ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
 རྩོམ་ཡིག་ཀློག་པ།

རྐང་འཁོར་དེ།

  རྩོམ་པ་པོ:བྱ་གཞུང་དབྱངས་བྷ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:12592ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/5/17 21:13:14ཚོགས་ཡར་སྤྲོད:admin
རྐང་འཁོར་དེ།
 
---གྲོགས་མི་ལ་ཙི་ཙི་སོགས་ལ།
 
བྱ་གཞུང་དབྱངས་བྷ།
 
རྐང་འཁོར་དེའི
འཁོར་ལོ་མདུན་མ་ཚ་བ་དང་རྒྱབ་མ་འཁྱག་པ་རེད
རྐང་འཁོར་དེའི
གཡས་ལ་རྨི་ལམ་བཀལ་ཅིང་གཡོན་ལ་སེམས་ཁྲལ་བཏགས་ཡོད
རྐང་འཁོར་དེའི
ཚ་བས་ཁྲིད་ཅིང་འཁྱགས་པས་དེད་ནས
ཉི་མ་ལྷ་སར་སླེབས་སོང
 
ལྷ་སའི་ཉི་འོད་ཁྲོད་དུ རྐང་འཁོར་དེ
གཡུལ་སའི་དུད་སྨུག་ལས་ཐོན་པའི་རྟ་ཕོ་ཞིག་དང་འདྲ
རྨ་ཁར་ལྕེ་ལྡག་བྱེད་ཀྱིན་པའི་སྤྱང་ཀི་ཞིག་དང་འདྲ
ཕྱེད་ཀ་འོད་སྣང་དང་ཕྱེད་ཀ་གྲིབ་མས་གཡོགས་པའི
ཁ་ལ་ཆུ་རིས་འཁྲིགས་ཤིང་གཏིང་ལ་ཞེད་སྣང་སྦས་པའི
འདར་སིག་རྒྱག་གིན་པའི་    ཚ་བས་སྲེག་གིན་པའི
ཨ་མའི་སྤྱན་རས་གཉིས་དང་འདྲ
རྐང་འཁོར་དེས
ཁྱོད་ཀྱི་མིག་ལ་རི་མོ་ཞིག་བྲིས་ཏེ་ཡོང་བ་བཞིན
ངའི་སེམས་ཁོང་ལ་རྗེས་ཤུལ་ཞིག་བརྐོས་ཏེ་བུད་འགྲོ
 
              2015-5-5-15 ཉིན་ལྷ་ས་ནས།
 
གསལ་བཤད།   གྲོགས་མི་ལ་ཙི་ཙིའམ་ཕུན་ཚོགས་རྒྱལ་ལགས་སྤྱི་ཟླ་བཞི་པའི་ཚེས་༢ཉིན་མདོ་སྨད་ཟི་ལིང་མཁར་ནས་རྐང་འཁོར་ཞོན་ཏེ་གཅིག་པུ་ལམ་ལ་ཆས་ཤིང་།  མདོ་སྟོད་སྨད་ཀྱི་ས་ཆ་མང་པོ་བརྒྱུད་ནས་(ལམ་ཐག་སྤྱི་ལེ་༣༦༥༡)དེ་རིང་ཉིན་གུང་གཞི་ནས་ཉི་མ་ལྷ་སར་འབྱོར། ལྷ་སར་ཉིན་འགར་ངལ་གསོ་བརྒྱབ་རྗེས་མུ་མཐུད་མངའ་རིས་སོགས་ས་ཆ་གཞན་དག་ལ་འགྲུལ་སྐྱོད་གནང་འཆར་ཡོད་འདུག  ཁོང་ལ་བར་ཆད་མེད་པའི་སྨོན་ལམ་ཞུ།
·རྩོམ་ཡིག་གོང་མ:སྣ་འཛོམས་དམངས་གཞས།
·རྩོམ་ཡིག་འོག་མ:གསང་སྔགས་ཡི་གེ་བརྒྱ་པའི་གོ་དོན་དང་ཕན་ཡོནབཞུགས།།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:brxblhzkgqc
4pH6ga  <a href="http://fknjaopyeqdx.com/">fknjaopyeqdx</a>, [url=http://amhwrrcphecd.com/]amhwrrcphecd[/url], [link=http://ddwxctdqoeck.com/]ddwxctdqoeck[/link], http://drqnmrwerflo.com/
发表时间:2016/10/24 19:47:22 [来自: 46.161.9.32]

འབྲེལ་ཡོད་དཔྱད་བརྗོད 1 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS