དགའ་ཆབ་མདོ།
ཆབ་མདོའི་བྲོ།
ཨ་ཅང་ཅང་གི་ལ་མོའི་ཕར་ནང་ལ་ཟེར། ལ་མོའི་ཕར་ནང་ལ་ཟེར།
ཁྲ་ལ་སྤུངས་སེའི་དགོན་ཆེན་ཡག་མོ་ཆགས་ཡོད། དགོན་ཆེན་ཡག་མོ་ཆགས་ཡོད།
སེར་ལ་འཁྲིགས་སེའི་ལྷ་དང་བླ་མ་བཞུགས་ཡོད། ལྷ་དང་བླ་མ་བཞུགས་ཡོད།
ཞྭ་སེར་ཕྲེང་སེར་ཆོས་གོས་གསུམ་གྱིས་བརྒྱན་ཡོད། ཆོས་གོས་གསུམ་གྱིས་བརྒྱན་ཡོད།
བཀྲོལ་མི་དགོས་དྲིལ་ཆུང་སི་ལི་ལི། དྲིལ་ཆུང་སི་ལི་ལི།
ཨ་སྔོན་ལྷ་གྲལ་ཡག་བྱུང་། ཁྲི་གདུགས་ལྷ་གྲལ་འགྲིག་བྱུང་།
འོད་ཟེར་པད་མ་འདབ་བརྒྱད། བྲོ་ཡི་མཆོད་པ་འབུལ་ལོ།
གངས་སྟོད་ལྷ་གྲལ་ཡག་བྱུང་། སེང་ལྕམ་ལྷ་གྲལ་འགྲིག་བྱུང་།
གཡུ་རལ་པད་མ་འདབ་བརྒྱད། བྲོ་ཡི་མཆོད་པ་འབུལ་ལོ།
བྲག་སྟོད་ལྷ་གྲལ་ཡག་བྱུང་། བྱ་རྒྱལ་ལྷ་གྲལ་འགྲིག་བྱུང་།
གཤོག་དྲུག་པད་མ་འདབ་བརྒྱད། བྲོ་ཡི་མཆོད་པ་འབུལ་ལོ།