས་ཡོད་དགོས།  དཔྱད་རྩོམ་འབྲི་ཚེ་ལུང་རིགས་དགོས།
མགོ་ལོག  རྨ་མདུད་གྲོལ།
 
     བོད་ཀྱི་དཔའ་བོ་གླིང་གེ་སར་རྒྱལ་བོ་འམ་སེང་ཆེན་ནོར་བུ་དགྲ་འདུལ་ནི་འཛམ་གླིང་གི་ཁྲོད་དུ་ལོ་རྒྱུས་ཀྱི་སྙན་ངག་ཆེས་རིང་བའི་མི་སྣ་གྲགས་ཆེན་ཤིག་ཡིན་ལ་དཔའ་མཛངས་དང་སྟོབས་འབྱོར་བཤད་ཚེ་བློ་ཆུང་རྣམས་ཀྱིས་ལྷ་སྒྲུང་དུ་རྩི་དགོས་བྱུང་བའི་འཇོན་ཐང་དང་དཔའ་མཛངས་ལྡན་པ་ཞིག་ཡིན་པ་ནི།   ཐུན་མོང་གིས་ཤེས་གསལ་ལྟར་རེད།
   སྐྱེས་བུ་དམ་པ་འདི་ཉིད་ཀྱི་འཁྲུངས་ལོ་ནི་བསྟན་པ་ཕྱི་དར་གྱི་སྐབས་བོད་རབ་བྱུང་དང་པོའི་སྔོན་གྱི་ལོ་༢༧ལོ་སྟེ་སྤྱི་ལོ་1000 ལོ་ཡས་མས་སུ་ངེས་པ་ནི། ཁོང་གིས་སྨྲི་ཏི་ཛྙ་ན་ཀྰིརྟི་སྟེ་བོད་སྐད་དུ་དྲན་པ་ཡེ་ཤེས་གྲགས་པ་ལས་ཆོས་ཞུས་པ་སོགས་ཀྱིས་གསལ་བོར་ཤེས། གང་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། རྗེ་མི་ལ་རས་པ་སོགས་དང་དུས་མཉམ་ཡིན་པར་མཁས་པ་མང་པོས་གསུངས་ལ་དུས་རབས་ཀྱི་ངོ་གདོང་ལས་ཀྱང་ཤེས་ཐུབ་པོ།  དེ་ལྟར་ཡང་། མདོ་སྨད་ཆོས་འབྱུང་། ཤོག་ངོས༢༣༤ བར། ལྷོ་རྒྱུད་ཀྱི་ཐོག་མ་རྨ་སྟོད་མགོ་ལོག་སོགས་བཤད་པའི་སྐབས་སུ། དེ་ཡང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་རྗེ་གེ་སར་རྒྱལ་བོས་དབང་བསྒྱུར། དེ་ཉིད་ཀྱི་འཁྲུངས་ལོ་ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་། རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླངས་བྱང་ཆུབ་འདྲེ་བཀོལ་དང་།  སྨྲི་ཛྙྰ་ན་ཀྰིརྟི་སྤྱན་དྲངས་ཏེ་ཆོས་ཞུས་བ་དང་གཙུག་ལག་ཁང་བཞེངས་བར་བཤད་པས་ཀྱང་ཤེས་ནུས། རླངས་བྱང་ཆུབ་འདྲེ་བཀོལ་སྤྱན་དྲང་ཚུལ་ནི་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པར། དེ་ནས་ཁོང་ཤར་དུ་བྱོན།  གེར་མཚོའི་མགུལ་དུ་བྱོན་པ་ལ།  གླིང་གེ་སར་གྱིས།  སྲིན་གྱི་བེར་ནག་པོ་ཐོག་གདུག སྲིན་རལ་ཁྲའ་བོ། སྲིན་རྟ་ནག་པོ་གསུམ་ཕུལ་ནས།  མི་འཆི་ཚེ་ཡི་དབང་ཞིག་ཞུ།།  ངས་གདུག་པའི་ལྷ་འདྲེ་འདུལ་བ་ལ།།  ཁྱེད་ཀྱིས་བདག་གི་ལུས་སྐྱོབས་མཛོད།།  ཞུས་པར། ཁོང་གི་ཞལ་ནས།  ཁྱོད་འཆི་བའི་དུས་ལ་བབ་པ་ལ། རང་རེས་འབད་ཀྱང་ག་ལ་བརྟན།།  བདུད་ཀྱིས་བར་ཆད་མི་འབྱུང་བ།། རྣལ་འབྱོར་བདག་གིས་སྲུང་མ་བྱེད།། ཅེས་སོགས་མང་དུ་འདུག་ལ།  ༧རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོས།  དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས།  མཚོ་བཟང་ལྷ་གཟིགས་འདིའི་སྲས་ཨ་མི་བྱང་ཆུབ་འདྲེ་འཁོལ་ཏེ། དགུང་ལོ་བརྒྱད་ལ་ཨོ་རྒྱན་དུ་བྱོན་པ་དང་། སྲིན་པོ་བཏུལ་ནས་ཕྱིར་བྱོན་པའི་ཚེ་ཡི་དམ་གྱི་ལྷའི་ཞལ་གཟིགས་པ་དང་། གེ་སར་གྱིས་གླིང་ཡུལ་དུ་ལན་གཉིས་གདན་དྲངས་པའི་ཕྱི་མའི་ཚེ༑ ཕ་བོང་གྲ་བ་རྟ་འདྲ་བ་ལ་ཆིབས་ནས་ཕྱོགས་བཞིར་གདོན་ཆེན་པོ་བཞི་བཏུལ་བ་སོགས་རྫུ་འཕྲུལ་ནི་མཐའ་ཡས༑  ཅེས་གསུངས། སྨྲི་ཛྙྰ་ན་ཀྰིརྟི་དང་འབྲེལ་ཚུལ་ནི། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་ཞལ་ནས། སྨྲི་ཏིའི་ཕྱག་ཚ་པར་ཡུལ་བྱང་ངམ་རིང་གི་ས་ཆར་གཅིག་དང་རྟ་ནག་རྒྱང་མཁར་ཕྱུག་པོར་གཅིག ཤངས་ཆིམས་ཀྱི་ཡུལ་དུ་གཅིག་རྣམས་ཡོངས་གྲགས་ཡིན་ཅིང་། ཁམས་སུ་ཕེབས་ནས་འགྲོ་དོན་མཛད་སྐབས་གླིང་གེ་སར་གྱིས་བདུད་ཧོར་ལྗང་གསུམ་བཅོམ་ཞིང་། རྒྱ་དང་གཡུལ་མ་འཁྲུགས་བར་དེར་པཎ་ཆེན་གྱིས་དགོན་པར་གཟུག་པའི་དད་བླངས་མཛད་སྐབས་སྔར་གྱི་ཧོར་གྱི་བུ་བསད་པས་མནའ་ཟོས་པའི་འབྲས་བུར་རྒྱལ་པོ་རྩིག་པའི་སྟེང་ནས་ལྷུང་སྟེ་དབུ་ཆག་པར་པཎ་ཆེན་སྨྲི་ཏིའི་ཚ་ཚའི་ལྷག་གི་འཇིམ་པ་བླངས་ཏེ་སྡེམ་བྱས་པས་དབུ་འཕྲལ་ལ་གསོས་པའི་ལོ་རྒྱུས་འདུག་པས་དེར་དཔགས་ན་ཁམས་སུ་ཡང་ཚ་ཚ་མང་དུ་ཡོད་ཚོད་འདུག་ཅེས་སོགས་གསུངས་སོ། གཞན་ཡང་མཁས་དབང་ཚེ་ཏན་ཞབས་དྲུང་སོགས་མཁས་དབང་དུ་མའི་ཞལ་གསུངས་མང་དུ་མཆིས་ཀྱང་ཡི་གེ་མང་བར་དོགས་ཏེ་འདིར་མ་བྲིས་སོ་།  ཞེས་གསུངས། འཁྲུངས་ཡུལ་ནི། མགོ་ལོག་གི་མངའ་ཁོངས་ད་ལྟ་དར་ལག་རྫོང་གི་ས་གནས་སྟེ་རྒྱུ་ཁོག་གམ་དར་གྱི་ས་ནག་ལུང་ཡིན།  མདོ་སྨད་ཆོས་འབྱུང་དུ། འཁྲུངས་ས་ཡང་ཆབ་ཚ་དགོན་གྱི་ཉེ་འདབས་རྫ་སྲིབ་ངོས་རྫ་ཆུའི་རྒྱུད་མཚོ་གོར་ཁ་ཡིན་ཟེར་བ་དང་། རྒྱུ་དར་གྱི་ དར་ས་ནག་ལུང་ཡིན་ཡང་ཟེར།  ཞེས་བཤད་ཚུལ་འདི་གཉིས་ཀ་བདེན་པར་མཐོང་སྟེ། སྐྱེས་བུ་འདི་ཉིད་འཁྲུངས་ཁར་ཨ་ཁུ་ཁྲོ་ཐུང་གིས་ངན་སེམས་དང་། རྗེས་སུ་རྟ་རྒྱུགས་རྒྱལ་འཇོག་སྐབས་རྒྱ་ཚ་ཞལ་དཀར་སོགས་ཆུང་རྒྱུད་ཀྱིས་ཤུགས་མ་བསྣོན་ན། ཨ་ཁུས་མི་འབོད་པར་བསྐྱུར་འདོད་སོགས་ཀྱི་ལོ་རྒྱུས་ལས་ཤེས་སོ། སྐྱེས་བུ་འདི་ཉིད་ཀྱིས་ཐོག་མར་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་དུ་བསྡུས།  གུར་དཀར་གྱིས་འབྲུག་མོ་འཕྲོག་པར་བརྩོན་པ་ནས་བཟུང་ཧོར་དབང་དུ་བསྡུ་རྒྱུའི་མགོ་བཟུང་། མཁས་དབང་དམུ་དགེ་བསམ་གཏན་ཚང་གིས། སྐྱེས་བུ་འདི་ཐོག་མར་མི་སེར་དཀྱུས་མ་ཤིག་ཡིན་ཡང་དཔའ་མཛངས་ལྡན། གཞན་དང་མནའ་ཡ་སྒྲིག་གྱིན་གླིང་གི་དཔའ་རྟུལ་སུམ་ཅུ་སོགས་འཛོམས་སྟེ་རྗེས་སུ་བརྒྱ་ལྷག་འཛོམས་དེ་ནས་གཞན་དང་འཐབ་སྟེ་དབང་དུ་བསྡུ་བཞིན་ཡོད།  སྐབས་དེར་བོད་སིལ་བོར་འཐོར་བའི་སྐབས་ཡིན་པས་ལྷ་ས་རུ་སྟག་གཟིག་གིས་བཙན་འཛུལ་བྱས་པར་གདུང་ལོན་དཀའ་སྟེ།  ཨ་མདོའི་ཡུལ་དུ་འོང་སྟེ་གེ་སར་ལ་ཞུས་པས་གེ་སར་གྱིས་སྟག་གཟིག་ཆམ་ལ་ཕབས་པ་ནི།  ད་ལྟ་སྟག་གཟིག་ནོར་རྫོང་ཞེས་པ་དེ་རེད། ཅེས་གསུངས། གཞན་ཡང་བོད་གྱི་ཆེད་དུ་རྒྱ་ནག་དང་གཏུགས་ཏེ་རྒྱ་གྲུ་གུའི་གོ་རྫོང་ཕབས།  མགོ་ལོག་གི་མུ་ར་ཕྱོགས་སྐྱོང་ས་ཆ་རུ་འཇང་དང་འཐབ་ཤུལ་མདའ་མང་པོ་རྙེ་རྒྱུ་ཡོད་པ་དང་། འཇང་ལ་སོ་བྱེད་སའི་རྡོ་རྩིག་ཡ་མཚན་མཐོང་རྒྱུ་ཡོད་འདུག་གསུངས། འཇང་དབང་དུ་བསྡུས་རྗེས་རིམ་བཞིན་རྒྱ་རོང་ཁོག་དུ་སོང་། རྒྱ་རོང་གི་དཔོན་ལ་ཁྲོ་ཐུང་བཞག་ཀྱང་ཧོར་དང་གཡུལ་འགྱེད་དུས་འགན་མ་ཐེག་པར། སེང་ཆེན་ནོར་བུ་ཁོང་བྱོན་ཏེ་ཧོར་དམག་འདུལ། དེང་སང་རྒྱ་རོང་གི་ལོ་སར་རྒྱ་ལོའི་ཚེས་བཅུ་གསུམ་ལ་བྱེད། འདི་གེ་སར་གྱིས་ཧོར་དམག་སྐྲད་ཉིན་མོའི་དགའ་སྟོན་གྱི་སྲོལ་ ཆགས་པ་ཡིན་ཟེར། ལོ་སར་བྱེད་སྐབས་མིག་ལྟ་བུ་དང་སྙིང་འདྲའི་གོ་རེ་ལས་ཏེ་ཧོར་གྱི་མིག་དང་སྙིང་སོགས་ཡིན་ཟེར་ཏེ་གསོལ་སྲོལ་ཡོད་གསུངས། ད་ལྟ་འདི་ཡོད་མེད་ཕྲན་གྱིས་རྒྱུས་ལོན་མ་ཚར། གང་ལྟར་སྐྱེས་བུ་འདི་ཉིད་ཀྱི་འཁྲུངས་ཡུལ་ནི་མགོ་ལོག་ཡིན་ལ་གཞུགས་གནས་ཀྱང་ད་ལྟ་སེང་འབྲུག་སྟག་རྩེ་ཡོད་སར་ཡིན་པ་ལོ་རྒྱུས་མང་པོ་གུང་བསྒྲིགས་པས་ཤེས། མདོ་སྨད་ཆོས་འབྱུང་དུ་ད་དུང་གེ་སར་གྱི་རྟ་འདོག་ས་སོགས་སམ་ཡང་ན་མཛད་འཕྲིན་རྒྱས་ཡུལ་སོགས་མང་པོ་འདུག་ཀྱང་དེ་ཙམ་ལས་འདིར་མ་བྲིས། སྐྱེས་བུ་འདིའི་བོད་ཆོལ་ཁ་གསུམ་གྱིས་མཚོན་པའི་དགྱ་ནག་ཕྱོགས་རེ་འགའ་དང་བལ་ཡུལ་རྒྱ་གར་སོགས་སུ་སོང་སྟེ་འཐབ་ཞིང་དབང་དུ་བསྡུས་པར་མངོན་ཡོད། འདི་ཉིད་ཀྱི་འདས་ལོ་ནི་སྤྱི་ལོ་༡༠༨༧ལོར་དགོངས་པ་རྫོགས་སོ། མཁས་དབང་ཚེ་ཏན་ཞབས་དྲུང་གིས་སྤྱི་ལོ་༡༠༨༧རླངས་བྱང་ཆུབ་འདྲེ་བཀོལ་གྱིས་ལུང་བསྟན་ལྟར་ན་ལོ་འདིར་གླིང་རྗེ་གེ་སར་འདས། ཞེས་གསུངས། རླངས་བྱང་ཆུབ་འདྲེ་བཀོལ་གྱིས་ལུང་བསྟན་པ་ནི། ལོ་ནི་བརྒྱད་ཅུ་རྩ་བརྒྱད་བར།། སྐྱེས་བུ་ཁྱེད་ཀྱི་ཚེ་ཚད་ཡིན།། ཞེས་གསུངས་པ་འདི་ཡིན། མདོར་བསྡུ་ན། བོད་ཀྱི་དཔའ་བོ་གེ་སར་ནོར་བུ་དགྲ་འདུལ་ནི། སྤྱི་ལོ༡༠༠༠ལོར་མདོ་སྨད་མགོ་ལོག་དུ་སྐུ་བལྟམས་ཞིང་མདོ་སྨད་མཐོང་བ་ཀུན་སྨོན་ནས་བཟུང་བོད་ཆོལ་གསུམ་དང་སེར་པོ་ཧོར་ འཇང་ མོན་ མི་ཉག སྟག་གཟིག་ སོག་པོ་སོགས་དབང་དུ་མཛད། མཐར་སྤྱི་ལོ་༡༠༨༧ལོར་དགོངས་པ་རྫོགས་སོ།
   རྩོམ་པ་པོ་ནི་ལོ་བཅུ་དྲུག་སྟེང་རྟོགས་ལྡན་བློ་གྲོས་རྒྱ་མཚོའི་མདུན་ནས་རྙིང་མའི་ཆོས་སྐོར་ཞུས། བླ་བྲང་བཀྲ་ཤིས་འཁྱིལ་དུ་སོང་སྟེ་སློབ་གཉེར་བྱས། སྤྱི་ལོ་ཉིས་སྟོང་ལོ་ནས་བཟུང་། སྟོང་སྐྱབས་དགོན་བཤད་གྲྭ་རྨད་བྱུང་ཐོས་བསམ་གླིང་གི་དགེ་རྒན་གྱི་འགན་བཞེས།
མཚོ་སྔོན་པོའི་ཟིན་བྲིས་དགེ་མིང་བའི་གཞིས་ཀ་ལས་དྲངས།
·རྩོམ་ཡིག་གོང་མ:གཞས་ཚིག་འགའ་ཡི་གཤིབ་བསྡུར།
·རྩོམ་ཡིག་འོག་མ:རྟགས་གླུ་འབྲས་བུའི་རྒྱལ་པོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 12:59:47 [来自: 112.5.236.197]

 评论者:Almena
God help me, I put aside a whole afetrnoon to figure this out. http://ecoucitqyfa.com [url=http://tczrvc.com]tczrvc[/url] [link=http://zkaekmswr.com]zkaekmswr[/link]
发表时间:2017/4/16 16:37:51 [来自: 5.188.211.170]

 评论者:Lacey
At last! Someone who <a href="http://qtjsou.com">unrnsdtaeds!</a> Thanks for posting!
发表时间:2017/4/16 4:16:27 [来自: 5.188.211.170]

འབྲེལ་ཡོད་དཔྱད་བརྗོད 54 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS