གཞས་པ་བྲོ་ར།
ཚིག ཀླུ་མཁར་རྒྱལ།
བུ། གཞས་འདི་དང་པོ(ཡ་ལ)སྨན་ཤར་བུ་མོས་གཏོང་།
གཞས་སྙན་མོ་སྟག་ཤར(ཡ་ལ)སྙན་ལ་འགྲོ་ནི་གཏོང་།
སྟག་ཤར་རའི(ཡ་ལ)སེམས་པ་སྨན་ཤར་བུ་མོར་ཤོར།
སེམས་མཐུན་པའི་གླུ་གཞས་དབྱངས་ལ་བརྒྱུས།
གཞས་བ་བྲོ་ར(ཡ་ལ)བདེ་མོ། གཞས་བ་བྲོ་ར(ཡ་ལ)སྙན་མོ།
མོ། བྲོ་འདི་དང་པོ(ཡ་ལ)སྟག་ཤར་གཞོན་ནུས་འཁྲབ།
བྲོ་ཡག་མོ་སྨན་ཤར(ཡ་ལ)སེམས་ལ་འབབ་ནི་འཁྲབ།
སྨན་བུ་མོའི(ཡ་ལ)སེམས་པ་སྟག་ཤར་གཞོན་ནུར་འཁྲེང་།
ཡིད་མཐུན་པའི་གླུ་བྲོ་དབྱངས་ལ་བསྡེབས།
གཞས་བ་བྲོ་ར(ཡ་ལ)བདེ་མོ། གཞས་བ་བྲོ་ར(ཡ་ལ)སྙན་མོ།
མཉམ་སྡེབ། གཞས་མ་བྲོ་འདི(ཡ་ལ)དང་པོ་བུ་དང་བུ་མོས་འཁྲབ།
གཞས་བྲོ་ཡིད་འབབ(ཡ་ལ)ཀུན་སེམས་དགའ་ནི་འཁྲབ།
བུ་བུ་མོའི་གཅིག་སེམས(ཡ་ལ)གཅིག་ལ་གཏད་ནས་ཡོད།
སེམས་དགའ་བའི་གཞས་བྲོ་དབྱངས་ཀྱིས་བརྒྱན།
གཞས་བ་བྲོ་ར(ཡ་ལ)བདེ་མོ། གཞས་བ་བྲོ་ར(ཡ་ལ)སྙན་མོ།