ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
 རྩོམ་ཡིག་ཀློག་པ།

ཨ་མ་དྲན་པའི་གསུང་མགུར།

  རྩོམ་པ་པོ:རྗེ་ཞབས་དཀར་ཡོང་ཁུངས:བཀའ་མགོན།གཟིགས་གྲངས:18434ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/10/10 14:42:27ཚོགས་ཡར་སྤྲོད:admin
༄༅། །ཨ་མ་དྲན་པའི་གསུང་མགུར། 
 
    རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་བརྩམས།
༄༅། །ཉོན་དང་ཚོགས་དྲུག་རང་གྲོལ་བ། །ཚེ་འདིར་མངལ་དུ་བཟུང་བའི་མ། །དྲིན་ཅན་ཡིན་ཞེས་ཁྱོད་གླེང་ན། །སྔོན་ཚེ་སྐྱེ་བ་གྲངས་མེད་པར། །ཕན་བཏགས་ཕ་མ་སེམས་ཅན་རྣམས། །དྲིན་དེ་ལན་ཅིག་མི་དྲན་པ། །ཁྱོད་ལ་ཅི་ཞིག་བྱུང་བ་ཡིན། །ཚ་གྲང་བཀྲེལ་སྐོམ་བཀོལ་སྤྱོད་དང་། །ཞ་ལོང་སྤྲང་པོ་ནད་ཅན་སོགས། །ཉམ་ཐག་མ་གྱུར་སེམས་ཅན་ཀུན། །བློ་ཡིས་འདོར་བར་ནུས་སམ་ཅི། །སེམས་ཅན་ཐམས་ཅད་དྲིན་ཅན་མ། །ཚེ་སྔོན་མ་དང་ཚེ་འདི་ཡི། །མ་ལ་ཁྱད་པར་མེད་དོ་ཞེས། །སངས་རྒྱས་གསུངས་པ་དེ་བདེན་ན། །ཁྱོད་ལ་སྐྱེ་བ་སྔ་ཕྱི་ཡི། །མ་ལ་ཁྱད་པར་ཅིའི་ཕྱིར་བྱུང་། །ཁྱོད་ཀྱིས་ཁྱད་པར་ཕྱེས་པ་ལ། །དགོས་པ་ཅི་ཡོད་བསམ་མནོ་ཐོངས། །མ་གྱུར་སེམས་ཅན་ཀུན་བློས་དོར། །མ་གཅིག་དྲན་པ་ཆགས་ཞེན་ཡིན། །སྙིང་རྗེ་སྐྱེ་བ་ཡིན་མ་སེམས། །ཕྱོགས་རིས་ཆགས་ཞེན་ཡོད་ཕྱིན་ཆད། །ད་དུང་འཁོར་ན་ཐར་མ་རེ། །ཞེན་ཆགས་ཡོད་བཞིན་ཚེ་འདི་ཡི། །བྱ་བ་བློས་བཏང་ཡོད་མ་སྨྲ། །མ་གྱུར་སེམས་ཅན་ཡལ་བར་དོར། །མ་རྒན་དྲན་ནས་ངུ་བ་དེ། །བླ་མ་རྒྱལ་བ་སྲས་བཅས་ཀུན། །སུ་ཡིས་གཟིགས་ཀྱང་ཐུགས་ཀྱིས་ཁྲེལ། །མ་གྱུར་འགྲོ་བའི་དྲིན་དེ་དྲན། །སྡུག་བསྔལ་བསམས་ནས་ཁྱོད་ངུས་ན། །བླ་མ་རྒྱལ་བ་སྲས་བཅས་དགྱེས། །དེ་ཕྱིར་ཚེ་འདིའི་མ་དྲན་བཞིན། །ཉམ་ཐག་མ་གྱུར་སེམས་ཅན་གྱིས། །སྡུག་བསྔལ་མྱོང་བའི་ཚུལ་སོམས་ལ། །མིག་ནས་མཆི་མ་ཡང་ཡང་ཐོངས། །ཚེ་འདིའི་མ་ལ་བྱམས་པ་བཞིན། །མ་གྱུར་འགྲོ་ལ་བྱམས་པ་དང་། །སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་དང་། །ཐེག་པ་ཆེན་པོའི་གྲལ་དུ་ཆུད། །དྲིན་ཅན་ཕ་མ་འགྲོ་དྲུག་རྣམས། །དྲིན་དེ་ཡང་དང་ཡང་དུ་བསམས། །ཚེ་འདིའི་མ་ལྟར་ཕར་བསྐྱངས་ན། །ཚུར་ཡང་བུ་ལྟར་
བྱམས་པར་འགྱུར། །
  ཞེས་པ་འདི་ཡང་ཨ་མ་དྲན་པའི་དུས་ཤིག་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །
·རྩོམ་ཡིག་གོང་མ:གཞས་ཚིག བུ་མོ་ཁྱོད།
·རྩོམ་ཡིག་འོག་མ:འཕྱོངས་རྒྱས། བཙན་པོའི་རྣམ་ཤེས་འཁྱར་བའི་གནའ་བོའི་ཡུལ་གྲུ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:bqkbmk
VggGqX  <a href="http://xoxcszmoauky.com/">xoxcszmoauky</a>, [url=http://vjjfzyofjlvs.com/]vjjfzyofjlvs[/url], [link=http://wfehjtucpixt.com/]wfehjtucpixt[/link], http://altgktswnlfq.com/
发表时间:2017/4/3 12:17:44 [来自: 5.188.211.62]

 评论者:tnryza
50LlTe  <a href="http://rgcdpvvljfva.com/">rgcdpvvljfva</a>, [url=http://yhmwtlcshpqb.com/]yhmwtlcshpqb[/url], [link=http://rforcdzhpkua.com/]rforcdzhpkua[/link], http://rfeinvngqads.com/
发表时间:2017/4/3 4:21:09 [来自: 5.188.211.62]

 评论者:nbkzuskl
2sPxRT  <a href="http://ngkjmauomdng.com/">ngkjmauomdng</a>, [url=http://rknopmshjbip.com/]rknopmshjbip[/url], [link=http://vdrgwcgymfoo.com/]vdrgwcgymfoo[/link], http://oozjigblbpvs.com/
发表时间:2017/2/21 9:47:26 [来自: 5.188.211.14]

འབྲེལ་ཡོད་དཔྱད་བརྗོད 38 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS