དེ་རིང་བོད་ཟླ་༩པའི་ཚེས་༢༢(ལྷ་བབས་དུས་ཆེན་)དྲིན་ཅན་ཕ་མར་དྲིན་ལན་འཇལ་བའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད། ཁ་ཆེ་ཕ་ལུའི་བསླབ་བྱ་ལས་ཚིག་ཁ་ཤས་དྲངས་ཡོད། །
ཨ་མའི་ཨོ་ལོ།
ཚིག ཁ་ཆ་ཕ་ལུའི་བསླབ་བྱ་ལས་བཏུས།
ཆུང་ནས་ཕ་མས་བྱམས་བརྩེའི་ནུ་ཞོས་བསྐྱངས། །
བསམ་རྒྱུ་བུ་དང་དྲན་རྒྱུ་བུ་ལས་མེད། །
བྱ་ལུགས་བྱེད་ལུགས་འགྲོ་ལུགས་སྡོད་ལུགས་བསླབས། །
གང་བྱས་ཡོང་བའི་ཡོན་ཏན་ཕ་མའི་དྲིན། །
བུ་ཡི་དོན་དུ་དཀའ་སྡུག་སྤྱད་སྤྱད་ནས། །
ཕ་མ་ན་སོ་རྒས་པ་ཨེ་ཤེས་ལགས། །
དྲིན་ཅན་དྲིན་དུ་ཤེས་པའི་བུ་ཕྲུག་ཚོ། །
ཉིན་མཚན་མེད་པར་ཕ་མའི་བཀའ་དང་བསྟུན། །
ཞིམ་པོ་ཕུལ་ནས་ཨེ་མཉེས་སེམས་ཀྱིས་ལྟོས། །
སྙན་པོ་ཞུས་ནས་ཐུགས་སེམས་ཨེ་སྤྲོ་ལྟོས། །
ཕ་མ་ཡོད་དུས་བཀའ་དྲིན་མ་གསབ་པར། །
མེད་དུས་འགྱོད་པ་སྐྱེས་ན་འཕྱིས་ལེ་རེད། །