ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> གླིང་སྒྲུང་།
 རྩོམ་ཡིག་ཀློག་པ།

གླིང་གི་དཔའ་རྟུལ་ཆེ་རྒུའི་རྟོགས་བརྗོད།

  རྩོམ་པ་པོ:སྨིན་དབུས་པོ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:3391ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/11/8 18:05:45ཚོགས་ཡར་སྤྲོད:admin
 
༄༅།། ཧོར་གླིང་གཡུལ་ཆེན་སྐབས་ཀྱི་གླིང་དཀར་པོའི་མི་སྣ་ཆེ་གྲས་ཀྱི་རྟོགས་པ་བརྗོད་པ་
དྲག་པོའི་དམག་གི་ལྡེའུ་མིག  
 
སྨིན་དབུས་པོ།

གངས་ལྗོངས་སྙིང་པོ་གླིང་དཀར་སྟོད་དུ་ལས་བཞིའི་གཡུལ་གྱི་འཕྲུལ་འཁོར་གྱིས། །

བདུད་བཞིའི་དཔའ་བཀོང་སེང་ཆེན་རྗེ་དང་དཔའ་རྟུལ་རུ་བཞིའི་དཔུང་དམག་ཅེས། །

དཔའ་བོའི་རྣམ་ཐར་ཉམས་པ་མེད་པར་འཕེལ་རིམ་བྱུང་བའི་ངོ་མཚར་གྱིས། །

དྲེགས་ལྡན་རྒྱལ་པོ་ར་མ་ཎ་ཡང་དམན་སར་འགོད་པའི་ཆེ་བ་རྨད། ། 

 

སྔོན་ཞིག་གངས་ལྗོངས་རྩུབ་སྤྱོད་དཔུང་གིས་ཏིལ་གྱི་ཚུལ་བཞིན་རྣམ་གཟིར་ཚེ།  །

མདའ་མདུང་རལ་གྲིའི་རྣོ་རྒྱུན་སྤར་ཅིང་ཅང་ཤེས་རྟ་བོའི་བང་རྩལ་ལ། ། 

བརྟེན་པའི་རུ་བཞི་དགྲ་སྡེའི་ཡུལ་དྲངས་མི་སྲུན་སྟོང་གི་སྙིང་ཁྲག་བཅུད། ། 

སྐྱེམས་སུ་བཞེས་ལ་མི་འཇིགས་མཐུ་གྲུབ་གླིང་དཀར་རྒྱལ་བློན་སླར་ཡང་དྲན། །

 

སེང་ཆེན་སྐྱེས་བུ་དོན་གྲུབ།

 

ཡེ་ཤེས་སྤྱན་མངའ་པདྨ་རྒྱལ་པོས་གངས་ལྗོངས་ཡུལ་གྱི་གདུལ་བྱའི་ཁམས། ། 

འདོར་བར་མ་ཕོད་དམག་གི་རྒྱལ་པོ་འཁོར་གསུམ་ཐོགས་པའི་རྣམ་པ་རུ།  །

 ཟློས་པའི་གར་གཅིག་བདུད་འདུལ་དཔའ་བོ་དགྲ་བླ་ཝེར་མའི་གཟི་བྱིན་ཅན།  །

མི་ཡི་ཉི་མ་དོན་གྲུབ་སྐྱེས་བུ་ཧོར་རྒྱལ་གུར་དཀར་སྲོག་གི་གཤེད། ། 

 

བློན་ཆེན་འདན་མ་བྱང་ཁྲ།

 

གྲུབ་བརྒྱའི་དབང་ཕྱུག་ས་ར་ཧ་པ་གླིང་དཀར་སྟོད་ཀྱི་བྱང་སྒོ་རུ། ། 

ཧོར་སེར་གདུག་པའི་ཁ་གནོན་ཉིད་བཞེངས་ཉག་ཕྲན་མཚོན་ཆའི་འཕྲུལ་འཁོར་ལ། ། 

དབང་བའི་རང་རྟགས་ཧོར་སྲས་ཁྲི་བཙན་རི་བའི་གཅེས་ཕྲུག་ཅོག་དམར་སོགས། །

བཞི་ལྡན་རྣོ་རྩེར་རྩེད་མོར་བཀོད་མཛད་འདན་མ་གཡུལ་ལས་རྣམ་པར་རྒྱལ། ། 

 

སྤྱི་དཔོན་རོང་ཚ་ཁྲ་རྒན།

 

ཆགས་ཆེན་བློ་གྲོས་འཁྲུལ་བ་མི་མངའ་སྲིད་པ་འདི་ཡི་ཚངས་ཐིག་གིས། ། 

ཁྲ་བོ་གླིང་གི་བསྟན་སྲིད་དགུ་ཚིགས་དུས་ཀྱིས་མཐའ་ལ་བསྲིངས་མཁས་ཤིང༌། ། 

རོང་གི་ཚ་བོའི་དགྲ་ཤ་ལེན་ལ་རྒྱ་སྟག་དམར་པོ་ཁྲོས་པའི་ཟོལ། ། 

དགུང་གྲངས་བརྒྱད་ཅུའི་དཔའ་རྒོད་ལན་མེད་སྤྱི་དཔོན་ཨ་མྱེ་ཁྲ་རྒན་གྲགས། །  

 

ཕུ་བོ་རྒྱ་ཚ་ཞལ་དཀར།

 

སྟོང་ཤོང་བུ་དང་དམག་དཔོན་ཟི་ར་གཅེས་ཕྲུག་བརྒྱད་སོགས་གཤེད་མ་རུ།  །

རྒྱ་བྱ་སོག་དཀར་བང་གི་ཁ་ནས་ཐང་དཀར་རྒོད་པོའི་གཤོག་རྩལ་གཡོ། ། 

ཡ་ཟིའི་འཕྲུལ་གྱིས་གནམ་ལྕགས་སྟོང་གི་ཚ་དབལ་དམན་པའི་སྣང་བ་སྟེར། ། 

སྟོང་དམག་ངོ་ཡ་འབུམ་པའི་ཁྲི་དཔོན་ཞལ་དཀར་དུང་ཟླ་ཧོར་སྡེའི་གཤེད།  །

 

གསེར་བའི་ཉི་འབུམ།

 

ཆེ་རྒྱུད་གླིང་གི་ཁྲི་འཕང་ལ་དབང་གསེར་མདོག་དམག་གི་ཁ་ལོ་བ། ། 

ཆེ་མཆོག་ཁྲོས་པའི་དཔུང་བ་གཏུམ་པོས་སྒྲོ་ལྡན་ཕུལ་བའི་ཤེ་མོང་གིས། ། 

ཆེ་བཙན་འགྲན་བྲལ་ཧོར་རྗེ་གུར་སེར་ལྔ་ཕུང་བྲག་གི་རི་བོ་དེ། །  

ཆེ་བས་མ་ཕན་ཐལ་བར་བརླགས་མཛད་གསེར་བའི་ཉི་འབུམ་དར་ཡག་ཆེ། ། 

 

ཡ་མེད་སེང་སྟག་ཨ་དོམ།

 

དུང་རི་དར་དཀར་ཆིབས་ཀྱི་སྟེང་ན་དུང་སེང་དཀར་པོའི་རང་རྩལ་བརྗིད། ། 

ལེབ་ཆེན་མཚོན་ཆའི་འཕྲུལ་འཁོར་ཁ་ན་ཧོར་ཁྲག་དམར་པོའི་ཡུལ་ཆུ་བཞུར། ། 

སྡིག་གཅོད་དཔུང་བཅོམ་ཡག་ལ་སེར་པོ་འཇིགས་རུང་དུར་ཁྲོད་ཆེན་པོར་བསྒྱུར། །

རྨ་རྒྱལ་འཕྲུལ་སྲས་མི་ཡི་སྤྱང་ཀི་སེང་སྟག་ཨ་དོམ་དགྲ་ལ་རྔམ།  །

 

སྟོབས་ཆེན་ཆོས་སྐྱོང་བེར་ནག

 

མ་ཧཱ་ཀ་ལ་དཔའ་ཆེན་ཟོལ་འཆང་དབུ་རྨོག་ཁྲབ་ཀྱི་ཁེབ་མ་བྲལ། ། 

སྟོབས་ཆེན་སྒྱོགས་རྡོའི་འཕྲུལ་ཐག་སྣེ་ན་བདུད་དང་དམ་སྲིས་འོ་དོད་འབོད། ། 

ཁུ་ཚུར་འོག་ནས་ཤན་ཆེན་ནམ་མཁའ་མ་ཤི་རྐྱལ་བ་མཉེད་མར་བཟོས། ། 

དྲག་སྔགས་རྩལ་རྫོགས་ཆོས་སྐྱོང་བེར་ནག་འཛམ་གླིང་ཤེད་ཀྱི་རྩེ་མོར་འཕགས། ། 

 

སྟག་རོང་ཨ་ནུ་གཟིགས་འཕེན།

 

ཤ་ཟན་སྟག་རུང་དམག་གི་ཁྱུང་གཏོར་ཁྲབ་ཤམ་གཟིག་གི་ཐིག་ལེ་ཅན། །  

ཕོ་རོག་སྟོང་འཆམ་བང་གི་འཕྲུལ་འཁོར་ནག་ཕྱོགས་བདུད་སྡེའི་ཀླད་དུ་ལྡིང༌། ། 

རལ་གྲིའི་རྣོ་རྒྱུན་གུར་ནག་དམག་དཔོན་ཐང་ནག་རྩེ་རྒྱལ་སྲོག་ལ་འབར། །    

ཨ་ནུ་གཟིག་འཕེན་དཔའ་མཛངས་སྟོབས་ལྡན་གྲུབ་ཆེན་སུམ་ཅུའི་ཆེ་མགོ་ཉིད། ། 

 

གདོང་ཆོས་ལུ་དར་འཕེན།

 

འབུམ་པའི་དཔུང་ཡ་ཁྲི་ཐུབ་དཔའ་བོ་དུག་ཤིང་མདུང་གི་འཕྲུལ་ལ་དབང༌། ། 

ཧོར་སེར་དམག་ཆེན་དཀྲུགས་ཚབས་ཆེན་པོས་རྨ་ཉིན་བམ་གྱི་གྲམ་ཐང་བཟོས། ། 

ཕྱག་དང་ཞབས་རྐང་ཁྲག་ཞག་དམ་པོས་མདུང་གི་ཡུ་དང་ཡོབ་ལ་འབྱར། ། 

དགྲ་སྙིང་ཟ་ལ་མྱོས་པར་གྲགས་པ་ཆོས་ལུ་བུ་ཡི་དར་འཕེན་ཙམ།། 

 

སྟག་རོང་ཉ་ཚ་ཨ་བརྟན།

 

ཁྲག་གི་མཚོ་ནས་དུག་གི་མེ་ཏོག་རྣོ་རྩུབ་ཚ་ཚ་འཕྲོ་བ་ཞིག། 

གངས་རི་ལྡིང་ཤེས་ཆིབས་ཆེན་རླུང་གི་གཤོག་པའི་རླབས་ཀྱི་འཕྲུལ་འཁོར་གྱིས། ། 

ཐེའུ་མོ་ཧོར་གྱི་པཱ་ཐུར་རྒོད་པོ་གུང་རྗེ་གཡུ་ཡག་སྲོག་བདུད་དུ། ། 

ཆེད་དུ་བཞེངས་པ་སྐྱེན་པོའི་ཡང་རྩེ་སྟག་རོང་ཉ་ཚ་ཨ་བརྟན་དཔའ། ། 

 

ཨ་ཁུ་ཁྲོ་ཐུང༌།

 

དཔའ་བོའི་རིགས་ཀྱི་དྭངས་རྩེར་འཁྲུངས་ཀྱང་ཝ་སྙིང་ཧོར་སྡེའི་སྔོན་དུ་ལུག། 

མཐུ་དང་རྫུ་འཕྲུལ་ལས་ལ་དབང་ཡང་ཕྱི་ཁུང་ནག་པོར་སྐྱབས་གནས་བཅའ། ། 

གླིང་དཀར་སྟོད་ལ་མེད་མི་རུང་མོད་ཕ་ཇུས་གྲུ་བཞི་དགྲ་ལ་སྤྲད། ། 

གྱོད་ཀྱི་སྣ་འདྲེན་ཨ་ཁུ་ཁྲོ་ཐུང་ཧོར་སེར་རྒྱལ་ཁའི་གྲོགས་སུ་སྣང༌། ། 

 

ལྷ་སྲས་དགྲ་བླ་རྩེ་རྒྱལ།

 

འབུམ་པའི་རིགས་ལས་དུང་སེང་དར་མ་རྩལ་དྲུག་གཡུ་རལ་རྫོགས་པ་ཞིག །  

དགུང་གྲངས་བཅུ་གསུམ་ལང་ཚོའི་མེ་ཏོག་ཡ་ཟི་གྲི་ཡི་བདག་པོ་རུ། ། 

བཞེངས་དང་ལྷན་ཅིག་དགྲ་སྡེའི་ཤུལ་དུ་འཇག་སྐྱས་ཤུགས་གླུ་ལེན་པ་ཡི། ། 

ཡབ་ཀྱི་ཤ་ལན་དགུ་སྐོར་ལེན་ལ་ལྷ་སྲས་དགྲ་བླ་རྩེ་རྒྱལ་བསྔགས།  །

 

༢༠༠༨ ༡ ༢ ཉིན་སྨིན་དབུས་པོས་སོ། །

 

·རྩོམ་ཡིག་གོང་མ:འབའ་གཞས། ལ་གཅིག་གངས་དཀར་ལ་ཡི་ལ་ཁ།
·རྩོམ་ཡིག་འོག་མ:ང་ཚོའི་སོ་ཁི་ར་ཐེ་གང་དུ་ཡོད། ག་ཚོད་ཡོད་དམ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འཇུ་སྐལ་བཟང་གི་དགེ་རྒན་དུས་ཆེན་གྱི་ལེགས་སྐྱེས། 2010/9/9 20:18:12
·ས་དམར་གྲཊ་པས་དགེ་རྒན་དུས་ཆེན་ལ་བྲིས་པའི་སྙན་ངག 2010/9/9 20:12:21
·ཚངས་དབྱངས་རྒྱ་མཚོ། 2010/9/8 16:14:53
·ལྷམ་ཀོག་གི་སྙན་ངག་རིང་མོ། རྨི་ལམ་རིང་བའི་གྲྭ་བ 2010/8/10 23:09:24
·ཆར་གདུགས་འོག་གི་ཞེ་འདང་། 2010/8/5 18:09:34
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 18:58:44 [来自: 112.5.236.197]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 15:32:09 [来自: 111.144.227.221]

 评论者:7SijLE0v
http://www.3145.com/list/18youxiang.htm
http://www.3456.cc/Dianzi_Youxiang/index.html
http://www.3456.cm/mail.htm
http://www.6296.com.cn/s/res.html
http://www.3721.cc/youxiang/
发表时间:2015/12/3 0:01:15 [来自: 111.144.226.138]

འབྲེལ་ཡོད་དཔྱད་བརྗོད 36 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS