ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

ཕམ་ཉེས་དང་ཁ་ཕྱོགས།

  རྩོམ་པ་པོ:སྒོང་འོག་སྡིག་རྭས།ཡོང་ཁུངས:dmrjགཟིགས་གྲངས:3931ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/9/3 21:11:40ཚོགས་ཡར་སྤྲོད:admin
ཕམ་ཉེས་དང་ཁ་ཕྱོགས།
 
སྒོང་འོག་སྡིག་རྭས།
 
ཚུར་ལེན་རིང་ལུགས་ཀྱི་སྒམ་དཀྱེལ་ཆེན་པོས།
དཔའ་མཛངས་གཉིས་ལྡན་གྱི་མི་ཆོས་རིག་པ།
བོད་མིའི་ཁྱིམ་སྲིད་ཀྱི་སྲོལ་དུ་བཏོད་ནས། 
ཉམ་ཐག་བོད་མི་ལ་མགོ་འདྲེན་མཛད་པོ། 
མེས་པོ་སྲོང་བཙན་ཁྱེད་དོན་ལྡན་གྱི་བཙན་པོ།
གང་དེའི་རྣམདཔྱོད་ཀྱི་ཐབས་ལམ་ཟབ་མོས།
འཇིག་རྟེན་ཕུན་ཚོགས་ཀྱི་ཤེས་རིག་སྦྲུམ་པའི། 
བཙན་པོའི་རྒྱལ་རབས་ཀྱི་ཕ་གཞིས་བསྐྲུན་སོང་། 
དེ་ནས་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ན།
རིག་གནས་སྤེལ་ཕྱོགས་ཀྱི་རླུང་ཡན་ཞིག་གིས། 
སྲིད་དོན་འཇིག་རྟེན་པས་སྒྲུབ་པའི་སྲོལ་དེར།
ཆོས་པས་ཐེ་ཇུས་ཀྱི་རྨང་གཞི་བཏིང་སོང་། 
ངོ་བོ་གྲུབ་འབྲས་གཉིས་ཡོངས་སུ་འགལ་བའི།
ལྷ་ཆོས་མི་ཆོས་ཀྱི་རིག་གཞུང་གཉིས་པོ།
ཉ་ཉུང་མཉམ་བསྲེས་ཀྱི་ས་བོན་དེ་དག།
བཙན་པོའི་ཁྱིམ་གཞིས་ཀྱི་ཞིང་སར་སྐྱེས་སོང་། 
ལུགས་སྲོལ་དེ་དག་གིས་ནང་རྐྱེན་བྱས་པས།
བན་བོན་གྲུབ་མཐའི་བར་འཐབ་རྩོད་བྱུང་ཞིང་།
ཆོས་བློན་སྲིད་བློན་དབར་འགལ་ཟླ་ལྷགས་ཏེ།
ཐུ་བོད་བཙན་རྒྱལ་དེ་སིལ་བུར་ཐོར་སོང་།
དེའི་ཚེ་ཐང་དམག་གིས་དཔའ་གླུ་བླངས་ཤིང་། 
མཐའ་མཚམས་སོ་བློན་གྱི་སྙིང་སྟོབས་ཉམས་པས། 
སྟོབས་ལྡན་བོད་པ་ཡི་ཁྱིམ་གཞིས་དྲོན་མོ།
ཉམ་ཐག་གྲང་རླུང་གིས་ཕྱོགས་བཞིར་གཏོར་སོང་། 
བསིལ་བུའི་དུས་ངན་གྱི་རླུང་འཚུབ་ཁྲོད་དུ།
མགོན་མེད་སྐྱབས་མེད་ཀྱི་བོད་འབངས་དེ་དག།
རུས་ཚན་ལུང་ཚན་གྱི་ཕྱོགས་ཁག་གྱེས་ཏེ།
ཕྱི་ཞུམ་ནང་སྟག་གི་ལམ་བུར་བསྐྱོད་སོང་། 
དུས་བབས་སྐྱོ་པོ་དེའི་ལོ་ཟླའི་ཁྲོད་དུ། 
སྐྱེས་ཆེན་འགའ་ཞིག་གིས་གསེར་ཡོན་བསྣམས་ཤིང་། 
དཀའ་བ་བརྒྱ་ཕྲག་དག་ཁུར་དུ་བཟོད་ནས།
ཡུལ་དབུས་འཕགས་ཡུལ་གྱི་ཆོས་ལུགས་ཁྲོད་ནས། 
ལྟ་བ་རྟེན་འབྱུང་ལ་འཚེ་མེད་སྤྱོད་པའི།
ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི། 
ཐུབ་བསྟན་རིན་ཆེན་གྱི་ཉིན་བྱེད་བསུས་སོང་། 
འོན་ཏེ་ནང་ཆོས་ཀྱི་དྲི་མེད་གཞུང་ལུགས། 
དབང་བསྒྱུར་གྲལ་རིམ་པས་ལག་ཆར་སྤྱད་དེ། 
སྲིད་དབང་འཛིན་ཆེད་དུ་བེད་སྤྱོད་བྱས་པས། 
ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དར་སོང་། 
ཆོས་ཀྱི་བསླབ་བྱ་དག་ཁྲིམས་སུ་བཅས་ཏེ།
ཡུལ་དེའི་མི་དམངས་ཀྱི་ཁ་ལོ་བསྒྱུར་ཞིང་། 
ལྷ་ཆོས་རིག་གནས་ཀྱིས་སྲོག་ཤིང་བྱས་པས། 
མི་ཆོས་ཁྱིམ་སྲིད་ཀྱི་འདུ་ཤེས་བརླགས་སོང་། 
ལམ་ལུགས་དེ་ཉིད་ཀྱི་ཤུགས་རྐྱེན་འོག་ཏུ། 
རང་གི་གྲུབ་མཐའ་དེའི་སྟོབས་ཤུགས་རྒྱས་ཕྱིར། 
ཉེ་འབྲེལ་རྒྱལ་ཁབ་ཀྱི་དམག་དཔུང་བསུས་ཏེ།
གྲུབ་མཐའ་གཞན་དག་གི་གཉའ་ནས་མནན་སོང་།
རང་ལྟ་མཆོག་འཛིན་དེས་ཉེར་ལེན་བྱས་ཏེ།
གྲུབ་མཐའ་ཕན་ཚུན་དབར་འགལ་ཟླ་ལྷགས་ཤིང་། 
ཕྱོགས་གཏོགས་མི་སེར་གྱི་བསམ་བློ་བསླུས་ཏེ།
གྲུབ་མཐའི་ཐེན་འཁྱེར་གྱི་ཆག་སྒོ་བསླངས་སོང་།
ཆག་སྒོ་ཆེན་པོ་དེས་རྙོག་དྲ་བསླངས་ཏེ།
ས་སྐྱའི་དུས་རབས་ནས་ད་ལྟའི་བར་དུ། 
གྲུབ་མཐའི་ཕྱོགས་རིས་ཀྱི་སྦྱོར་བ་རིམ་པས། 
ཁ་བ་གངས་ཅན་གྱི་ཞིང་ཁམས་འདི་ལ། 
ཆོས་དང་ཆོས་ལུགས་ཀྱི་བྱེད་སྒོ་མ་གཏོགས། 
རིག་གནས་གཞན་དག་གི་སྐྱེ་སྒོ་བཀག་སོང་། 
ཡུལ་ལུང་ཤོག་ཁག་གི་འགལ་ཟླ་བཟོས་སོང་། 
མཆོད་གཞིས་བདག་དབང་གི་ཐོབ་ཐང་བརྩད་སོང་། 
བླ་སྤྲུལ་ཡང་སྲིད་ཀྱི་ལམ་སྲོལ་གཏོད་སོང་།
གཞན་ལ་མགོ་བཏགས་ཀྱི་སྤྲེལ་ལད་འཁྲབ་སོང་།
གནམ་བསྐོས་གོང་མ་རྣམས་མི་ལས་འདས་པའི།
འཇམ་དབྱངས་སྤྲུལ་པ་རུ་དྲིལ་བསྒྲགས་བྱས་སོང་། 
ལྷ་ལུང་འདྲེ་ལག་གི་གོ་སྐབས་བསྐྲུན་སོང་།
དད་ལྡན་མང་ཚོགས་རྣམས་རྨོངས་སུ་བཅུག་སོང་།
ཆོས་མེད་སྲིད་མེད་ཀྱི་སྡིག་ཉེས་བསགས་སོང་།
དེ་དང་དེ་དག་ནི་མཛད་པར་ངོམས་སོང་།
བསྒྱུར་དུ་མེད་པ་ཡི་བྱས་རྗེས་ཆགས་སོང་། 
ལུགས་སྲོལ་དེ་དག་གིས་ཕྱི་ནང་བཏུམས་པའི། 
སྲོལ་རྙིང་མཁྲེགས་འཛིན་གྱི་ཞིང་ས་རྒོད་པོར། 
སྙིགས་དོར་བཅུད་ལེན་གྱི་ས་བོན་བཟང་པོ། 
དཔྱོད་ལྡན་འགའ་ཞིག་གིས་བཏབ་པར་མཛད་ཀྱང་།
ཨུ་ཚུགས་མཁན་པོ་ཚོས་དྲུངས་ནས་ཕྱུངས་སོང་།
སྒོ་བསྡམས་སྲོལ་ངན་གྱི་རལ་གྲི་རྣོན་པོས།
གུ་ཡངས་སྒམ་དཀྱེལ་གྱི་མྱུ་གུ་བཅད་ནས། 
སྒེར་སྡོམ་བསམ་བློ་ཡི་བྱེ་ཐང་ཆེན་མོ།
མདོ་དབུས་གཙང་གསུམ་ལ་རྒྱ་བསྐྱེད་བྱས་སོང་། 
རིག་གནས་དེ་འདྲ་ཡི་བག་ཆགས་སྟུག་པོས།
ལོ་ངོ་བརྒྱ་ཕྲག་རིང་ཁ་ལོ་བསྒྱུར་བས།
བཙན་པོའི་དུས་སྐབས་སུ་དར་སྤེལ་བྱུང་བའི། 
ཚུར་ལེན་གསར་གཏོད་ཀྱི་སྲོལ་རྣམས་ཉམས་ཏེ། 
རིམ་གྱིས་རྙིང་ཞེན་གྱི་རྒྱ་རུ་ཚུད་ཅིང་།
ཡར་བརྩོན་བསམ་པ་ཡི་དྲི་དང་བྲལ་ཏེ། 
ལྟོ་གོས་ཙམ་ཞིག་ལ་ཆགས་ཤིང་ཞེན་པའི། 
གླེན་པའི་རང་བཞིན་དེ་སྐྱེད་བསྲིང་བྱས་སོང་། 
དམ་པའི་ཆོས་ལུགས་ལ་དད་རྐང་མི་ཚུགས། 
ཁྱིམ་སྲིད་རིག་གནས་ཀྱི་འདུ་ཤེས་ཤོར་བའི། 
རང་ཚུགས་མེད་པ་དེས་ད་བར་བསླུས་ཀྱང་། 
ལམ་སྟོན་འབྱེད་མཁན་གྱི་སློབ་དཔོན་ཉུང་བ། 
རིན་བྲལ་སྐད་ཡིག་གི་བདེ་ཐང་ལུས་པོར། 
སྐད་ཆ་མཉམ་བསྲེས་ཀྱི་འགོས་ནད་ཕོག་ནས། 
ཕུ་མདའ་མེད་པ་ལ་གཅོང་ནད་ཕོག་ཀྱང་། 
སྐད་བཅད་ལོ་ཙཱ་ནི་ཉིན་མོའི་སྐར་མ། 
ཆོས་ཚིག་ཐ་སྙད་ཀྱིས་ཡོངས་སུ་ཕྱུག་ཀྱང་། 
སྲིད་ཚིག་ཐ་སྙད་ཀྱིས་དབུལ་ཞིང་ཕོངས་ལ།
ཚན་རིག་རིག་གནས་དང་ཁྲིམས་ལུགས་སོགས་ཀྱི།
རྒྱུན་སྤྱོད་ཤེས་བྱའི་ཐོག་སྤྱོད་སྒོ་མེད་པའི།
རང་རེའི་སྐད་ཡིག་གི་གནས་བབ་འདི་ལ། 
དེང་དུས་མཁས་པ་ཚོས་དགོངས་བཞེས་མེད་པ། 
འོན་ཏེ་བོད་ཡུལ་གྱི་ས་ཕྱོགས་གང་སར།
བོད་ཀྱི་རིག་གནས་ལ་མཐོང་ཆེན་བྱེད་པའི། 
ཚ་ཚ་འུར་འུར་གྱི་རྣམ་པ་གླེང་ན། 
མ་ཉམས་རྒྱུན་འཛིན་གྱི་བྱེད་སྒོ་གླེང་ན། 
ཉམས་པ་སོར་ཆུད་ཀྱི་ཕན་ཡོན་བཤད་ན། 
དངོས་མིན་རིག་གནས་ལ་སྲུང་སྐྱོབ་བྱེད་ཅེས། 
འཕྲིན་ལམ་གསར་ལམ་གྱི་དྲིལ་བསྒྲགས་མང་ཞིང་། 
རྒྱུན་འཛིན་མི་སྣ་ཡི་ཕྱག་རྩལ་སྣ་ཚོགས།
འགྲེམ་སྤེལ་ཚོང་གསུམ་ནི་ཚ་ཚ་འུར་འུར། 
ལྷ་མོའི་འཁྲབ་གཞུང་གི་འཁྲབ་སྟོན་རུ་ཁག
གཅིག་རྗེས་གཉིས་མཐུད་ནི་ཆར་རྗེས་མྱུ་གུ། 
གེ་སར་ཞིབ་འཇུག་ནི་མཁས་པའི་གཙུག་རྒྱན། 
གེ་སར་སྒྲུང་པ་ནི་ཆོས་སྐྱོང་ཕེབས་ཕེབས། 
རིག་གནས་སྣ་ཚོགས་ལ་ཕུལ་དུ་བྱུང་བའི། 
དགེ་རྒན་ཆེ་མོ་ནི་ཧ་ཅང་མང་ཞིང་། 
ཆེད་ལས་ལག་རྩལ་པའང་ཉུང་ཉུང་མ་ཡིན། 
དེ་དང་དེ་དག་ནི་གངས་ཅན་ལྗོངས་འདིའི་། 
ཤེས་ལྡན་མི་སྣ་ཡི་ཁྱད་འཕགས་མཛད་རྗེས། 
ཡར་རྒྱས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ། 
གནམ་ས་བླ་འོག་གི་གྲུབ་འབྲས་བཟང་པོ། 
འོན་ཀྱང་དོན་དངོས་ཀྱི་གནས་སྟངས་གླེང་ན། 
རང་རེའི་ཡོན་ཏན་པར་དུས་དང་མཐུན་པའི།
སྣེ་ཁྲིད་ལམ་སྟོན་གྱི་ནུས་པ་མེད་སྟབས།
འབྱུང་སྤུས་སློབ་གསོ་ལ་གསོན་ཤུགས་བྲལ་ཏེ། 
མི་གཞིའི་ཀུན་སྤྱོད་ནི་ཇེ་སྡུག་ཇེ་སྡུག
རིག་གནས་ཕལ་ཆེར་ནི་གཟི་བརྗིད་ཁོག་སྟོང་།
མིག་མཐོང་ལག་ཟིན་གྱི་དཔེ་མཚོན་དྲངས་ན། 
རིག་གནས་སློབ་སྦྱོང་ལ་དགའ་ཞེན་མེད་ཅིང་། 
ཡོད་ཀྱང་ལྟོ་གོས་ཀྱི་ཆེད་དུ་མ་གཏོགས།
མི་རིགས་ཡར་རྒྱས་ཀྱི་བསམ་བློ་མེད་པ། 
དུས་རབས་ཉེར་གཅིག་གི་བོད་རིགས་སློབ་མ། 
སློབ་གསོའི་ལས་རིགས་ལ་དང་དོད་མེད་ཅིང་།
ཡོད་ཀྱང་ལྟོ་ཕོགས་ཀྱི་ཆེད་དུ་མ་གཏོགས།
མི་གཞི་གསོ་སྐྱོང་གི་འདུ་ཤེས་ཞན་པ། 
དུས་རབས་ཉེར་གཅིག་གི་བོད་རིགས་དགེ་རྒན། 
རྒྱ་ཡིག་ཆུ་ཚད་ཀྱི་ཤེས་ཚད་ངོམས་ཤིང་།
སྔོན་ཐོན་བསམ་བློ་ཞིག་ཡོད་མདོག་འཁུར་ཏེ། 
སྐད་ཆ་མཉམ་བསྲེས་དེ་རྒྱན་ཆར་རློམས་ཀྱང་། 
ཐོབ་དང་གོ་ས་ཡི་དབང་དུ་སོང་ནས།
རང་རིགས་སྤུན་ཟླ་ཡི་མདུན་ལམ་ཐད་ལ། 
ལ་རྒྱ་ལྷག་བསམ་གྱི་དུངས་ཞེན་མེད་ཅིང་། 
བདེན་པའི་གནས་ལུགས་ལ་གཡོལ་ཞིང་འཚོ་བ།
དེང་རབས་བོད་རིགས་ཀྱི་ལས་བྱེད་མི་སྣ།
དབང་ཆ་ཅུང་ཟད་ཀྱིས་ཡོངས་སུ་སྦྲིད་ཅིང་། 
བདེན་པའི་གཅེར་བུ་ལ་རྫུན་གོས་གཡོགས་མཁས། 
དམངས་ཀྱི་བདེ་སྡུག་ལ་བསམ་གཞིགས་ལར་མེད།
ཝ་སྐྱེས་རྒྱལ་པོ་ཡི་རྣམ་ཐར་སྐྱོང་མཁན།
མགོ་འདྲེན་ལྟག་སྒོ་ཡི་ལམ་བུ་ཕྱེ་སྟེ། 
ཕལ་པའི་བུ་ཕྲུག་གི་མདུན་ལམ་གཡུགས་མཁན། 
བོད་རིགས་ལས་བྱེད་པའི་དབུ་ཁྲིད་མི་སྣ།
ཁྲོམ་རྭའི་དཔལ་འབྱོར་གྱི་ཚ་རླབས་ཁྲོད་དུ།
དབུལ་བཅོས་ཕྱུག་འགྱུར་གྱི་སྣེ་ཁྲིད་ལམ་སྟོན། 
འབྱོར་ལྡན་མི་དྲག་གི་མིང་ཆེན་འཁུར་ནས།
རིག་གནས་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཁུལ། 
དོན་དུ་མེས་པོ་ཡི་ཤུལ་གཞག་ཚོང་བསྒྱུར། 
ཡང་ན་འགའ་ཞིག་གིས་དགོན་པ་ཁག་ལ། 
བསྟན་པའི་སྦྱིན་བདག་གི་མིང་ཆེན་འཁུར་ཡང་། 
མངའ་འོག་ལས་མི་ལ་གླ་ཆ་མི་སྤྲོད།
ཕལ་ཆེར་ཨར་ཁང་ཙམ་དོན་དུ་གཉེར་རམ། 
ཡང་ན་ནང་མ་སོགས་གཉེར་བ་ཙམ་ལས། 
སློབ་གསོ་འཕེལ་རྒྱས་ལ་རོགས་སྐྱོར་མེད་པ། 
བོད་རིགས་ཕྱུག་བདག་གི་ཚོང་གཉེར་བྱ་གཞག
རིགས་རྒྱུད་གཅིག་པ་ཡི་བོད་ཕྲུག་ཡོད་རུང་།
རྒྱ་དང་ཁ་ཆེ་ཡི་མནའ་མར་སོང་སྟེ། 
རིགས་རྒྱུད་མཉམ་བསྲེས་ཀྱི་བུ་ཕྲུག་སྐྱེས་ནས། 
བོད་པའི་བུ་མོ་ཡི་ཞབས་འདྲེན་ཞུ་མཁན།
མགོ་ཡོད་ཀླད་མེད་ཀྱི་བོད་མོ་འགའ་ཞིག
དོན་དམ་ལས་འབྲས་ལ་དོ་སྣང་མེད་ཅིང་། 
གནས་བསྐོར་གནས་མཇལ་ལ་རབ་ཏུ་དགའ་ཞིང་།
བསངས་གསོལ་འཕྲིན་བཅོལ་ལ་རེ་དད་ཆེ་བ།
དེང་དུས་བོད་རིགས་ཀྱི་ཆོས་དད་མི་སྣ།
བདེན་པ་བདེན་ཐུབ་ཀྱི་བརྗོད་བྱར་གཡོལ་ཞིང་། 
ངོ་དགའ་སྤྲེལ་ལད་ཀྱི་བརྩམ་བྱ་སྣ་ཚོགས།
རང་གི་ཁེ་གྲགས་ཕྱིར་འགྲེམས་སྤེལ་བྱེད་མཁན།
དེང་དུས་བོད་རིགས་ཀྱི་རྩོམ་རིག་ལྷན་ཚོགས།
གཞས་གདངས་ཕལ་ཆེར་ནི་གཅིག་ཏུ་སྣང་ཞིང་།
གཞས་ཚིག་ཕལ་ཆེར་ནི་བསྟོད་ཚོགས་ཀྱིས་གྲུབ།
དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཉུང་ཞིང་།
དོན་དངོས་སྤྱི་ཚོགས་ཀྱི་འཚོ་བ་མི་མཚོན། 
མེད་ཀྱང་ཡོད་མདོག་གི་དྲིལ་བསྒྲགས་རུ་ཁག། 
ཁ་བ་གངས་ཅན་གྱི་གླུ་པ་གླུ་མ།
རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ཁྲོད་དུ། 
བཤད་སྒྲུབ་བསྟན་པ་ལ་ཆག་གྲུམ་ཤོར་ཡང་།
གྲྭ་ཚང་ཁང་ཚན་གྱི་ཞིག་གསོས་བྲེལ་ཞིང་། 
སྲུང་བ་སྲུང་འཁོར་གྱི་ཁྲོམ་རྭ་ཆེན་མོ། 
དགོན་པ་གྲྭ་ཚང་ནི་ཡུལ་སྐོར་ལྟེ་གནས། 
བོད་ཀྱི་སྤྱི་ཚོགས་ནི་དེ་ལྟ་དེ་ལྟར།
དགེ་མཚན་ཅུང་ཟད་དག་ཡོངས་སུ་སྦས་ཤིང་། 
སྐྱོན་ཆ་ཕྲ་མོ་ནས་ཐེར་འདོན་བྱས་པའི།
གནའ་དེང་ཁ་སང་གི་ཕམ་ཉེས་ཕལ་ཆེར། 
སྤུན་ཟླ་མང་མང་གི་རྣ་བར་སུན་ཡང་། 
ཨུ་ཚུགས་མཁན་པོ་ཚོར་ཆེད་དུ་དམིགས་ནས། 
མ་བྲིས་ཀ་མེད་ཀྱི་སེམས་ཚོར་དྲག་པོས།
མི་མཛེས་མི་སྙན་གྱི་གཏམ་ཉོག་ཐལ་སོང་། 
འོན་ཀྱང་གོང་སྨོས་ནི་དོན་དངོས་གནས་ཚུལ། 
བོད་རིགས་མི་དམངས་ཀྱི་ཚབས་ཆེའི་ཉེན་ཁ། 
སླར་ཡང་བློ་ཕམ་གྱི་དཔེ་འགའ་དྲངས་ན། 
ཡང་བཤད་བསྐྱར་བཤད་ཀྱི་ནན་བཤད་བྱས་ན། 
༡ གྲུབ་མཐའི་ཞེན་འགོག་གི་བག་ཆགས་མཐུག་ཅིང་།
༢ རྩ་ས་རྩོད་གླེང་གི་དཔའ་ངར་ཆེ་ལ།
༣ ལུང་ཚན་དབྱེ་འབྱེད་ཀྱི་གོམས་གཤིས་ཟབ་པའི།
སྐྱོན་ཆ་དེ་དག་གིས་ང་ཚོ་ཕུང་སོང་།
༤ཆང་འཐུང་རྒྱན་འགྱེད་ལ་ཚོད་འཛིན་མེད་ཅིང་། 
༥ རིག་གནས་སློབ་སྦྱོང་ལ་དགའ་ཞེན་མེད་པ།
༦སོས་དལ་བག་མེད་ཀྱིས་ཉིན་མཚན་འདའ་བའི།
སྐྱོན་ཆ་དེ་དག་གིས་ང་ཚོ་ཕུང་སོང་།
༧ གཡས་གཡོན་མི་རིགས་ལ་དཔེ་ལྟ་མི་ཤེས། 
༨ འགྲན་རྩོད་ཁྲོམ་རྭ་ཡི་གནོན་ཤུགས་མི་ཚོར། 
༩ ནམ་ཡང་གཞན་རིགས་ཀྱི་ཐོན་རྫས་སྤྱོད་པ།
སྐྱོན་ཆ་དེ་དག་གིས་ང་ཚོ་ཕུང་སོང་།
༡༠ ཁོར་ཡུག་འབག་བཙོག་ནི་རུལ་དྲི་ལྷང་ལྷང་། 
༡༡ སྐད་ཡིག་ཉམས་ཆག་ནི་རླུང་ཁྲོད་མར་མེ།
༡༣ རིགས་ཞེན་འདུ་ཤེས་ནི་ཝ་སྐྱེས་རྒྱལ་པོ། 
སྐྱོན་ཆ་དེ་དག་གིས་ང་ཚོ་ཕུང་སོང་།
ད་ནི་ཕམ་ཉེས་ཀྱི་འབྱུང་རྩ་དེ་དག། 
ང་དང་ཁྱེད་ཅག་གི་ངོས་འཛིན་གནང་སྟེ། 
འབྱུང་འགྱུར་རང་རིགས་རྣམས་གཞན་རྗེས་ཟིན་ཕྱིར། 
དཔལ་ཡོན་གཉིས་ལྡན་གྱི་མི་རིགས་ཆགས་ཕྱིར།
འགན་འཁྲིའི་འདུ་ཤེས་ཀྱི་ཀུན་སྤྱོད་ལྡན་ཕྱིར།
འཚོ་གནས་མི་ཆོས་ཀྱི་འདུ་ཤེས་ལྡན་ཕྱིར།
འཇིག་རྟེན་འཇིག་རྟེན་པས་སྐྱོང་ལུགས་ཤེས་ཕྱིར། 
གདུང་སེམས་མཉམ་བསྐྱེད་ཀྱིས་ལག་གདང་སྦྲེལ་ཤོག།
གང་ནུས་ཅི་ནུས་ཀྱིས་རིག་པ་སྒྲིམས་ཤོག།
·རྩོམ་ཡིག་གོང་མ:ཡིན་པས་དང་འདུག་གས་ཞེས་པའི་ཡིག་ཐོབ་གང་ཡིན་ལ་རགས་ཙམ་དཔྱད་པ།
·རྩོམ་ཡིག་འོག་མ:གཞས་ཚིག ནམ་མཁའི་ལྷ་མོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·སྒྲོལ་མ་རྣམས་དང་འབྲེལ་བའི་སྙན་ངག་གི་ལེ་ཚན། 2013/3/20 11:10:48
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:vqpakygtvx
7KUQ8Z  <a href="http://wptqaqudzbbg.com/">wptqaqudzbbg</a>, [url=http://ttmvzdehwamy.com/]ttmvzdehwamy[/url], [link=http://rbpbykoxqxvu.com/]rbpbykoxqxvu[/link], http://mlmicfreyczz.com/
发表时间:2017/2/21 8:13:49 [来自: 5.188.211.14]

 评论者:lnebfksmnjw
1kTps6  <a href="http://sxbtvlnvsklp.com/">sxbtvlnvsklp</a>, [url=http://ohlshwrevhbe.com/]ohlshwrevhbe[/url], [link=http://mqeqzropitiz.com/]mqeqzropitiz[/link], http://meadtobwllku.com/
发表时间:2017/2/21 8:08:17 [来自: 5.188.211.11]

 评论者:kehjliypjg
AQcHqw  <a href="http://auweqxeokgai.com/">auweqxeokgai</a>, [url=http://xwilupdlvams.com/]xwilupdlvams[/url], [link=http://jqdiadzvjqfz.com/]jqdiadzvjqfz[/link], http://sukcqljmkbts.com/
发表时间:2017/2/21 7:49:41 [来自: 5.188.211.13]

འབྲེལ་ཡོད་དཔྱད་བརྗོད 29 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།30.03MS