ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
 རྩོམ་ཡིག་ཀློག་པ།

གླུ་མ་བསྟན་པ་དབང་མོའི་རང་མདངས་གླེང་བ།

  རྩོམ་པ་པོ:མེ་ལོང་ནག་པོ།ཡོང་ཁུངས:བོད་རིག་གནས་གཟིགས་གྲངས:1452ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/8/21 18:16:02ཚོགས་ཡར་སྤྲོད:admin
 

 

གླུ་མ་བསྟན་པ་དབང་མོའི་རང་མདངས་གླེང་བ
 

མེ་ལོང་ནག་པོ།

 

   མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གིས་སྤྱི་ཚོགས་འདུ་ཤེས་ནི་སྲོལ་རྒྱུན་དང་ལོ་རྒྱུས་ཡང་དག་པའི་བསམ་བློ་ཡིན་པས་ན་ཅིས་ཀྱང་ང་ཚོས་སྲོལ་རྒྱུན་དང་བསམ་བློ་ལ་བརྩི་བཀུར་བྱེད་དགོས། འོན་ཏེ་ང་ཚོས་སྲོལ་རྒྱུན་ལ་དཔྱད་འཚོལ་མི་བྱེད་པར་སྲོལ་རྒྱུན་ལ་བླངས་དོར་བྱས་ཚེ་ལྟ་ལོག་དང་བདུད་དུ་བརྩི་བ་ནི་ནོར་འཁྲུལ་ཞིག་རེད།དེ་ན་ང་ཚོ་སྲོལ་རྒྱུན་ལ་ཡང«གསར་བརྗེ»བྱས་ཏེ་བླངས་དོར་གྱི་མཐའ་བཅོས་བྱས་པའི་རིག་གནས་གསར་བ་དེས་རིགས་ལ་བསམ་བློ་ཟེར། དེས་ན་ང་ཚོས་སྲོལ་རྒྱུན་དུ་རིག་གནས་ལ་རིག་གནས་ཆེ་བ་ལྔ་བཟོ་གསོ་སྒྲ་ཚད་མ་ནང་བསྟན་རིགས་པདང་ཆུང་བ་ལྔམངོན་བརྗོད་ཟློས་གར་རྩིས་སྙན་ངག་སྡེབ་སྦྱོརརིག་པའི་གནས་བཅུ་ཡོད་པ་རེད། དེ་ཡང་ནང་གསེས་ཀྱི་རིག་གནས་ཆུང་བ་ལས་ཟློས་གར་གྱི་རིགས་ལ་ཅུང་ཙམ་དཔྱད་པར་བྱ། ཟློས་གར་ལ་ཡང་དབྱེ་ན་གླུ་དང་གར་དམངས་སྒྲུང་ལོ་རྒྱུས་སོགས་མང་པོ་ཞིག་ཡོད། དེ་ལས་ཀྱང་འདིར་འཆད་བྱ་གཙོ་བོ་ནི་གླུ་ལེན་ཟློས་གར་གྱི་ཆ་ནས་བཤད་པར་བྱ་སྟེ། དོམ་དམ་པར་ཟློས་གར་ཞེས་པ་ནི་སྒྱུ་རྩལ་གྱི་ཆ་ཞིག་སྟེ་རྒྱུ་རྩལ་རང་བཞིན་གྱི་བརྩམས་བྱ་ཞིག་ལ་ངོས་བཟུང་ན་སྐྱོན་ཅི་ཡང་མེད། སྒྱུ་རྩལ་ཞེས་པ་ལ་རིགས་མང་སྟེ་སྙན་ངག་རྒྱུ་རྩལ་དང་སྐད་ཆའི་རྒྱུ་རྩལ་ལང་ཚོའི་རྒྱུ་རྩལ་གླུ་ལེན་རྒྱུ་རྩལ་དང་མི་ཚེའི་རྒྱུ་རྩལ་མདོར་ན་རྒྱུ་རྩལ་ཞེས་པ་ནི་གཞན་གང་ལའང་མི་འདྲ་བའི་ཆ་ལ་ཟེར་ཞིང་རྒྱུ་རྩལ་ནི་སུ་དང་གང་ལ་ཡོད་པ་ཞིག་དང་སུ་ལ་འང་ཡོད་ཆོག་ཆོག་གི་བྱ་དངོས་ཤིག་ཡིན། འོན་ན་རྒྱུ་རྩལ་པ་ཞེས་ལོགས་སུ་དགར་བ་ལ་རྒྱུ་མཚན་མི་འདུག་ཅེས་དྲིས་ན་འདི་ལྟ་དེ་ནི་རྒྱུ་རྩལ་ལ་ཞིབ་འཇུག་དང་རྒྱུ་རྩལ་གྱིས་ཀྱང་རྒྱུ་རྩལ་ཅིག་ཡོད་པས་ན་རྒྱུ་རྩལ་པ་ཞེས་ལོགས་སུ་དགར་བར་འདོད། དཔེར་ན་བོད་མདོ་དབུས་ཁམས་གསུམ་ན་རྒྱུ་རྩལ་པ་ཞེས་གྲགས་པའི་དགེན་སྨན་བླ་སྐྱབས་ལ་མཚོན་ན་སྙན་ངག་རྒྱུ་རྩལ་དང་གར་ཆུང་སྒྱུ་རྩལ་གླུ་ཚིག་རྒྱུ་རྩལ་སྐད་ཆའི་སྒྱུ་རྩལ་དེ་འདྲེས་སྒྱུ་རྩལ་གྱིས་བྱུག་པའི་རྒྱུ་རྩལ་པ་སྟེ་རྒྱུ་རྩལ་ཡང་དག་གི་སྒྱུ་རྩལ་པ་ཞེས་ལོགས་སུ་དགར་བའོ།། སྒྱུ་རྩལ་ཡོད་པ་ཙམ་གྱིས་རྒྱུ་རྩལ་པ་མི་ཟེར་བར་རྒྱུ་རྩལ་པ་ཞིག་བྱེད་ན་འདོད་ཚེ་སྒྱུ་རྩལ་རང་བཞིན་ཅན་དང་སྒྱུ་རྩལ་གང་མང་མང་ཞིག་ལ་སྦྱང་བར་གྱིས་ཤིག ང་ཚོས་དེ་སྔོན་གྱི་ལོ་རྒྱུས་རིགས་པ་ལྟར་ན་སྒྱུ་རྩལ་པ་ཞེས་དམུག་བསལ་བ་ཞིག་མེད་པ་འདྲ་དཔེར་ན་ལྷ་རུས་སྒྱུ་རྩལ་སོགས་སྤྱི་འགྲོས་ཙམ་ལས་སྒྱུ་རྩལ་པ་ཞེས་ཁྱད་འཕགས་ཅན་ཞིག་མེད་པ་འདྲ། དེ་སྔོན་སྒྱུ་རྩལ་པ་ཞེས་པ་ནི་རང་ཁ་གསོ་བའི་བཟོ་བ་དང་མགར་བ་དག་ལས་སྒྱུ་རྩལ་པ་ལ་དེ་འདྲའི་དོ་སྣང་བྱས་མེད་པས་སོ།། དེས་རྐྱེན་སྒྱུ་རྩལ་ནི་མིའི་བསམ་བློའི་འདུ་ཤེས་འཛིན་སྟངས་ཤིག་དང་དུས་ཀྱི་གསར་བརྗེ་ལས་བྱུང་བ་ཞིག་ཡིན། རྒྱུ་རྩལ་ནི་མིའི་སེམས་ཁམས་ལས་བྱུང་བ་ཞིག་ཀྱང་ཡིན་པས་སྒྱུ་རྩལ་ནི་སུ་ལ་ཡང་ཡོད་ཆོག་པ་ཞིག་ཀྱང་ཡིན་ཕྱིར་གང་གིས་སྒྱུ་རྩལ་པ་ནི་ཅིག་ཆར་ཁས་ལེན་པའི་བྱ་དངོས་ཤིག་མ་ཡིན།དེ་བཞིན་སྒྱུ་རྩལ་ཡོད་མཁན་ཞིག་ཡིན་ཚོདསྒྱུ་རྩལ་པ་མིན་པའི་གནས་ལུགས་འདི་ཞར་བྱུང་གི་ཤེས་དགོས།

གང་ལྟར་སྐབས་དོན་གྱི་བརྗོད་བྱ་གཙོ་བོ་སྒྱུ་རྩལ་མ་ཡིན་པས་སྒྱུ་རྩལ་གྱི་རིན་ཐང་དང་སྒྱུ་རྩལ་དང་སྒྱུ་རྩལ་པའི་བར་ཐག་དེ་ཙམ་གྱིས་ཆོག་པར་བྱས་ནས། སྐབས་དོན་བསྟན་བྱ་དགོས་ལ་འཇུག་པར་བྱ།

ཐོག་མའི་སེམས་ཚོར་དང་ཞོར་འབྱུང་གི་ཚོར་དངོས། དེ་ལ་དགུན་གནང་གི་ངལ་གསོའི་སྐབས་ལ་སྐུ་ཞབས་ཚ་བ་མདའ་སྨྱུག་ལགས་ཀྱི་ཕྱིར་རྟོག་ལ་མཇལ་བ་ཡིན།ཁོང་གིས་ཡིད་ཁམས་རྒྱལ་མཚོ་དྲག་ཏུ་སྐྱོམ་པའི་དབྱངས་སྙན་ཞེས་པ་ལས་བལྟས་རྗེས་ད་གཟོད་གླུ་བ་གླུ་མ་ཞེས་པ་ཅི་འདྲ་ཞིག་ཡིན་པ་ཚོར།དེ་ན་ད་སྔོན་བོད་ཀྱི་གླུ་བ་གླུ་མ་མིང་གྲགས་ཅན་ཆེད་སྒྲིགས་བརྒྱ་ལྷག་ཡོད་པའི་གླུ་བ་དེས་སྐོར་གྱི་གླུ་བ་གླུ་མ་ཚོས་གླུ་ལ་ཉན་སྣང་མི་བྲོ་བ་ཞིག་ཀྱང་བཟོས་སོང་།དེ་སྔོན་ང་རང་ཆེས་སྤྲོ་བའི་བོད་ཀྱི་གཞས་པ་གཞས་མ་དེ་ཚོས་ཀྱང་གླུ་ལ་སུན་པོ་བྱུང་།ཉིན་ཞིག་རྫོང་མཁར་ལ་སོང་བ་ཡིན་རྫོང་མཁར་ཆུང་ངུ་དེ་ན་རྒྱལ་རོང་བསྟན་པ་དབང་མོའི་རང་མདངས་ཞེས་པའི་གླུ་གཞས་ཆེད་སྒྲིགས་བརྙན་བཏོང་བ་དང་སྒྲ་བཏོང་བ་སོགས་རྫོང་མཁར་ཆུང་ཆུང་དེར་སྙན་འཇེབས་ཀྱི་ཀློང་ན་ཁུ་སུམ་མེར་གཉིད་དུ་གཡུར་བ་ལྟར་འཇམ་ཐང་གི་རི་དྭགས་ཀྱི་པུ་ཝང་ལ་ཉན་པ་བཞིན་ཉན་འདུག་པ་འདྲ།ངས་ཚོང་ར་ཞིག་ནས་རང་མདངས་ཞེས་པའི་ཡིག་འབྲི་ཆེན་པོའི་བྲིས་འདུག་པ་དང་མདུན་ངོས་སུ་བུ་མོ་མིག་རྩ་ཅུང་ཙམ་སྔོ་ཞིང་དུང་སོ་དཀར་ཞིང་ལན་བུ་མདུན་ལ་དཔྱངས་བའི་མཛེས་མ་ཞིག་གི་ངོ་གདོང་རྣལ་མ་ཞིག་ཨེ་མིན་སྙམ་པའི་རྒྱབ་ཤོག་ཅན་གྱི་ཟེར་སྡེར་ཞིག་ལ་སྒོར་ཉེར་ལྔ་སྤྲད་དེ་ཉོས་པ་ཡིན།དགོང་མོ་རང་ཁྱིམ་ལ་འོང་ནས་མོས་ཆེད་སྒྲིགས་རང་མདངས་ཞེས་པའི་བརྙན་འཁོར་དེ་ལ་བལྟས་པ་ཡིན་ཐོག་མར་མོས་འདྲ་ཕྱོགས་བསྡུས་ཀྱི་དཀར་ཆག་ལྟ་བུ་ཞིག་བཏང་སོང་།དང་ཐོག་ལྟ་བའི་ཚེ་ན་ཚིག་ཡག་པོ་ཞིག་མི་ལྡོབ་པའི་སྣང་བ་སྟེར་ཡང་རུམ་གྱིས་རུམ་གྱིས་ཐེངས་གསུམ་ལ་བལྟས་པ་ཡིན་སྐབས་ཐོག་དེར་ང་ལ་ཡང་བསྐྱར་ལྟ་འདོད་པའི་མདུན་པ་ཞིག་ཅིག་ཆར་སྐྱེས་སོང་།དེ་ནི་བུ་མོ་གཞོན་ནུ་ཞིག་གིས་སྒེག་ཉམས་ཀྱི་བསླུ་བྲིད་བྱེད་པ་དང་ཧ་ཅང་མཚུངས་ང་ལ་གླུ་བ་ཞེས་པ་ཅི་འདྲ་ཞིག་ཡིན་པ་སྔར་ལས་ཀྱང་ལྷག་པའི་ཚོར་བ་ཞིག་བྱུང་སོང་། མོ་ནི་ཅི་འདྲེས་གཞན་དང་མི་མཚུང་བ་ཞིག་རེད་མོས་བོད་ལ་གོན་ན་བོད་ཀྱི་རང་གཤིས་ལྡན་ཞིང་རྒྱ་ལ་གོན་ན་རྒྱ་མོ་ཡང་དག་ཅིག་དང་ཨ་ན་མ་ན་རེད། དེང་རབས་བོད་ཀྱི་བུ་མོ་ཚོས་རྒྱ་ལ་གོན་ཡང་གོན་ཤེས་ཀི་མེད་པ་འདྲ་བཅོས་མ་ཞིག་གི་རྣམ་པ་དེ་བརྔམ་བརྔམ་ཤིག་ཤིག་གིས་སྟེར་འོང་མོས་ནུབ་ཆས་གྱོན་པ་ནི་ཅི་འདྲེས་དག་གཙང་ཞིག་རེད་ཨང་།གཅིག་བཤད་ན་མོ་ལ་ཐུན་མོང་མ་ཡིན་པའི་བོད་ཀྱི་བུ་མོས་གཤིས་ཀ་སྟེ་ཞི་འཇམ་ངང་བཟང་གི་གཤིས་ཀ་ཞིག་འདུག་པར་མ་ཟད་མོ་དེང་རབས་རང་བཞིན་གྱི་བུ་མོ་ཞིིག་ཀྱང་ཡིན་པའི་སྣང་ཚུལ་སྟེར་འོང་།གང་ལྟར་ཁོ་མོ་བོད་ཀྱི་བུད་མེད་གཞས་མ་མིང་གྲགས་ཅན་ཞིག་ཏུ་འགྱུར་བ་ལ་ནི་ཐེ་ཚོམས་ཅི་ཡང་མེད་པས་ང་དང་ང་ལྟ་བུ་མོ་ལ་ཡིད་ཆེས་དང་རེ་བ་ཅན་དག་གི་སྔ་ས་ནས་གངས་ཅན་གཞས་མ་བསྟན་པ་དབང་མོ་ལ་རྟེེན་འབྲེལ་ཞུས་ན་འགྲིག ད་དུང་མོས་གཞས་ཚིག་དང་གཞས་གདངས་ཀྱང་ད་བར་གྱི་གླུ་བ་གླུ་མ་དག་གི་བསྐྱར་ཟློས་དང་བརྐུ་བཤུ་བྱེད་བཞིན་པ་དང་མི་འདྲ་བའི་རྐྱེན་གྱིས་མོས་མཛེས་སྡུག་ལྡན་པའི་ལངས་ཚོས་སྒེག་ཉམ་དང་སྐད་ངག་ཁུ་བྱུག་ལྟར་སྙན་པའི་གྲེ་འགྱུར་ལ་མཛེས་ཆ་གསར་བ་ཞིག་གནང་ཡོད་པ་རེད། ཁོ་མོས་གླུ་རེ་རེས་ཚིག་དང་གདངས་མི་འདྲ་བ་ཅི་བཞིན་ཉམས་དང་མི་འདྲ་བ་རེད་ད་བར་གྱི་ང་རྒྱལ་ཅན་གྱི་ཡོན་ཏན་གང་ཡང་མེད་པའི་གཞས་པར་རློམ་མཁན་གྱི་ཕྱུགས་རྫི་ཚོ་དང་མི་འདྲ་བར་སྒེག་ཉམས་རེ་སྟོན་གིན་འདུག དེས་ཚེ་ངས་ཁྱོད་རང་བོད་ཀྱི་གླུ་མ་ཞིག་ཡིན་པ་ཐེ་ཚོམ་སྐྱེས་འོང་རྒྱུ་མཚན་ཁྱོད་ཀྱི་མིག་གི་བལྟ་ཚུལ་དང་ལུས་ཀྱི་ཉམས་འགྱུར་ངག་གི་འགྱུར་ཁུག་མཐའ་དག་རྒྱ་ནག་གི་གྲགས་དཀར་ཞིག་དང་ཁྱད་པར་མ་འདུག་ངོ་མ་གྲགས་དཀར་བརྙན་འཁྲབ་པ་ཞིག་དང་ཁྱད་པར་མི་འདུག ཡང་ན་གཞོན་གཞས་མ་བསྟན་པ་དབང་མོ་ལ་མཚོན་ན་དུས་རབས་ཉེར་གཅིག་གི་འཁྱོག་འཚམས་འདི་ཡི་བོད་ཀྱི་གསར་བྱུང་གླུ་མ་ཞིག་དང་བོད་ཀྱི་ཡང་བསྐྱར་གླུ་ངག་གི་ཞིང་ས་རུ་འཁྲུངས་བའི་སེར་ཆེན་མེ་ཏོག་རྐང་གཅིག་རེད། ཁོ་མོས་མཛེས་སྡུག་གི་བརྙན་གཟུགས་ལ་ཅེར་བའི་ཁོ་བོ་ལ་མཚོན་ན་ཁོ་མོ་ནི་སྔོན་གྱི་གྲེ་འགྱུར་རྒྱལ་མོ་དབྱངས་ཅན་མ་ཞེས་གྲག་པ་ལས་ཀྱང་དབྱངས་ཅན་མ་དེ་ཨེ་ཡིན་འདོད་མྱོང་། ངས་གཞན་དག་ལ་ཁོ་མོ་ངོ་སྤྲོད་བྱས་པའི་ཚེ་ན་རྒྱལ་རོང་བསྟན་པ་དབང་མོ་ངོ་མ་སྐད་ངག་ས་ལམ་ན་འཁྲུངས་བའི་བརྒྱ་ཚོགས་སྟོང་འདུས་དབུས་ཀྱི་མི་མོ་ཞིག་སྟེ་ཁོ་མོ་ནི་གནའ་དེང་ཟུང་འབྲེལ་གྱི་བོད་ཀྱི་བུ་མོ་གཤིས་བཟང་ཡ་རབས་ཤིག་ཡིན་པ་དང་ཁོ་མོ་ནི་མི་རིགས་ཤིག་གི་སྐད་ངག་གི་རྒྱལ་མོ་དེ་ཡིན་ཞེས་བཤད་པར་བྱ། རང་མདངས་ལས་ལྷག་པའི་རང་མདངས་དང་རླུང་རྟ་ཡར་འགྲོ།

ཁོ་མོས་འཛུམ་གྱིས་གང་བའི་ངོ་གདོང་དེ་མཐོང་ཐེངས་རེ་ན་ང་ལ་སྤྲོ་སྣང་བླ་མེད་ཅིག་སྟེར་གིན་འདུག ངོ་མ་དེ་ནི་ཁོ་མོས་རང་མདངས་ཡིན་པ་འདྲ་མོས་ནམ་རྒྱུན་བོད་ཅིག་ཡིན་པས་དགའ་བ་ཞེས་བཤད་པ་ལས།བོད་ཀྱི་འཁྲབས་སྟོན་པ་དང་སྒྱུ་རྩལ་པ་འགའ་རེ་འདྲ་བར་སྐྱོ་སྣང་ཡེ་ནས་འདོན་མྱོང་མེད་པ་འདྲ། ཁོ་མོས་རང་མདངས་ནི་བོད་ཀྱི་རང་མདངས་རེད་ཅེས་བཤད་ན་ཡང་སྐྱོན་ཅི་ཡང་མེད་པ་འདྲ་མོས་ཁྱོན་གླུ་བཅུ་གསུམ་བསླང་འདུག་ཅིང་དེའི་ནང་གི་གླུ་གཞས་བཞི་མ་གཏོགས་གཞན་དགུ་པོ་བོད་གླུ་ཡིན་པ་རེད།དེས་མོ་བོད་ཡིན་པ་དང་བོད་ཀྱི་གླུ་གཞས་ལ་དགའ་དུང་ཡོད་པ་ཤེས་ཤིང་མོ་རང་དེང་རབས་བོད་ཀྱི་གཞས་པར་རློམ་མཁན་ཚོ་དང་མི་འདྲ་བར་རིག་གནས་ཅན་ཞིག་ཡིན་པ་ཤེས་ཐུབ། མོ་ནི་ངོ་མ་གླུ་གཞས་སྒྱུ་རྩལ་གྱི་བྱུག་ཡོད་པའི་གཞས་མ་ཞིག་རེད་མོ་ནི་གངས་ཅན་པའི་རྒྱན་ཞིག་ཀྱང་་མིན་ནམ་སྙམ་མོས་སྐད་ངག་གི་གྲེ་འགྱུར་རེ་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་འདུག་ཅིང་མོས་གླུ་ངག་གི་ཞིང་ས་ན་རི་དྭགས་ཀི་པི་ཝང་ལ་ཉན་པ་ནང་བཞིན་གྱི་ང་དང་ང་འདྲ་བའི་སྐད་ངག་གི་སྒྱུ་རྩལ་ལ་འཐམ་ཡོད་པ་ཚོས་རྟོགས་ཐུབས།

མོས་སྐད་ངག་ནི་ཕྲ་ཡང་མི་ཕྲ་ལ་སྤོམ་ཡང་མི་སྤོམ་ཞིང་སྐད་ངག་འགུག་སྟངས་ཀྱི་ཆ་ནས་ཀྱང་མཐོ་ཡང་མི་མཐོ་ལ་མནའ་ཡང་མི་དམའ་བའི་ཚད་ལ་རན་པའི་སྐད་ངག་སྙན་པོ་འདུག མོས་བརྙན་འཁོར་རང་མདངས་ནི་ང་ལ་མཚོན་ན་ཧ་ཅང་གི་རིན་ཐང་ཅན་ཞིག་ཡིན། རྒྱུ་མཚན་ང་རང་དེ་སྔོན་གཞས་པ་གཞས་མ་སུས་ཀྱང་འདི་འདྲའི་ཚོར་བ་ཟབ་མོ་ཞིག་སྟེར་མ་མྱོང་། ང་རང་གང་ལ་སོང་ན་ཡང་མོས་བརྙན་སྡེར་རང་མདངས་ཆོས་གོས་བཞིན་བྲལ་གིན་མེད།ངས་ཁོ་མོས་གསུང་སྙན་གྱི་གླུ་ངག་རེ་ལ་ཉན་ཐེངས་རེ་དང་ཁོ་མོས་ལངས་ཚོས་འཇོ་སྒེག་ལ་བལྟ་ཐེངས་རེ་རྒྱལ་རོང་ཡུལ་གྱི་བྱ་ཞིག་ཡིན་ན་བསམ་བྱུང་།ཁོ་མོས་གླུ་ངག་ལ་ཅི་ལྟར་ཉན་ཡང་སུན་པོ་མི་འདུག་ཅིང་མོས་གླུ་ངག་ལ་ཉན་ཐེངས་རེར་སྔར་ལས་ལྷག་པའི་ཉན་འདོད་དང་སྤྲོ་བ་ཞིག་ཅིར་ཆར་སྐྱེས་འོང་། ཁོ་མོས་བརྙན་སྡེར་རང་མདངས་ནི་ཁོ་མོས་རང་མདངས་ཡིན་ལ་བོད་ཀྱིས་ཀྱང་རང་མདངས་ཤིག་ཏུ་གྱུར་ཡོད་ཁོ་མོས་གླུ་ངག་སྒྱུ་རྩལ་རེ་རེ་ནི་ཚྭ་མདས་སྐལ་བཟང་མེ་ཏོག་གླེང་བ་མ་གཏོགས་གཞན་གང་ལ་ཡང་ཡོད་པ་མ་མཐོང་། ང་ཚོས་གཞས་པ་གཞས་མ་འགའ་རེས་ནམ་རྒྱུན་བསྟོད་གླུ་རྐྱང་རྐྱང་དང་གསོལ་འདེབས་རྐྱང་བ་བཏང་ནས་སྒོར་མོ་མ་གཏོགས་སྒྱུ་རྩལ་ལ་དོ་སྣང་བྱེད་ཀི་ཡོད་པ་མ་རེད། ད་དུང་ཚིག་བཤུ་འབྲི་བྱས་ཤིང་གདངས་ཀྱང་བཅོས་བསྐྱུར་ཅུང་རེ་བྱས་ཏེ་རང་གིས་བརྩམས་པར་བཞེད་པ་རེད།

གང་ལྟར་བསྟན་པ་དབང་མོ་ནི་བོད་ཀྱི་དེང་རབས་གཞོན་གསར་གཞས་མ་མིང་གྲགས་ཅན་དང་ཤེས་ཡོན་ཅན་གླུ་ངག་སྒྱུ་རྩལ་མཁན་གཞོན་ནུ་མ་ཞིག་ཏུ་འགྱུར་བར་སྨོན་འདུན་སྙིང་ནས་ཞུ། མཇུག་མཐར་ཁོ་མོས་སླར་ཡང་སྒྱུ་རྩལ་གྱི་བྱུག་པའི་སྐད་ངག་གི་ས་ལམ་གསར་བ་ཞིག་སྟེ་བརྙན་འཁོར་གསར་བ་གང་མང་ཞིག་ལ་ཁོ་བོས་ཁུ་ཡུག་གི་གནམ་ཆུ་ལ་སྒུག་པ་ལྟར་སྒུག་ངེས་ཡིན་པས་ཁོ་མོས་སྔར་ལས་ཀྱང་ལྷག་པའི་སྒྱུ་རྩལ་གྱི་དགའ་སྟོན་ཞིག་བཤམས་པར་སྙིང་ནས་སྐུལ་བ་ཡིན། དེ་ན་ཁོ་མོའི་སྙན་གྲགས་ཕྱོགས་བཞི་ཐ་གྲུ་ཀུན་ཏུ་ཁྱབ་ཅིང་ཁོ་མོས་རང་མདངས་ཀྱང་སྔར་ལས་ཀྱང་འཕགས་པའི་རང་མདངས་ཤིག་ཏུ་འགྱུར་བའི་སྨོན་པ་ཡང་ནས་ཡང་དུ་འདེབས།

འོས་ལངས་འཕྲིན་སྟེགས།

 

·རྩོམ་ཡིག་གོང་མ:བོད་ཀྱི་སློབ་གསོ་བ་གྲགས་ཅན་ཨ་ཁུ་ཉི་མ་ངོ་སྤྲོད་མདོར་བསྡུས།
·རྩོམ་ཡིག་འོག་མ:འཛམ་གླིང་ཞི་ཞིང་བདེ་བའི་མན་ངག་འདྲ་མཉམ་གྱི་འཚོ་གནས་བརྗོད་པ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:zyrmvwr
BynQkz  <a href="http://zipsmxzwfrxe.com/">zipsmxzwfrxe</a>, [url=http://pmhoydnihxzd.com/]pmhoydnihxzd[/url], [link=http://avpfngnnenhc.com/]avpfngnnenhc[/link], http://jyrfciqudhhm.com/
发表时间:2015/12/4 18:55:48 [来自: 146.185.234.48]

འབྲེལ་ཡོད་དཔྱད་བརྗོད 1 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS