ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན།

  རྩོམ་པ་པོ:རྫ་ཚེ་རིང་བཀྲ་ཤིས།ཡོང་ཁུངས:ངེད་དྲ་།གཟིགས་གྲངས:16676ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2016/3/7 18:08:42ཚོགས་ཡར་སྤྲོད:admin

སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན།

 

རྫ་ཚེ་རིང་བཀྲ་ཤིས།


ཉེ་ཆར་དྲ་ཐོག་ཏུ་ཀོ་ལྷམ་ཞིག་གི་ཐོག་ཏུ་བོད་ཡིག་གི་ཚོང་རྟགས་བོད་བྱང་རྩྭ་ཐང་ཞེས་བྲིས་པ་ལས་འཕྲོས་པའི་གླེང་མོལ་རེ་འགྲོ་བཞིན་འདུག་པ་འདིའི་ཐད་སྒེར་གྱི་བསམ་ཚུལ་མཚོན་པའི་རྩོམ་ཡིག་དུམ་བུ་ཞིག་སྤྱན་འབུལ་ཞུ་འདོད་བྱུང་ཞིང་།


རྩོམ་ཡིག་འདི་སྤྱི་ལོ་༢༠༠༦གི་ལོར་ཕྲན་གྱིས་བྲིས་པའི་《རིག་གཞུང་གི་ཁྲོམ་ར་རིག་གཞུང་གི་ངོ་བོའི་སྟེང་ནས་རྒྱལ་མཚམས་མེད་པའི་འཁོར་བསྐྱོད་བྱེད་དགོས》ཞེས་པའི་རྩོམ་ཡིག་ཅིག་ལས་འདྲེན་བཀོལ་བྱས་པ་ཡིན།


ང་ཚོའི་ཡི་གེ་དེ་ཐབས་དང་ཤེས་རབ་སོགས་ཀྱི་མཚོན་དོན་བཤད་ནས་དད་པ་འཇོག་རྒྱུ་གཙོ་བོ་མིན་པར་སྐད་ཆའི་ཡན་ལག་གམ་ཕན་ཚུན་གོ་བརྡ་སྤྲོད་པའི་ཐབས་ལམ་ཙམ་དུ་བལྟས་ནས་བེད་སྤྱོད་བྱེད་རྒྱུ་དེ་རེད། ཁ་ཅིག་གིས། འདི་རྒྱ་ཡིག་རེད། འདི་བོད་ཡིག་རེད། ཟེར་ནས་བརྗོད་བྱ་ལ་མ་ལྟོས་པའི་དད་པ་ཆེ་ཆུང་གི་བཟོ་ལྟ་ཡོད་པ་འདི་ལ་ངས་ངོས་ལེན་གཏན་ནས་མེད།


ཡང་ཁོང་ཚོས། འོ་ན་ཡི་གེ་ན་ཡན་ཆོད་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་དགོས་པ་ཁས་མི་ལེན་ནམ་ཟེར་འདོག་ཁ་པོ་རེད། འོན་ཀྱང་། དེའི་དོན་ནི་གསུང་རབ་བདེན་བཞིའི་དོན་བརྗོད་བྱར་བྱས་པ་ལ་བརྩི་བཀུར་བྱེད་སྟངས་ཙམ་གསུངས་པ་ལས་ཡི་གེ་སྤྱི་ལ་མིན་ཞིང་། བོད་ཡིག་རྐྱང་པ་ལ་དེ་བས་ཀྱང་མིན། དེ་ནི་ཡི་གེ་གང་ཡིན་ཡང་འདྲ་མཚུངས་ཡིན། ཡི་གེ་ངོ་བོའི་སྟེང་ནས་དགའ་ཞེན་ཆེ་ཆུང་ཡོད་སྲིད་ཀྱང་དད་པ་ཆེ་ཆུང་གང་ཡང་བྱེད་དུ་མེད། དགའ་ཞེན་བྱེད་སྟངས་ནི་ཡི་གེ་དེ་ཉིད་ཀྱི་གཞི་རྩའི་དགོས་འཁོ་མ་བརླགས་པའི་ཐོག་ནས་བེད་སྤྱོད་དགོས་པ་ཁོ་ན་ཙམ་རེད།


མདོར་དྲིལ་ན། མི་རིགས་གཞན་དག་གི་ཡི་གེ་ལྟར་ང་ཚོའི་ཡི་གེ་ཡང་ལྷམ་གྱི་ངོས་ལ་འབྲི་རུང་ལ་ས་གདན་གྱི་ངོས་ལའང་འབྲི་རུང༌། དེ་བཞིན་གཞུང་ལམ་དང་བཞི་མདོ། རྡོ་གཅལ་གྱི་ཐོག་སོགས་མདོར་ན་སྐད་ཀྱིས་ཁྱབ་པའི་ཡུལ་ག་ལ་དེར་ངེས་པར་དུ་སླེབས་སུ་རུང་།

·རྩོམ་ཡིག་གོང་མ:རླབས་ཆེན་གྱི་བཞུད་ལམ།
·རྩོམ་ཡིག་འོག་མ:ལྷ་རིས་སྒྱུ་རྩལ་བ་ཚེ་རྡོ་ལགས་ ཀྱི་སྒྱུ་རྩལ་ལམ་བུ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
·འཛམ་གླིང་དཀར་ཟས་ཉིན་མོ།། 2016/1/10 16:56:00
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:mapioxg
QeM2PP  <a href="http://hfjmqwmtutcz.com/">hfjmqwmtutcz</a>, [url=http://yphhfdiwcogo.com/]yphhfdiwcogo[/url], [link=http://wixganvuwktr.com/]wixganvuwktr[/link], http://glpynmetsjnj.com/
发表时间:2016/6/14 9:20:54 [来自: 46.161.9.32]

འབྲེལ་ཡོད་དཔྱད་བརྗོད 1 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS