ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
 རྩོམ་ཡིག་ཀློག་པ།

དཔེ་ཀློག་གི་གལ་ཆེའི་རང་བཞིན་གླེང་བ་མཛངས་མ་དགའ་བའི་གཏམ།

  རྩོམ་པ་པོ:སྒྲོལ་མས།ཡོང་ཁུངས:ལུག་ཚང་ལས།གཟིགས་གྲངས:16664ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/12/28 21:36:01ཚོགས་ཡར་སྤྲོད:admin
              དཔེ་ཀློག་གི་གལ་ཆེའི་རང་བཞིན་གླེང་བ་མཛངས་མ་དགའ་བའི་གཏམ། 
                                 སྒྲོལ་མས།
 
དེང་སང་གི་བོད་ཀྱི་འཚོ་བའི་ཁྲོད་ལྷག་པར་དུ་སློབ་ཆེན་གྱི་འཚོ་བའི་ཁྲོད། བུད་མེད་རྣམས་ཀྱིས་རང་གིས་རང་ལ་རེ་བ་ནན་པོ་མི་བཅོལ་བ་དང་ཤེས་བྱ་སྦྱོང་བར་སྤྲོ་སྣང་དེ་ཙམ་མེད་པ། ཟང་ཟིང་གི་ལོངས་སྤྱོད་དང་ཕྱི་ལུས་ཀྱི་རྣམ་པའི་མཛེས་བཟོ་ཁོ་ནར་དོ་སྣང་བྱེད་པ་ལས། བོད་རིགས་སྲོལ་རྒྱུན་མཛངས་མའི་ཡོན་ཏན་རྒྱུད་འཛིན་དང་དར་སྤེལ་གཏོང་བར་དེ་ཙམ་སྣང་འཇོག་་མི་བྱེད་པའི་རྣམ་པ་ཞིག་ཐོན་དང་ཐོན་མུས་སུ་མཆིས། བོད་རིགས་བུད་མེད་ཀྱི་སྤྱོད་ཚུལ་ཉམས་ཞན་དུ་འགྲོ་བ་དང་། བོད་རིག་པའི་རིག་གཞུང་དཔྱད་སྟེགས་ཐོག་བུད་མེད་ཀྱི་མཁས་དབང་ཅུང་ཉུང་བའི་སྣང་ཚུལ་དེ་རིང་ཁ་སང་གི་འཚོ་བའི་མེ་ལོང་དངོས་ལས་མཐོང་ཐུབ། གནས་ཚུལ་འདི་འདྲའི་འོག རང་རེ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་མི་རིགས་ཀྱི་མ་འོངས་ལས་དབང་ལ་བསམ་གཞིགས་བྱེད་མཁན་གྱི་བོད་རིགས་བུད་མེད་ཅིག་ཡིན་ན། ངེས་པར་དུ་དཔེ་ཀློག་ལས་དོན་ལ་ཤུགས་སྣོན་བྱས་ཏེ་རང་གི་བློ་སྦྱོང་ཚད་གོང་མཐོར་གཏོང་ཐབས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་ཤིག་ཏུ་མཐོང་། “ཨབ་རས་མཐེབ་ཚོད་ན་སྤེན་པའི་མདའ་གཞུ”ཞེས་པའི་དཔེ་ལྟར་བུད་མེད་ཞིག་ལ་མཚོན་ན། དཔེ་ཀློག་ནི་ཇི་འདྲའི་གལ་འགངས་ཆེན་པོ་ཡིན་པའི་སྐོར་རང་བློས་གང་དཔོག་གིས་མདོར་ཙམ་ཞུ་རྒྱུ་ཡིན།
བོད་མི་རིགས་ནི་གནའ་བོའི་ཤེས་རིག་ལྡན་པའི་མི་རིགས་ཤིག་ཡིན་ཞིང་། སྔར་གྱི་ཆོས་འབྱུང་ལོ་རྒྱུས་ཁག་དང་གནའ་བོའི་ལོ་རྒྱུས་དེབ་ཐེར་ཁག་ལས་གསལ་བར། གངས་ཅན་སྐྱེ་བོའི་འབོར་གྲངས་ཧྲིལ་པོའིི་༥༠%ཡན་ཟིན་པའི་བོད་རིགས་བུད་མེད་ཚོས་མི་རིགས་འདི་ཉིད་ཀྱི་འོད་སྟོང་འབར་བའི་རིག་གནས་གསར་གཏོད་དང་། དར་སྤེལ། རྒྱུན་འཛིན་བཅས་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་ནམ་ཡང་ནུབ་པར་མི་འགྱུར་བའི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད་པ་རེད། དཔེར་ན། བོད་བཙན་པོའི་དུས་ཀྱི“ཡ་རབས་ཚོགས་པའི་བཙུན་མོ་ལྔ”ཞེས་འབོད་པའི་མཁར་ཆེན་བཟའ་འཚོ་རྒྱལ་དང་། མཆིས་བཟའ་ལྷ་མོ་བཙུན། འབྲོ་བཟའ་ཁྲི་རྒྱལ་མོ་བཙུན། ཚེ་སྤོང་བཟའ་མེ་ཏོག་སྒྲོན། ཕོ་རྒྱོང་བཟའ་རྒྱལ་མོ་བཙུན་སོགས་དང་གངས་ཅན་གྱི་བུད་མེད་ལོ་རྒྱུས་མི་སྣ་འདི་དག་ལས་ལ་བརྩོན་ཞིང་སྙིང་སྟོབས་ཆེ་བ་དང་། དེ་བཞིན་བསྟན་པ་ཕྱི་དར་སྐབས་ཇོ་མོ་ཅུག་མོ་བཟའ་དགེ་འདུན་སྐྱིད་སོགས་གྲགས་ཅན་གྱི་ཇོ་མོ་ཉི་ཤུ་རྩ་བདུན་བྱུང་བ། དུས་རབས་བཅུ་གཅིག་སྐབས་མཁའ་འགྲོ་གྲགས་ཅན་བཞི་བྱུང་བ། གཞན་ཡང་རྗེ་བཙུན་རིག་འཛིན་ཆོས་དབྱིངས་བཟང་མོ་ལ་སོགས་དེ་དག་གཤིས་རྒྱུད་བཟང་ལ་བློ་རིག་བཀྲ་བའི་རླབས་ཆེན་གྱི་བུད་མེད་ཅིག་ཏུ་འགྱུར་བ་དེ་ཡང་ལྷ་མོའི་མཐུ་དང་རྫུ་འཕྲུལ་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་ལ། འཇིག་རྟེན་མི་ཡུལ་གྱི་རྒྱུ་ནོར་དབང་ཐང་ལ་བརྟེན་ནས་བྱུང་བ་མ་ཡིན་པར་ཐོས་པ་བསགས་པའི་དྲིན་ལ་བརྟེན་ནས་བྱུང་བ་ཡིན་ནོ། གཞན་ཡང་དཔེར་ན་། མི་ལ་རས་པའི་སློབ་མ་གྲུབ་ཐོབ་མ་དགུ་ལ་སོགས་ཀྱིས་དུས་དང་རྣམ་པ་ཀུན་དུ་དཔེ་ཀློག་ལ་བརྟེན་ནས་རང་ཉིད་ཀྱི་ཤེས་རབ་འཕེལ་བར་བྱེད་པ་དང་། དཔེ་ཀློག་ལ་བརྟེན་ནས་ཐོས་པ་གསོག་པར་བྱེད་པ། དཔེ་ཀློག་ལ་བརྟེན་ནས་རྒྱུན་ཆད་མེད་པར་རང་ཉིད་མཚན་ཉིད་ཡོངས་སུ་ཚང་བའི་མཛངས་མ་ཞིག་ཏུ་འགྱུར་བཅུག་པ་རེད།
འོ་ན་དེང་དུས་བུད་མེད་ཚོས་ཇི་ལྟར་བྱས་ཏེ་རང་ཉིད་ཀྱང་མཛངས་མའི་གྲས་སུ་ཚུད་ཐབས་བྱ་དགོས་ཤེ་ན། དུས་དང་རྣམ་པ་ཀུན་དུ་དཔེ་ཀློག་གི་གོམས་གཤིས་བཟང་པོ་སྐྱོང་བ་ནི་གལ་ཆེའི་ནང་གི་འགངས་ཆེན་རེད། དེ་ཡང་བུད་མེད་ཚོས་དཔེ་ཀློག་ལ་འཇུག་སྐབས་ཐོག་མར་དམིགས་ཡུལ་གསལ་པོ་ཞིག་དང་ཁ་ཕྱོགས་ཡང་དག་ཅིག་དགོས་པ་དེ་བས་གལ་ཆེ། ལྷག་པར་དུ་རང་ཉིད་ཀྱི་ཁྱད་ཆོས་དང་འཚམ་ཞིང་དགའ་ཕྱོགས་དང་མཐུན་པ། དུས་རབས་ཀྱི་དགོས་མཁོ་དང་འཚམ་པའི་དཔེ་དེབ་དག་གདམ་ག་བྱ་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ་བར་མཐོང་། དེང་གི་དཔེ་དེབ་ཁྲོམ་ར་ནི་སྣ་མང་ཕུན་སུམ་ཚོགས་པས་དཔེ་དེབ་ཡོད་དོ་ཅོག་ལྟ་ཀློག་བྱ་ག་ལ་ནུས་ཏེ། ཇོ་བོ་རྗེས། “ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་། ། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། ། ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། ། རང་གི་འདོད་པ་དང་དུ་བླང་བར་བྱ”ཞེས་གསུངས་པ་ལྟར་རང་གི་དད་མོས་དང་བསྟུན་ཏེ་དཔེ་དེབ་ལྟ་ཀློག་ལ་བརྩོན་ན། རང་ཉིད་ཡར་ཐོན་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་པ་གདོན་མི་ཟ་བས། བུད་མེད་རྣམས་ཀྱིས་དཔེ་དེབ་འདམ་ཀ་གནང་སྐབས་ངེས་པར་རང་ངོས་ཀྱི་དམིགས་བསལ་ཁྱད་ནུས་དང་འཚམ་ཞིང་རང་ཉིད་ལ་ལམ་སྟོན་ཐུབ་མཁན་ཞིག་བདམས་རྗེས“དཔེ་ཀློག་དང་བསམ་གཞིག་ཟུང་འབྲེལ། ། དཔེ་ཀློག་དང་རྩོམ་འབྲི་ཟུང་འབྲེལ། ། དཔེ་ཀློག་དང་བེད་སྤྱོད་ཟུང་འབྲེལ། ། དཔེ་ཀློག་དང་གསར་གཏོད་ཟུང་འབྲེལ”གནང་རྒྱུ་དེ་བས་གལ་ཆེ། རྒྱལ་ཁབ་ཅིག་གི་ཕུགས་བསམ་ཡིན་ནའང་འདྲ། མི་རིགས་ཤིག་གི་མདུན་ལམ་ཡིན་ནའང་རུང་། ཁྱིམ་ཚང་ཞིག་གི་རེ་བ་ཟེར་ནའང་ཆོག། དེ་དག་གི་རྨང་གཞི་སློབ་གསོར་རག་ལུས་ཡོད། རྨང་གཞིའི་སློབ་གསོ་ལེགས་ཉེས་ཀྱིས་རྒྱལ་ཁབ་དང་། མི་རིགས། ཁྱིམ་ཚང་གི་ལས་དབང་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཀྱིན་ཡོད། རྨང་གཞིའི་སློབ་གསོ་དེ་ལ་ཕྱོགས་ཁག་མང་པོའི་སློབ་གསོ་ཡོད་དེ། སློབ་གྲྭའི་སློབ་གསོ་དང་། སྤྱི་ཚོགས་སློབ་གསོ། ཁྱིམ་ཚང་སློབ་གསོ་བཅས་ཡོད་པ་རེད། འོན་ཀྱང་སློབ་གསོའི་ཆེས་རྩ་བར་གྱུར་པ་ནི་ཁྱིམ་ཚང་སློབ་གསོ་ཡིན་ཞིང་། ཁྱིམ་ཚང་སློབ་གསོའི་དགེ་རྒན་གཙོ་བོ་ནི་སྐྱེད་མ་ཡིན་པས། དེ་རིང་གི་སློབ་ཆེན་བུད་མེད་ནི་མ་འོངས་ཀྱི་སྐྱེད་མ་ཡིན་པས། སྐྱེད་མ་ཞིག་གི་དཔེ་ཀློག་ནི་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་ཡོད་པ་རེད། དེའང་དཔེ་མཚོན་ཙམ་བགྲངས་ན། དུས་རབས་གོང་མའི་ནང་ཨ་མེ་རི་ཁའི་རིག་གནས་མིའི་རིགས་ཀྱི་མཁས་དབང་ཚོས་ཨ་མེ་རི་ཁའི་སྲིད་འཛིན་རིམ་བྱུང་དང་། ནོ་པེར་བྱ་དགའ་ཐོབ་མཁན། ཁེ་ལས་མཁས་པ་དང་ཚན་རིག་མཁས་པ། སློབ་གསོ་རིག་པ་མཁས་ཅན། དམག་དོན་མཁས་ཅན། དཔལ་འབྱོར་རིག་པ་མཁས་ཅན་སོགས་ཨ་རིའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐུབ་མཁན་གཙོ་གྲས་མི་སྣའི་ཁྱིམ་ཚང་སློབ་གསོའི་རྒྱབ་ལྗོངས་ལ་ཞིབ་འཇུག་དང་བརྟག་དཔྱད་བྱས་པར་གཞིགས་ན། མི་སྣ་དེ་དག་ཁྲོད་ཀྱི༨༠%ཡི་ཁྱིམ་ཚང་སློབ་གསོ་ཕུལ་དུ་བྱུང་ཞིང་། ལྷག་པར་དུ་སྐྱེད་མའི་སློབ་གསོ་རྩེར་སོན་ཤ་སྟག་ཡིན་པ་ཤེས་དུས་ཨ་མེ་རི་ཁའི་སློབ་གསོའི་ཚན་པས་བུད་མེད་ཀྱི་སློབ་གསོར་ཤིན་ཏུ་མཐོང་ཆེན་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད། གཞན་ཡང་འཛམ་གླིང་སྟེང་རྩོད་མེད་ཡོངས་གྲགས་ཀྱི་ཆེས་ཤེས་རབ་ལྡན་པ་དང་ཆེས་རྣམ་དཔྱོད་བཀྲ་བའི་ཡ་ཧུ་དཱ་པའི་ཁྱིམ་སྐྱོང་སློབ་གསོའི་མན་ངག་ཁྲོད། སྐྱེད་མ་ཚོར་རང་གི་བུ་ཕྲུག་དཔེ་ཀློག་ལ་སྐུལ་བའི་ནུས་པ་ཁྱད་དུ་འཕགས་པ་ཞིག་ལྡན་པ་བཤད། དཔེ་གཞི་དེ་དག་ལས་མཐོང་ཐུབ་པ་ནི་བུད་མེད་ནི་འཛམ་གླིང་ལ་ཁ་ཕྱོགས་སྒྱུར་མཁན་དང་། མ་འོངས་ལ་སྣེ་སྟོན་བྱེད་མཁན། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་བྱེད་མཁན་གྱི་གཙོ་ཤུགས་མི་སྣ་ཞིག་ཡིན་དུས་རང་རེ་བོད་ཀྱི་བུད་མེད་ཚོས་དཔེ་ཀློག་ལ་བརྟེན་ནས་རང་རྒྱུད་བཟང་པོ་གསོ་སྐྱོང་དང་། དཔེ་ཀློག་ལ་བརྟེན་ནས་ཤེས་རྒྱ་འཕེལ་ཐབས། དཔེ་ཀློག་ལ་བརྟེན་ནས་མིང་དོན་མཚུངས་པའི་གངས་ཅན་གྱི་སྐྱེད་མ་མཛངས་མ་ཞིག་ཏུ་འགྱུར་བར་བརྩོན་དགོས།
·རྩོམ་ཡིག་གོང་མ:ཐང་གའི་བཟོ་དབྱིབས་སྐོར་བཤད་པ།
·རྩོམ་ཡིག་འོག་མ:ཟོལ་མེད་ཀྱི་སྙིང་གཏམ་དྭངས་མ་ཞེས་བྱ་བ་བཞུགས་སོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·དད་པའི་མེ་ཏོག་རྐང་གཅིག 2013/10/29 22:31:44
·ང་དང་སྙན་ངག། 2012/12/21 20:55:44
·བླ་མ་ཙོང་ཁ་པར་མཇལ་བ། 2012/12/7 19:23:00
·བརྡ་གླུ་བྱིས་པའི་རྩེད་མོ་ཉམས་འགྱུར་སུམ་ལྡན་ 2012/9/27 23:16:29
·ཚོང་ཁང་། སློབ་གྲྭ 2012/6/28 22:50:31
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:xwuhqysdj
sWVHBY  <a href="http://dvamyfqxkpjs.com/">dvamyfqxkpjs</a>, [url=http://dpqzrapmsyyr.com/]dpqzrapmsyyr[/url], [link=http://xfbfnposkojx.com/]xfbfnposkojx[/link], http://ybczlijnhlfy.com/
发表时间:2017/4/3 8:20:41 [来自: 5.188.211.62]

 评论者:avznzlb
5oCFJ2  <a href="http://qfckyvsefssa.com/">qfckyvsefssa</a>, [url=http://rxfprbczdzru.com/]rxfprbczdzru[/url], [link=http://zkjgotobryof.com/]zkjgotobryof[/link], http://pzeshkbjojhl.com/
发表时间:2017/4/3 0:16:55 [来自: 5.188.211.62]

 评论者:okalmv
IqB0Q9  <a href="http://ndhnsvzthxvl.com/">ndhnsvzthxvl</a>, [url=http://axmbwjjnxbmj.com/]axmbwjjnxbmj[/url], [link=http://cxwmyjgkiega.com/]cxwmyjgkiega[/link], http://rabspeznpoju.com/
发表时间:2017/2/21 10:10:51 [来自: 5.188.211.14]

འབྲེལ་ཡོད་དཔྱད་བརྗོད 22 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS